དབུ་ཤོག>ཆེད་སྒྲིག
  • ཀུན་སེམས་གཅིག་ཏུ་བསྒྲིལ་ནས་རྒྱང་སྐྱོད་ཀྱི་ལམ་བུ་གསར་པར་བསྐྱོད་པ།

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།   |     རྩོམ་པ་པོ།  德吉普尺   |     སྤེལ་དུས།  2021-06-05

    610638_yis_1622822400000_s.jpg

    (དཔྱད་གཞིའི་པར་རིས) འདི་ནི་ལྷ་ས་གྲོང་ཁྱེར་སློབ་ཆུང་དང་པོ་བཙུགས་ནས་ལོ་ངོ་60འཁོར་བར་རྟེན་འབྲེལ་ཞུ་བའི་སྐབས་སློབ་གྲྭ་དེའི་སློབ་མས་གཟབ་མཆོར་ལེགས་པར་སྤྲས་ཏེ་ཕོ་བྲང་པོ་ཏ་ལའི་ཐང་ཆེན་དུ་དྲན་རྟེན་མཉམ་པར་རྒྱག་བཞིན་པ།

    བོད་ཞི་བས་བཅིངས་འགྲོལ་བཏང་ནས་ལོ་ངོ་70ཡི་རིང་། ཏང་ཀྲུང་དབྱང་གི་དམིགས་བསལ་ཐུགས་ཁུར་འོག་རང་སྐྱོང་ལྗོངས་ཏང་ཨུད་དང་སྲིད་གཞུང་གིས་མི་རིགས་ས་ཁོངས་རང་སྐྱོང་ལམ་ལུགས་ལག་བསྟར་གཏིང་ཟབ་དང་ཁྲིམས་ལྟར་མི་རིགས་ཀྱི་ལས་དོན་ལ་སྐུལ་འདེད་གཏོང་རྒྱུ་མཐའ་འཁྱོངས་བྱས་པས་མི་རིགས་ཁག་ཐུན་མོང་ཐོག་མཐུན་སྒྲིལ་འབད་འཐབ་དང་ཐུན་མོང་ཐོག་དར་རྒྱས་གོང་འཕེལ་བྱུང་ནས་འདྲ་མཉམ་དང་། མཐུན་སྒྲིལ། རོགས་རེས། ཞི་མཐུན་བཅས་ཀྱི་སྤྱི་ཚོགས་རིང་ལུགས་ཀྱི་མི་རིགས་འབྲེལ་བ་ཟམ་མི་ཆད་པར་སྲ་བརྟན་དུ་སོང་ཡོད། ཏང་གི་ཚོགས་ཆེན་བཅོ་བརྒྱད་པ་འཚོགས་ཚུན། བློ་མཐུན་ཞི་ཅིན་ཕིང་གིས་སྲོག་ཤིང་གནང་བའི་ཏང་ཀྲུང་དབྱང་གི་འགྱུར་མེད་སྟོབས་ལྡན་གྱི་འགོ་ཁྲིད་འོག་རང་སྐྱོང་ལྗོངས་ཏང་ཨུད་དང་སྲིད་གཞུང་གིས་མེས་རྒྱལ་གཅིག་གྱུར་ལ་སྲུང་སྐྱོང་དང་མི་རིགས་མཐུན་སྒྲིལ་ལ་ཤུགས་སྣོན་རྒྱག་པའི་བོད་ཀྱི་ལས་དོན་གྱི་དམིགས་ས་དང་ཤུགས་རྒྱག་སར་དམ་པོར་དམིགས་ཏེ་བློ་བརྟན་འགྱུར་མེད་ངང་ཏང་གི་མི་རིགས་ལས་དོན་གྱི་མཛད་ཕྱོགས་སྲིད་ཇུས་ལག་བསྟར་དོན་འཁྱོལ་མཐའ་གཅིག་ཏུ་བྱས་པས་མི་རིགས་ཁག་གི་མི་དམངས་ཀྱི་འགྲོ་འོང་དང་། སྤེལ་རེས། མཉམ་འདྲེས་བཅས་ལ་སྔར་བས་ཤུགས་སྣོན་ཐེབས་ཏེ་མི་རིགས་མཐུན་སྒྲིལ་བོད་ལྗོངས་ས་མཐོར་རྩ་བ་ཚུགས་པ་དང་མྱུ་གུ་འབུས་ནས་འབྲས་བུ་སྨིན་ཡོད།

    མི་རིགས་ས་ཁོངས་རང་སྐྱོང་ལམ་ལུགས་ཕྱོགས་ཡོངས་ནས་ལག་བསྟར་བྱས་པ།

    1984ལོར་རྒྱལ་ཁབ་ཀྱིས《ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་མི་རིགས་ས་ཁོངས་རང་སྐྱོང་བཅའ་ཁྲིམས》བཀྲམ་ནས་ལག་བསྟར་བྱས་པ་དེས་མི་རིགས་ས་ཁུལ་འཕེལ་རྒྱས་ཀྱི་སྲིད་ཇུས་དང་། ལམ་ལུགས། བཅའ་ཁྲིམས་བཅས་ཀྱི་འགན་ལེན་འཐུས་སྒོ་ཚང་དུ་སོང་བ་དང་། དམངས་འཚོའི་བྱ་གཞག་ཁག་སྔོན་ལ་འཕེལ་རྒྱས་ཕྱིན་པ། མི་རིགས་ཀྱི་ཕུལ་བྱུང་སྲོལ་རྒྱུན་རིག་གནས་རྒྱུན་འཛིན་དང་། སྲུང་སྐྱོང་། འཕེལ་རྒྱས་བཅས་སྔར་ལས་ལྷག་པ་བྱུང་ཡོད། ལོ་བཅུ་ཕྲག་འགའ་ཤས་ནང་ཏང་ཀྲུང་དབྱང་གིས་བོད་ཀྱི་འཕེལ་རྒྱས་ཆེད་དམིགས་བསལ་གྱི་གཟིགས་སྐྱོང་སྲིད་ཇུས་རབ་དང་རིམ་པ་བཏོན་ཡོད་ལ་མ་དངུལ་འབོར་ཆེན་ཡང་བཏང་སྟེ་མི་འབོར་ཅུང་ཉུང་བའི་མི་རིགས་ས་ཁུལ་དང་མཐའ་མཚམས་ས་ཁུལ་ལ“མཐའ་དར་དམངས་ཕྱུག”གི་སྲིད་ཇུས་ལག་བསྟར་བྱས་ནས་མི་རིགས་ས་ཁུལ་གྱི་ཡུན་རིང་འཕེལ་རྒྱས་ཆེད་རྨང་གཞི་བརྟན་པོ་ཞིག་བཏིང་ཡོད།

    ཏང་གི་ཚོགས་ཆེན་བཅོ་བརྒྱད་པ་འཚོགས་ཚུན། བློ་མཐུན་ཞི་ཅིན་ཕིང་གིས་སྲོག་ཤིང་གནང་བའི་ཏང་ཀྲུང་དབྱང་གིས་བོད་ཀྱི་ལས་དོན་ལ་ཚད་མཐོའི་མཐོང་ཆེན་གནང་སྟེ་མི་རིགས་ས་ཁོངས་རང་སྐྱོང་ལམ་ལུགས་བོད་དུ་རླབས་ཆེའི་ལག་བསྟར་ཟམ་མི་ཆད་པར་ཤུགས་ཆེར་བཏང་ཡོད། 

     ལྗོངས་ཡོངས་ཀྱིས་མི་རིགས་མཐུན་སྒྲིལ་ཡར་ཐོན་དཔེ་བཟང་ཁུལ་འཛུགས་གཏོད་ལ་སྐུལ་འདེད་གཏིང་ཟབ་བཏང་སྟེ་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི“བློ་བརྟན་འགྱུར་མེད་ངང་ཏང་གི་མི་རིགས་སྲིད་ཇུས་མཐའ་འཁྱོངས་དང་མི་རིགས་ས་ཁོངས་རང་སྐྱོང་ལམ་ལུགས་མཐའ་འཁྱོངས་བྱེད་དགོས་པ”སོགས་མཛུབ་སྟོན་གལ་ཆེན་གྱི་དགོངས་དོན་ལག་བསྟར་དོན་འཁྱོལ་མཐའ་གཅིག་ཏུ་བྱས་ནས་མི་རིགས་འདྲ་མཉམ་མཐུན་སྒྲིལ་ལ་ཤུགས་སྣོན་རྒྱག་པ་དང་། མི་རིགས་ས་ཁུལ་འཕེལ་རྒྱས་ལ་སྐུལ་འདེད་གཏོང་བ། ཀྲུང་ཧྭ་མི་རིགས་ཀྱི་གོང་བུ་སྒྲིལ་ཤུགས་ཆེ་རུ་གཏོང་བ་སོགས་ཐད་ཀྱི་མི་རིགས་ས་ཁོངས་རང་སྐྱོང་ལམ་ལུགས་ཀྱི་ནུས་པ་གལ་ཆེན་སྔར་བས་བཏོན་ཡོད།

    ཏང་གི་མི་རིགས་སྲིད་ཇུས་ཀྱི་འོད་ཟེར་འོག་བོད་ཀྱི་མི་རིགས་ཁག་གི་མི་དམངས་ཚོས་རྩ་ཁྲིམས་དང་བཅའ་ཁྲིམས་ཀྱིས་དཀྲིས་པའི་དབང་ཆ་ལག་བསྟར་ཧུར་ཐག་བྱས་ཤིང་། 2018ལོའི་ཟླ་1ཚེས་18ཉིན་ཡོངས་བསྒྲགས་བྱས་པའི་བོད་རང་སྐྱོང་ལྗོངས་ཀྱི་མི་དམངས་འཐུས་མི་ཚོགས་ཆེན་སྐབས་བཅུ་གཅིག་པའི་འཐུས་མི་439ཡི་ཁྲོད་བོད་རིགས་དང་གྲངས་ཉུང་མི་རིགས་གཞན་གྱི་འཐུས་མི་ཁྱོན་289ཡོད་པ་དེས་65.83%བཟུང་ཡོད། ཀྲུང་གོ་མི་དམངས་ཆབ་སྲིད་གྲོས་མོལ་ཚོགས་འདུའི་བོད་རང་སྐྱོང་ལྗོངས་ཨུ་ཡོན་ལྷན་ཁང་གི་སྐབས་རིམ་བྱུང་གི་ཨུ་ཡོན་ཁྲོད་མང་ཆེ་བ་ནི་བོད་རིགས་དང་གྲངས་ཉུང་མི་རིགས་གཞན་དག་ཡིན་པ་རེད།

    མི་རིགས་ཁག་འདྲ་མཉམ་ངང་ཞུགས་པ་དང་ཐུན་མོང་ཐོག་དོ་དམ་བྱེད་པའི་རྩ་དོན་དོན་འཁྱོལ་འགན་ལེན་བྱ་ཆེད། རང་ལྗོངས་ཀྱིས་མི་འབོར་ཅུང་ཉུང་བའི་མི་རིགས་འདུས་སྡོད་ཁུལ་དུ་མི་རིགས་ཤང་བཙུགས་ནས་མི་འབོར་ཅུང་ཉུང་བའི་མི་རིགས་ཀྱི་ཁེ་དབང་འགན་ལེན་བྱས་ཡོད། ཁྱོན་མི་རིགས་ཤང་9བཙུགས་པའི་ཁྲོད་མོན་པ་མི་རིགས་ཤང་5དང་། ལྷོ་པ་མི་རིགས་ཤང་3 འཇང་མི་རིགས་ཤང་1བཅས་ཡོད་པ་དང་ཆབས་ཅིག གྲངས་ཉུང་མི་རིགས་ཀྱི་ལས་བྱེད་པ་དང་ཤེས་ལྡན་མི་སྣ་གསོ་སྐྱོང་ལས་དོན་ཡག་པོ་བསྒྲུབས་ཏེ་ཆབ་སྲིད་ཐད་བློས་འགེལ་ཆོག་པ་དང་ལས་ཀའི་ཐད་འཇོན་ཐང་ཡོད་པའི་བྱང་ཚད་མཐོ་བའི་གྲངས་ཉུང་མི་རིགས་ཀྱི་ལས་བྱེད་པ་དང་ཤེས་ལྡན་མི་སྣའི་དཔུང་ཁག་ཅིག་བཙུགས་པས་མི་རིགས་ས་ཁོངས་རང་སྐྱོང་ལམ་ལུགས་ལ་བོད་ཀྱི་མི་རིགས་ཁག་གི་མི་དམངས་ཀྱི་བརྩི་བཀུར་མཐའ་གཅིག་ཏུ་ཐོབ་ཡོད།

    ཀྲུང་ཧྭ་མི་རིགས་གཅིག་མཐུན་འདུས་གྲུབ་ཀྱི་འདུ་ཤེས་བརྟན་པོ་འཛུགས་པའི་བོད་ཀྱི་ལེའུ་བརྩམས་པ།

    སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་མི་རིགས་ཁག་གི་མི་དམངས་ཁྱིམ་ཚང་གཅིག་ལྟར་བརྩེ་བ་ནི་ཀྲུང་ཧྭ་མི་རིགས་རླབས་ཆེན་བསྐྱར་དར་མངོན་འགྱུར་ཡོང་ངེས་ཀྱི་རྩ་བའི་འགན་ལེན་རེད། ཀྲུང་ཧྭ་མི་རིགས་རླབས་ཆེན་བསྐྱར་དར་གྱི་ཀྲུང་གོའི་ཕུགས་འདུན་མངོན་འགྱུར་བྱེད་པར་ཀྲུང་ཧྭ་མི་རིགས་གཅིག་མཐུན་འདུས་གྲུབ་ཀྱི་འདུ་ཤེས་བརྟན་པོ་འཛུགས་རྒྱུ་གཙོ་རྐང་དུ་བྱེད་པ་དང་མི་རིགས་མཐུན་སྒྲིལ་ཡར་ཐོན་གྱི་བྱ་གཞག་དེ་རྨང་གཞིའི་རང་བཞིན་གྱི་བྱ་གཞག་ལ་བརྩིས་ནས་དམ་འཛིན་ཡག་པོ་བྱེད་དགོས་ཞེས་ནན་བཤད་གནང་ཡོད།

    རང་ལྗོངས་ཀྱིས་སྔ་ཕྱི་བར་གསུམ་དུ་ཀྲུང་ཧྭ་མི་རིགས་གཅིག་མཐུན་འདུས་གྲུབ་ཀྱི་འདུ་ཤེས་བརྟན་པོ་འཛུགས་རྒྱུ་དེ་མི་རིགས་ལས་དོན་གྱི་གཙོ་རྐང་དུ་བརྩིས་ནས་མི་རིགས་མཐུན་སྒྲིལ་ཡར་ཐོན་བྱ་གཞག་གསར་གཏོད་དང་། མང་ཚོགས་ཀྱི་བསམ་བློའི་སློབ་གསོའི་ལས་དོན་ཏན་ཏིག་སྤེལ་བས་མི་རིགས་ཁག་གི་མང་ཚོགས་ཀྱི“མོས་སེམས་ལྔ”ཟམ་མི་ཆད་པར་ཆེ་རུ་ཕྱིན་པ་དང“ཁ་འབྲལ་ཐབས་མེད་པ་གསུམ”གྱི་བསམ་བློ་ཁྲག་རྒྱུན་ནང་འདྲེས་ཡོད།

    ཉིང་ཁྲི་གྲོང་ཁྱེར་བྲག་ཡིབ་ཆུས་པད་མ་སྒང་སྡེ་ཁུལ་གྱི་གྲོང་མིས་ཐུན་མོང་ཐོག་མཉམ་འཛོམས་ལྟོ་ཆས་ཟ་བ་དང་། ཐུན་མོང་ཐོག་མཐུན་སྒྲིལ་གླུ་གཞས་གཏོང་བ། ཐུན་མོང་ཐོག་མཐུན་སྒྲིལ་ཞབས་བྲོ་འཁྲབ་པ་བཅས་བྱས་ཏེ་རྣམ་པ་སྣ་ཚོགས་ཀྱི་ཐོག་ནས་མི་རིགས་མཐུན་སྒྲིལ་གྱི་སློབ་གསོའི་བྱེད་སྒོ་སྤེལ་ཏེ། མི་རིགས་མཐུན་སྒྲིལ་སྲུང་སྐྱོང་བྱ་རྒྱུ་དེ་ཁོངས་གཏོགས་ཁུལ་གྱི་མི་རིགས་ཁག་གི་མང་ཚོགས་ཀྱི་ཐུན་མོང་གི་རིན་ཐང་གི་དོན་གཉེར་བྱ་ཡུལ་དུ་འགྱུར་བར་བྱས་ཡོད། སྡེ་ཁུལ་གྱི་ཏང་ཡོན་རྒན་གྲས་སྐལ་བཟང་གིས་2021ལོའི་དཔྱིད་གསར་དུས་ཆེན་དང་བོད་ཀྱི་ལོ་གསར་རིང་སྡེ་ཁུལ་གྱི་བོད་རིགས་གྲོང་མི་མི་ཉུང་བ་ཞིག་གིས་ས་ཆ་དེ་རང་དུ་ལོ་གསར་གཏོང་བཞིན་པའི་ཡུལ་གཞན་གྱི་གྲོང་མི་ཁ་ལག་མཉམ་དུ་ཟ་བར་གདན་དྲངས་ནས་ལོ་གསར་ལ་རྟེན་འབྲེལ་ཞུས་ཡོད་ཅེས་ངོ་སྤྲོད་བྱས།

    གཞིས་རྩེ་གྲོང་ཁྱེར་གམ་པ་རྫོང་དགྱེས་རུ་གྲོང་ཚོར“མི་རིགས་མཐུན་སྒྲིལ་གྱི་དཔེ་སྟོན་གྲོང་ཚོ”ཞེས་སྐད་གྲགས་བྱེད་ཀྱི་ཡོད། གྲོང་ཚོའི་ཀྲི་པུའི་ཧྲུའུ་ཅི་ཕུར་བུ་བསོད་ནམས་ཀྱིས“མཐའ་མཚམས་ས་ཁུལ་གྱི་རྨང་གཞིའི་སྒྲིག་བཀོད་ཟམ་མི་ཆད་པར་འཐུས་སྒོ་ཚང་དུ་ཕྱིན་ནས་ཡུལ་སྐོར་བ་མང་པོ་དེ་གར་ཡུལ་སྐོར་དུ་ཡོང་བས་གྲོང་མི་ཚོའི་ཡོང་འབབ་ཀྱང་མང་དུ་སོང་ཡོད”ཅེས་བཤད།

    ཏང་གི་ཕྱོགས་ཡོངས་ཀྱི་འགོ་ཁྲིད་མཐའ་འཁྱོངས་བྱས་ནས་མི་རིགས་མཐུན་སྒྲིལ་གྱི་རྨང་གཞི་བརྟན་དུ་བཏང་བ།

    སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་མི་རིགས་ལས་དོན་ཡག་པོ་སྒྲུབ་ཐུབ་མིན་གྱི་ཆེས་རྩ་བར་གྱུར་པ་ཞིག་ནི་ཏང་གི་འགོ་ཁྲིད་འགྱུར་མེད་སྟོབས་ལྡན་ཡིན་མིན་ལ་ཐུག་ཡོད་ཅེས་གསུངས་པ་རེད།

    ལྗོངས་ཡོངས་ཀྱི་རིམ་ཁག་ཏང་ཨུད་དང་སྲིད་གཞུང་གིས་མི་རིགས་མཐུན་སྒྲིལ་ལས་དོན་ཡག་པོ་སྒྲུབ་པའི་ཆབ་སྲིད་ཀྱི་འགན་འཁྲི་ཁུར་སེམས་དང་ལོ་རྒྱུས་ཀྱི་ལས་འགན་སྒྲུབ་སེམས་ཟམ་མི་ཆད་པར་ཆེ་རུ་བཏང་ནས་མི་རིགས་མཐུན་སྒྲིལ་ཡར་ཐོན་ལས་དོན་དང་ལྟེ་བའི་ལས་དོན་མཉམ་དུ་ཇུས་འགོད་དང་། མཉམ་དུ་བཀོད་སྒྲིག མཉམ་དུ་དོན་འཁྱོལ་བཅས་བྱས་ཡོད།

    གཞིས་རྩེ་གྲོང་ཁྱེར་གྱིས་མི་རིགས་མཐུན་སྒྲིལ་ཡར་ཐོན་གྱི་ལས་དོན་དེ་གྲོང་ཨུད་ཀྱི་ལས་དོན་གྱི་སྤྱིའི་བསམ་ཕྱོགས་ནང་བཅུག་ནས《དུས་བབ་གསར་པར་མི་རིགས་ལས་དོན་ལ་ཤུགས་སྣོན་དང་ལེགས་སུ་གཏོང་རྒྱུའི་སྐོར་གྱི་ཀྲུང་གུང་གཞིས་རྩེ་གྲོང་ཨུད་དང་གཞིས་རྩེ་གྲོང་ཁྱེར་མི་དམངས་སྲིད་གཞུང་གི་བསམ་འཆར》དང《གཞིས་རྩེ་གྲོང་ཁྱེར་གྱིས་རྒྱལ་ཡོངས་ཀྱི་མི་རིགས་མཐུན་སྒྲིལ་ཡར་ཐོན་དཔེ་སྟོན་གྲོང་ཁྱེར་འཛུགས་གཏོད་ཀྱི་ལག་བསྟར་ཇུས་གཞི》བཟོས་ནས་མཐུན་སྦྱོར་གཞོགས་འདེགས་དང་། མཉམ་སྐྲུན་མཉམ་གཏོད། དམིགས་ཚད་དཔྱད་ཞིབ། དཔྱད་འདེམས་གཟེངས་བསྟོད་སོགས་ཀྱི་ཕུགས་ཕན་ལམ་སྲོལ་བཙུགས་ཏེ་མི་རིགས་མཐུན་སྒྲིལ་ལས་དོན་ནུས་ལྡན་དང་གོ་རིམ་ལྡན་པ་དང་སྐུལ་འདེད་ཤུགས་ཆེན་གཏོང་ཐུབ་པའི་འགན་ལེན་བྱས་ཡོད། ད་ཆ་གྲོང་ཁྱེར་དེར་རྒྱལ་ཁབ་རིམ་པ་དང་རང་སྐྱོང་ལྗོངས་རིམ་པའི་མི་རིགས་མཐུན་སྒྲིལ་ཡར་ཐོན་འཛུགས་གཏོད་བྱེད་སྒོའི་དཔེ་སྟོན་ཚན་པ་4དང་། གྲོང་ཁྱེར་རིམ་པའི་དཔེ་སྟོན་ཚན་པ་15 རྫོང་རིམ་པའི་དཔེ་སྟོན་ཚན་པ་1038བཅས་ཡོད་པ་དང་། མི་རིགས་མཐུན་སྒྲིལ་ཐང་ཆེན་15དང་མི་རིགས་མཐུན་སྒྲིལ་སྲང་ལམ་18བཙུགས་ཡོད་པ་རེད།

    བཅའ་ཁྲིམས་བཟང་པོས་མི་རིགས་མཐུན་སྒྲིལ་ཡར་ཐོན་གྱི་རྒྱང་སྐྱོད་ལམ་བུ་གསར་པ་བཏོད་པ།

    2020ལོའི་ཟླ་1ཚེས་11ཉིན་བོད་རང་སྐྱོང་ལྗོངས་མི་དམངས་འཐུས་ཚོགས་སྐབས་བཅུ་གཅིག་པའི་ཚོགས་འདུ་ཐེངས་གསུམ་པའི་ཐོག《བོད་རང་སྐྱོང་ལྗོངས་ཀྱི་མི་རིགས་མཐུན་སྒྲིལ་ཡར་ཐོན་དཔེ་བཟང་ཁུལ་འཛུགས་གཏོད་བྱེད་རྒྱུའི་སྲོལ་ཡིག》ལ་འདེམས་ཤོག་ཆ་ཚང་ཐོབ་ནས་གྲོས་འཆམ་བྱུང་སྟེ་བོད་ཀྱི་མི་རིགས་ལས་དོན་གྱི་རྒྱང་སྐྱོད་ལམ་བུའི་ཁྲོད་ལམ་བུ་གསར་རྐྱང་གཞན་ཞིག་འགོ་བཙུགས་ཡོད།

    《སྲོལ་ཡིག》ནང་མི་རིགས་མཐུན་སྒྲིལ་ཡར་ཐོན་ཁྲོད་ཀྱི་རིག་གནས་ཀྱི་གནས་བབ་གལ་ཆེན་ལ་དམིགས་ནས“བོད་ཀྱི་ཕུལ་བྱུང་སྲོལ་རྒྱུན་རིག་གནས་ནི་ཀྲུང་ཧྭའི་རིག་གནས་ཀྱི་གྲུབ་ཆ་གལ་ཆེན་ཞིག་ཡིན་པ”དང“གླིང་སྒྲུང་དང་། ལྷ་མོ། ཐང་ག བོད་ཀྱི་གསོ་བ་རིག་པ་སོགས་མི་རིགས་ཀྱི་ཕུལ་བྱུང་སྲོལ་རྒྱུན་རིག་གནས་སྲུང་སྐྱོང་དང་། རྒྱུན་འཛིན། འཕེལ་རྒྱས་བཅས་ལ་རྒྱབ་སྐྱོར་བྱེད་དགོས་པའི”གཏན་འབེབས་བྱས་ཡོད། བོད་ཀྱི་དམིགས་བསལ་འགལ་ཟླ་དང་ཆོས་ལུགས་ལས་དོན་གྱི་དོན་དངོས་དང་ཟུང་འབྲེལ་བྱས་ཏེ“ཆོས་ལུགས་ལས་དོན་སྡེ་ཚན་གྱིས་ཆོས་ལུགས་ཚོགས་པ་དང་། ཆོས་ལུགས་སློབ་གླིང་། ཆོས་ལུགས་བྱེད་སྒོ་སྤེལ་ཡུལ་བཅས་ལ་མཛུབ་ཁྲིད་བྱས་ཏེ་ཆོས་ལུགས་ལས་དོན་མི་སྣར་མི་རིགས་མཐུན་སྒྲིལ་ཡར་ཐོན་གྱི་བསམ་བློ་དང་། བཅའ་ཁྲིམས་ཁྲིམས་སྲོལ། མི་རིགས་ཆོས་ལུགས་སྲིད་ཇུས་སོགས་དྲིལ་བསྒྲགས་དང་སློབ་གསོ་བཏང་ནས་མངའ་ཁོངས་ཕྱིའི་ཆོས་ལུགས་ཕྱོགས་གཏོགས་ཀྱི་སིམ་འཛུལ་གཏོར་བཤིག་རང་འགུལ་ངང་བཀག་འགོག་བྱེད་དགོས་པའི”གཏན་འབེབས་བྱས་ཡོད། ཀྲུང་དབྱང་གིས་བོད་ལ་ཐུགས་ཁུར་གནང་བ་དང་རྒྱལ་ཡོངས་མི་དམངས་ཀྱིས་བོད་ལ་རོགས་སྐྱོར་གནང་བའི་དོན་དངོས་དང་ཟུང་འབྲེལ་བྱས་ཏེ“ཁ་གཏད་བོད་སྐྱོར་ལས་དོན་ཁྲོད་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་ལ་སྐུལ་འདེད་གཏོང་བ་དང་། སྤྱི་ཚོགས་བརྟན་ལྷིང་སྲུང་སྐྱོང་བྱེད་པ། མང་ཚོགས་ལ་བྱ་བ་དངོས་དང་བྱ་བཟང་སྒྲུབ་པ་བཅས་ཀྱི་ཐད་ལེགས་སྐྱེས་མངོན་གསལ་དོད་པོ་ཕུལ་བ”དེ་དཔེ་བཟང་དཔྱད་འདེམས་ཀྱི་ཆ་རྐྱེན་གྱི་གྲས་ཤིག་ཏུ་བརྩི་དགོས་ལུགས་ཁ་གསལ་བཏོན་ཡོད།

    《སྲོལ་ཡིག》བཏོན་ནས་ལག་བསྟར་བྱས་པ་དེས་བོད་དང་ཐ་ན་རྒྱལ་ཡོངས་ཀྱི་མི་རིགས་མཐུན་སྒྲིལ་ཡར་ཐོན་བྱ་གཞག་ཁྲོད་ངོ་མཚར་ཆེ་བའི་ལེའུ་ཞིག་བརྩམས་ཡོད་པས་བོད་ཡུན་རིང་བདེ་འཁོད་དང་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་ཁྲིམས་ལུགས་ཀྱི་འགན་ལེན་མཁོ་འདོན་བྱས་ནས་བོད་ཀྱི་མི་རིགས་མཐུན་སྒྲིལ་ཡར་ཐོན་གྱི་རྒྱང་སྐྱོད་ལམ་བུ་གསར་པ་གཏོད་ཐུབ་ངེས་རེད།

    འགོ་འཛུགས་ས་གསར་པའི་ཐོག་སླར་ཡང་འོད་སྟོང་གསར་པ་གཏོད་དགོས། ང་ཚོས་རང་ཉིད་ཀྱི་མིག་ལ་གཅེས་སྤྲས་བྱེད་པ་ལྟར་མི་རིགས་མཐུན་སྒྲིལ་ལ་གཅེས་སྤྲས་དང་། རང་ཉིད་ཀྱི་ཚེ་སྲོག་ལ་གཅེས་སྤྲས་བྱེད་པ་ལྟར་མི་རིགས་མཐུན་སྒྲིལ་ལ་གཅེས་སྤྲས་བྱས་ཏེ། ལྷག་བསམ་རྣམ་དག་གི་སྒོ་ནས་མི་རིགས་མཐུན་སྒྲིལ་གྱི་ལས་དོན་ལེགས་པར་སྒྲུབ་པ་དང་མི་རིགས་མཐུན་སྒྲིལ་ཡར་ཐོན་བྱ་གཞག་གི་རྒྱང་སྐྱོད་ལམ་བུ་གསར་པ་བཏོད་དེ་ཀྲུང་ཧྭ་མི་རིགས་རླབས་ཆེན་བསྐྱར་དར་གྱི་ཀྲུང་གོའི་ཕུགས་འདུན་གྱི་བོད་ཀྱི་ལེའུ་རྩོམ་ཆེད་འབད་འཐབ་ཧུར་ཐག་བྱེད་དགོས།

    འགན་འཁུར་རྩོམ་སྒྲིག་པ། 

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།