དབུ་ཤོག>ཆེད་སྒྲིག
  • ཀྲུང་གུང་གི་འཐུས་མི་ཚོགས་ཆེན་ཐེངས་དང་པོའི་དྲན་གསོ་ཁང་སྒོ་ཕྱེ་བ།

  • ཡོང་ཁུངས།  ཤིན་ཧྭ་གསར་འགྱུར་ཁང་།   |     རྩོམ་པ་པོ།  次旦多吉   |     སྤེལ་དུས།  2021-06-07

    610645_yis_1622822400000_s.jpg

    འདི་ནི་ཟླ་6ཚེས་3ཉིན་ལྟ་སྐོར་བས་ཀྲུང་གོ་གུང་ཁྲན་ཏང་རྒྱལ་ཡོངས་འཐུས་མི་ཚོགས་ཆེན་ཐེངས་དང་པོའི་དྲན་གསོ་ཁང་དུ་ལྟ་སྐོར་བྱེད་བཞིན་པ།

    ཧྲང་ཧའེ་གྲོང་ཁྱེར་དུ་གནས་པའི་ཀྲུང་གོ་གུང་ཁྲན་ཏང་རྒྱལ་ཡོངས་འཐུས་མི་ཚོགས་ཆེན་ཐེངས་དང་པོའི་དྲན་གསོ་ཁང་ཚེས་3ཉིན་སྒོ་ཕྱེ་བ་དང་དེའི་ནང་གཞི་རྩའི་བཤམས་སྟོན“རླབས་ཆེན་གྱི་འགོ་འཛུགས—ཀྲུང་གོ་གུང་ཁྲན་ཏང་དབུ་བརྙེས་པའི་ལོ་རྒྱུས་ཀྱི་བཤམས་སྟོན”ཡོད་པ་དང་ཏང་དབུ་བརྙེས་རིང་གི་གསར་བརྗེའི་རིག་དངོས་གཅིག་སྡུད་ཐོག་འགྲེམས་སྟོན་བྱས་ཡོད་པ་རེད།

    ཀྲུང་གུང་གི་འཐུས་མི་ཚོགས་ཆེན་ཐེངས་དང་པོའི་དྲན་གསོ་ཁང་དེ་ཀྲུང་གུང་གི་འཐུས་མི་ཚོགས་ཆེན་ཐེངས་དང་པོ་འཚོགས་ཡུལ་དང་། དམ་འཇོག་ཚོམས་ཆེན། གསར་སྐྲུན་འགྲེམས་ཁང་སོགས་ཁག་གསུམ་ལས་གྲུབ་ཡོད། གསར་སྐྲུན་བྱས་པའི་འགྲེམས་ཁང་དེ་ཧྲི་ཁུའུ་མོན་གྱི་བཟོ་སྐྲུན་རྣམ་པ་དང་གཅིག་མཚུངས་ཡིན། གཞི་རྩའི་བཤམས་སྟོན་གྱི་འགྲེམས་ཁང་གསར་པའི་རྒྱ་ཁྱོན་སྨི་ངོས་གྲུ་3000ལྷག་ཙམ་ཟིན་པ་དང་འགྲེམས་ཁང་དུ་ཉར་ཚགས་བྱས་པའི་རིག་དངོས་ཆ་ཚང་ཁྲི་12དང་ཉེ་བའི་ལོ་ཤས་རིང་རྒྱལ་སྤྱི་དང་རྒྱལ་ནང་ནས་གསར་དུ་བསྡུ་རུབ་བྱས་པའི་ཡིག་ཚགས་ལོ་རྒྱུས་དཔྱད་གཞིའི་ཁྲོད་དྲན་གསོ་ཁང་གིས་རིག་དངོས་འགྲེམས་རྫས་612བཏོན་པ་དེ་དེ་སྔའི་གཞི་རྩའི་བཤམས་སྟོན་དང་བསྡུར་ན་རིག་དངོས་ཀྱི་གྲངས་འབོར་ཆེས་མང་དུ་ཕྱིན་ཡོད། རིགས་ཁག་གི་པར་རིས་དང་སྒྱུ་རྩལ་འགྲེམས་སྟོན་སོགས་ཚུད་པའི་འགྲེམས་རྫས་ཀྱི་གྲངས་འབོར་དེ་སྔའི་278ནས་1168བར་མང་དུ་ཕྱིན་ཡོད།

    འགན་འཁུར་རྩོམ་སྒྲིག་པ། 

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།