དབུ་ཤོག>ཆེད་སྒྲིག
  • བོད་ཀྱི་སྐྱེ་ཁམས་ཁོར་ཡུག་གི་སྤུས་ཚད་རྒྱུན་མཐུད་ཡག་པོ་བྱུང་བ།

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།   |     སྤེལ་དུས།  2021-06-07

    610636_yis_1622822400000_s.jpg

    འདི་ནི་འབྲོང་པ་རྫོང་ཁོངས་སུ་ཅི་དགར་རོལ་བཞིན་པའི་རྐྱང་ཡིན་པ།

     ཚེས་3ཉིན། རང་སྐྱོང་ལྗོངས་མི་དམངས་སྲིད་གཞུང་གསར་འགྱུར་གཞུང་དོན་ཁང་གིས་བོད་རང་སྐྱོང་ལྗོངས་ཀྱི་སྐྱེ་ཁམས་ཁོར་ཡུག་གི་གནས་ཚུལ་ཡོངས་བསྒྲགས་ཚོགས་འདུ་འཚོགས་ནས། 《2020ལོའི་བོད་རང་སྐྱོང་ལྗོངས་ཀྱི་སྐྱེ་ཁམས་ཁོར་ཡུག་གནས་ཚུལ་སྤྱི་བསྒྲགས》ཡོངས་བསྒྲགས་བྱས་པ་དང་། དེའི་ནང་ཆུ་དང་། རླུང་ཁམས་ཆེན་པོ། སྐད་སྒྲ། ས་རྒྱུ། འགྱེད་འཕྲོ། སྤང་ལྗོངས། ནགས་ཚལ། འདམ་ར། སྐྱེ་དངོས་སྣ་མང་རང་བཞིན་སོགས་ཀྱི་གཞི་རྩའི་གནས་ཚུལ་ཚུད་ཡོད། སྤྱི་བསྒྲགས་ལས་མངོན་གསལ། 2020ལོར་བོད་ཀྱི་སྐྱེ་ཁམས་ཁོར་ཡུག་གི་སྤུས་ཚད་གནས་ཚུལ་སྤྱི་ཡོངས་རྒྱུན་མཐུད་བརྟན་པོ་བྱུང་བ་དང་བོད་ནི་སྔར་བཞིན་འཛམ་གླིང་སྟེང་གི་སྐྱེ་ཁམས་ཁོར་ཡུག་གི་སྤུས་ཚད་ཡག་ཤོས་ཀྱི་ས་ཁུལ་གྲས་ཤིག་ཡིན།

    རང་སྐྱོང་ལྗོངས་སྐྱེ་ཁམས་ཁོར་ཡུག་ཐིང་གི་ཐིང་ཀྲང་གཞོན་པ་ཧྲུའེ་ཡན་ཕིང་གིས། 2020ལོར་རང་ལྗོངས་ཀྱི་ཆུ་བོ་དང་། གཙང་པོ། མཚོ་བཅས་གཙོ་བོའི་ཆུའི་སྤུས་ཚད་སྤྱི་ཡོངས་རྒྱུན་མཐུད་ཡག་པོ་བྱུང་ནས་རྒྱལ་ཁབ་ཀྱིས་གཏན་འཁེལ་བྱས་པའི་དེ་མཚུངས་ཆུ་རྒྱུད་ཀྱི་ཁོར་ཡུག་སྤུས་ཚད་ཀྱི་ཚད་གཞིར་སླེབས་ཡོད། རྫ་ཆུ་དང་། འབྲི་ཆུ། ཡར་ཀླུང་གཙང་པོ། རྒྱལ་མོ་རྔུལ་ཆུའི་ཆུ་གཞུང་ཨ་མ་བཅས་ཀྱི་ཆུའི་སྤུས་ཚད《ས་ངོས་ཆུའི་ཁོར་ཡུག་སྤུས་ཚད་ཀྱི་ཚད་གཞིའི》རིགས་IIཡི་ཚད་གཞིར་སླེབས་པ་དང་། ལྷ་ས་སྐྱིད་ཆུ་དང་། མྱང་ཆུ། ཉང་ཆུ་སོགས་གྲོང་ཁྱེར་དང་གྲོང་རྡལ་གཙོ་བོར་བཞུར་བའི་གཙང་པོའི་ཆུའི་སྤུས་ཚད་རིགས་IIIཡི་ཚད་གཞིར་སླེབས་ཡོད། ཆུ་འགོ་ཇོ་མོ་གླང་མ་ནས་ཡིན་པའི་རོང་ཕུ་ཆུའི་སྤུས་ཚད་རིགས་Iཡི་ཚད་གཞིར་སླེབས་ཡོད་ཅེས་ངོ་སྤྲོད་བྱས་པ་རེད།

    ལྗོངས་ཡོངས་ཀྱི་ཁོར་ཡུག་དང་མཁའ་རླུང་གི་སྤུས་ཚད་སྤྱི་ཡོངས་རྒྱུན་མཐུད་ཡག་པོ་ཡོད་པ་དང་། ལྗོངས་ཡོངས་ཀྱི་ཁོར་ཡུག་དང་མཁའ་རླུང་ཡག་པའི་ཉིན་གྲངས་ཀྱི་ཆ་སྙོམས་བསྡུར་ཚད་ནི་99.4%ཡིན། ཇོ་མོ་གླང་མའི་ཁོངས་གཏོགས་ཀྱི་ཁོར་ཡུག་དང་མཁའ་རླུང་གི་སྤུས་ཚད་མུ་མཐུད་རྣམ་པ་བཟང་པོ་མངོན་ནས་རིམ་པ་དང་པོའི་ཚད་གཞིར་སླེབས་ཡོད། སྐད་སྒྲའི་ཁོར་ཡུག་ཐད་ལྷ་ས་གྲོང་ཁྱེར་དང་། གཞིས་རྩེ་གྲོང་ཁྱེར། ཉིང་ཁྲི་གྲོང་ཁྱེར། ཆབ་མདོ་གྲོང་ཁྱེར་བཅས་ཀྱི་སྐད་སྒྲའི་ཁོར་ཡུག་གི་སྤུས་ཚད་རྒྱུན་མཐུད་བརྟན་པོ་བྱུང་ཡོད། ལྗོངས་ཡོངས་ཀྱི་འགྱེད་འཕྲོའི་ཁོར་ཡུག་གི་སྤུས་ཚད་རྒྱུན་མཐུད་ཡག་པོ་བྱུང་ཡོད།

    འགན་འཁུར་རྩོམ་སྒྲིག་པ། 次旦多吉

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།