དབུ་ཤོག>ཆེད་སྒྲིག
  • གསར་བརྗེའི་རིག་གནས་དར་སྤེལ་གཏོང་བའི་ལས་དོན་ལ་གོ་རིམ་ལྡན་པའི་ངང་སྐུལ་འདེད་བཏང་བ།

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།   |     སྤེལ་དུས།  2021-06-04

    590706_yis_1622736000000_s.jpg

    590704_yis_1622736000000_s.jpg

    པར་འདི་གཉིས་ནི་ཆབ་མདོ་གྲོང་ཁྱེར་གསར་བརྗེའི་ལོ་རྒྱུས་རྟེན་རྫས་བཤམས་མཛོད་ཁང་ནང་ཁུལ་གྱི་རྣམ་པ་ཡིན་པ།

     མིག་སྔར་བོད་ཤར་རྒྱུད་ཀྱི་གཞི་ཁྱོན་ཆེ་ཤོས་ཀྱི་གསར་བརྗེའི་རྗེས་ཤུལ་གཅིག་སྡུད་སྲུང་སྐྱོང་དང་འགྲེམས་སྟོན་ཁུལ་ཡིན་པའི་ཆབ་མདོ་གྲོང་ཁྱེར་གསར་བརྗེའི་ལོ་རྒྱུས་རྟེན་རྫས་བཤམས་མཛོད་ཁང་ནི་ན་ནིང་གི་ཟླ་10པ་ནས་བཟུང་སླར་ཡང་སྒོ་ཕྱེ་ཚུན། རྒྱལ་གཅེས་རིང་ལུགས་ཀྱི་སློབ་གསོ་བརྗོད་དོན་གཙོ་བོར་འཛིན་རྒྱུ་མཐའ་འཁྱོངས་བྱས་ཏེ་ཚན་པ་ཁག་གིས“རྒྱལ་གཅེས་རིང་ལུགས་ཀྱི་སློབ་གསོའི་རྟེན་གཞི་མཉམ་སྐྲུན”གྱི་བྱེད་སྒོ་སྟེ། ཏང་ལ་ཞུགས་པ་དང་། གུང་གཞོན་སྡེ་ཚོགས་ལ་ཞུགས་པ། གདོང་ལེན་རུ་ཁག་ལ་ཞུགས་པ་བཅས་སྐབས་ཀྱི་དམ་བཅའ་འཇོག་པ་དང་ཏང་ཞུགས་དམ་བཅའ་བསྐྱར་དྲན་བྱེད་པ་དང་། དེ་བཞིན་ཏང་དང་ཚོགས་པའི་རྩ་འཛུགས་ཀྱི་འཚོ་བ་སོགས་རྒྱུན་གཏན་གྱི་ལས་དོན་ནང་བཅུག་ནས་གཙོ་གནད་དུ་སྤེལ་ཏེ། ཆབ་མདོའི་གསར་བརྗེའི་རིག་གནས་དར་སྤེལ་གང་ལེགས་གཏོང་རྒྱུར་སྐུལ་འདེད་བཏང་ཡོད།

    འདི་ལོ་ཚུན་དུ་ཆབ་མདོའི་གསར་བརྗེའི་ལོ་རྒྱུས་རྟེན་རྫས་བཤམས་མཛོད་ཁང་གིས་རིམ་རྩིས་བྱས་ན། ཚན་པ་94ལ་སྣེ་ལེན་བྱས་པ་དང་ལྟ་སྐོར་བ་མི་ཐེངས་13000ལྷག་ཙམ་ཟིན་ཡོད།

    མིག་སྔར་རྟེན་རྫས་བཤམས་མཛོད་ཁང་དེ་ཆབ་མདོ་ས་ཁུལ་མི་དམངས་བཅིངས་འགྲོལ་དམག་ཨུ་ཡོན་ལྷན་ཁང་གི་གཞུང་དོན་སྒྲུབ་སའི་གནའ་ཤུལ་དང་། དམག་དཔོན་ཐོག་ཁང་། ཚོགས་ཁང་ཆུང་ངུ་། ཆབ་མདོར་བཅིངས་འགྲོལ་བཏང་བའི་གསར་བརྗེའི་རིག་གནས་ཁང་བཅས་ལས་གྲུབ་ཡོད། བཅིངས་འགྲོལ་དམག་ཨུ་ཡོན་ལྷན་ཁང་འགྲེམས་ཁང་གཙོ་བོར་བྱེད་པ་དང་། ཚོགས་ཁང་ཆུང་ངུ་དང་། དམག་དཔོན་ཐོག་ཁང་བཞི། བཅིངས་འགྲོལ་དམག་གསར་བརྗེའི་རིག་གནས་ཁང་བཅས་བྱེ་བྲག་འགྲེམས་ཁང་དུ་བྱེད་པ། དངོས་རྫས་655ལྷག་ཙམ་དང་པར་རིས་512ལྷག་ཙམ་འགྲེམས་སྟོན་བྱས་ཏེ་ཆབ་མདོ་གྲོང་ཁྱེར་གྱི་གསར་བརྗེའི་ལོ་རྒྱུས་རིག་གནས་ཕྱོགས་ཡོངས་དང་གོ་རིམ་ལྡན་པའི་ངང་མཚོན་པ་དང“བོད་སྐྱོད་པ་རྒན་གྲས་ཀྱི་སྙིང་སྟོབས”ཀྱི་ཆེད་དོན་རྟེན་རྫས་བཤམས་མཛོད་ཁང་དུ་གྱུར་ཡོད། གཞན་ཡང་། དེ་ནི་ཆབ་མདོ་གྲོང་ཁྱེར་གྱི་གསར་བརྗེའི་གནའ་ཤུལ་49ཡི་ཁྲོད་ཀྱི་གཙོ་གནད་སྲུང་སྐྱོང་བྱ་ཡུལ་ཞིག་ཀྱང་རེད།

    འདི་ལོ་ཚུན་དུ་ཆབ་མདོ་གྲོང་ཁྱེར་གྱིས“ཁྱད་ལྡན་རིག་གནས་ཐོན་ལས་འཕེལ་རྒྱས་ཤུགས་ཆེན་བཏང་ནས་གསར་བརྗེའི་རིག་གནས་སྔོག་འདོན་གཏིང་ཟབ་བྱེད་པ་དང་གྲོང་གསེབ་ཀྱི་ཕུལ་བྱུང་སྲོལ་རྒྱུན་རིག་གནས་སྲུང་སྐྱོང་ཧུར་ཐག”བྱ་ཆེད། ཆབ་མདོ་གྲོང་ཁྱེར་རིག་གནས་རིག་དངོས་ཅུས་ཀྱིས“དམག་སྡེ་བཅོ་བརྒྱད་པར་འཚམས་འདྲི་བྱེད་པའི་ལས་དོན་འགོ་ཁྲིད་ཚོགས་ཆུང”བཙུགས་ཏེ་དམག་སྡེ་བཅོ་བརྒྱད་པའི་རྗེས་རབས་ལ་དངོས་རྫས་རྙིང་པ་ཞལ་འདེབས་ཕུལ་དུ་བཅུག་པས་མཐར་དངོས་རྫས་98བསྡུ་རུབ་ཐུབ་ཡོད། གཞན་ཡང་འབྲེལ་ཡོད་རིག་དངོས་ཁག་108གསར་བཟོ་དང་འདྲ་བཟོ་བྱས་པ་དང་1950ལོ་ནས་1969ལོ་བར་གྱི་རྩ་ཆེའི་ཡིག་ཚགས་དང་དཔྱད་གཞི་300ལྷག་ཙམ་བསྡུ་རུབ་ཐུབ་ནས་གསར་བརྗེའི་ལོ་རྒྱུས་རྟེན་རྫས་བཤམས་མཛོད་ཁང་གི་འགྲེམས་སྟོན་དངོས་རྫས་སྔར་བས་ཕུན་སུམ་ཚོགས་སུ་བཏང་ཡོད།

    འགན་འཁུར་རྩོམ་སྒྲིག་པ། 次旦多吉

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།