དབུ་ཤོག>ཆེད་སྒྲིག
  • ཏང་གི་རྗེས་སུ་འབྲངས་ནས་རི་འགོག་མཐར་ཕྱིན་པ་བྱེད་དགོས།

  • ཡོང་ཁུངས།  མི་དམངས་ཉིན་རེའི་ཚགས་པར།   |     རྩོམ་པ་པོ།  མཱ་ཁྲེན།   |     སྤེལ་དུས།  2021-06-05

    611023_yis_1622822400000_s.jpg

    འདི་ནི་མཱ་པིན་ཀྲའེ་ཡི་འདྲ་པར་ཡིན་པ། (དཔྱད་གཞིའི་པར་རིས)

    མཱ་པིན་ཀྲའེ་ནི་1902ལོར་ཧོ་པེ་ཞིང་ཆེན་ཤན་རྫོང་གི་ཧུད་རིགས་ཞིང་པ་དབུལ་པོ་ཞིག་གི་ཁྱིམ་དུ་འཁྲུངས། ལོ་ན་ཆུང་དུས་ཧྥེང་དམག་ཏུ་དམག་མི་བྱས་ནས་རིམ་བཞིན་ཐོན་ཀྲང་ལ་བསྐོས།

    ལུའུ་ཀོའུ་ཆའོ་ཟམ་པའི་དུས་འགྱུར་བྱུང་རྗེས། རི་པིན་བཙན་འཛུལ་དམག་གིས་མཱ་པིན་ཀྲའེ་ཡི་ཕ་ཡུལ་ཧོ་པེ་ཤན་རྫོང་རྒྱུད་དུ་བཙན་འཛུལ་བྱས་ཏེ་བསྲེགས་གསོད་གཡེམ་འཕྲོག་གི་ཉེས་སྤྱོད་ཡོད་ཚད་སྤེལ། མཱ་པིན་ཀྲའེ་ཡིས་ཕ་ཡུལ་དུ་ཧུད་རིགས་རི་འགོག་བློས་བླངས་རུ་ཁག་སྒྲིག་འཛུགས་བྱས་ནས་དཔའ་ངར་ཆེན་པོས་རི་པིན་བཙན་འཛུལ་དམག་ལ་ཕར་རྒོལ་བྱས། 1938ལོའི་ཟླ་4པར། ཁོང་གིས་དཔུང་སྡེའི་སྣེ་འཁྲིད་དེ་དམག་སྡེ་བརྒྱད་པར་ཞུགས་པ་དང་། དཔུང་སྡེ་དེའི་སྒྲིག་ཁོངས་ཧོ་པེ་དབུས་རྒྱུད་དམག་ཁུལ་ཁང་ཧུད་རིགས་སློབ་སྟོན་སྤྱི་ཁྱབ་རུ་ཁག་ལ་བསྒྱུར་ནས་ཁོང་གིས་སྤྱི་ཁྱབ་རུ་དཔོན་གྱི་འགན་བཞེས། 1938ལོའི་ཟླ་10པར། མཱ་པིན་ཀྲའེ་གཟི་བརྗིད་ལྡན་པའི་སྒོ་ནས་ཀྲུང་གོ་གུང་ཁྲན་ཏང་ལ་ཞུགས།

    1939ལོར། ཧུད་རིགས་སློབ་སྟོན་སྤྱི་ཁྱབ་རུ་ཁག་གི་སྒྲིག་ཁོངས་དམག་སྡེ་བརྒྱད་པ་ཙུང་ཏུའེ་རུ་ཁག་གསུམ་པའི་ཧུད་རིགས་ཉིང་ལག་རུ་ཁག་ཏུ་བསྒྱུར་བ་དང་མཱ་པིན་ཀྲའེ་ཡིས་སི་ལིང་ཡོན་གྱི་འགན་བཞེས། 1942ལོའི་ཟླ་8པར། ཧུད་རིགས་ཉིང་ལག་རུ་ཁག་གིས་བཀའ་ལྟར་ཧོ་པེ་དང་། ཧྲན་ཏུང་། ཧོ་ནན་བཅས་རི་འགོག་གནས་གཞིའི་ཁུལ་དུ་བསྐྱོད་ཅིང་། ཁོང་གིས་ཧོ་པེ་དང་། ཧྲན་ཏུང་། ཧོ་ནན་དམག་ཁུལ་ཁང་ཡན་ལག་དམག་ཁུལ་ཁང་གསུམ་པའི་སི་ལིང་ཡོན་དང་ཧུད་རིགས་ཉིང་ལག་རུ་ཁག་གི་སི་ལིང་ཡོན་གྱི་འགན་གཅིག་ལྕོགས་བཞེས།

    1937ལོ་ནས་1944ལོའི་བར། མཱ་པིན་ཀྲའེ་ཡིས་དཔུང་སྡེ་དེའི་ཧུད་རིགས་དང་རྒྱ་རིགས་འཐབ་འཛིང་པར་བཀོད་འདོམས་གནང་ནས་རི་པིན་དང་སྲིད་གཞུང་རྫུས་མའི་དམག་དང་དམག་འཐབ་ཆེ་ཆུང་ཐེངས་870ལྷག་ཙམ་བརྒྱབ་སྟེ་རི་པིན་དང་སྲིད་གཞུང་རྫུས་མའི་དམག་མི་ཁྲི་3.6ལྷག་ཙམ་རྩ་མེད་དུ་བཏང་བ་དང་དགྲ་བོ་བླ་འདར་དགོས་པ་བཟོས་པས་མའོ་ཙེ་ཏུང་གིས“ལན་བརྒྱ་འཐབ་ན་ལན་བརྒྱ་རྒྱལ་བའི་ཧུད་རིགས་ཉིང་ལག་རུ་ཁག”ཅེས་བསྟོད་ཡོད།

    དུས་ཡུན་རིང་པོ་ག་བསྒྱུར་དམག་འཐབ་གནང་བར་བརྟེན་མཱ་པིན་ཀྲའེ་ལ་དུབ་ནད་ཕོག་ཤིང་། 1944ལོའི་ཟླ་དང་པོར་ཧུད་རིགས་ཉིང་ལག་རུ་ཁག་གིས་བཀའ་ལྟར་ཡན་ཨན་དུ་དཔུང་སྐྱོད་ཀྱི་མཚམས་སུ། ནད་ཀྱིས་མནར་བཞིན་དུ་ཁོང་གིས་དཔུང་སྡེར་སྐུལ་སློང་སྙན་ཞུ་མཐའ་མ་དེ་གནང་བ་དང་། བློ་མཐུན་ཚོར“ཏང་དང་མའོ་ཙེ་ཏུང་གི་རྗེས་སུ་འབྲངས་ནས་རི་འགོག་མཐར་ཕྱིན་པ་བྱེད་དགོས”ཅེས་མངགས་ཡོད། ལོ་དེའི་ཟླ་2ཚེས་7ཉིན། མཱ་པིན་ཀྲའེ་ཧོ་པེ་དང་། ཧྲན་ཏུང་། ཧོ་ནན་དམག་ཁུལ་ཁང་གི་རྒྱབ་ཕྱོགས་སྨན་ཁང་དུ་ནད་གཞིས་རྐྱེན་པས་སྐུ་གཤེགས་ཤིང་། སྐབས་དེ་དུས་དགུང་ལོ་42རེད།

    འགན་འཁུར་རྩོམ་སྒྲིག་པ། 次旦多吉

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།