དབུ་ཤོག>ཆེད་སྒྲིག
  • ངོ་ཐུག་གདོང་འཕྲད་སྙིང་གཏམ་ཉན། གཡོ་ཟོལ་མེད་པར་དཀའ་གནད་སེལ།

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།   |     སྤེལ་དུས།  2021-06-04

    རིམ་ཁག་འགོ་ཁྲིད་ལས་བྱེད་པས་མི་དམངས་ལྟེ་བར་འཛིན་པའི་འཕེལ་རྒྱས་ཀྱི་དགོངས་པ་མཐའ་འཁྱོངས་ཀྱིས་བརྩེ་བ་ཟབ་མོ་འཆང་བ་དང་འགན་འཁྲི་ཧུར་ཐག་འཁུར་ནས་ཞིང་ནང་དང་མུ་ཁ་དང་། གྲོང་གསེབ་སྡེ་ཁུལ། མཐོ་གྲང་འབྲོག་ཁུལ་བཅས་སུ་བསྐྱོད་དེ་མང་ཚོགས་དང་མཉམ་ཟ་མཉམ་སྡོད་དང་མཉམ་དུ་ངལ་རྩོལ་བྱས་ནས་མང་ཚོགས་ཀྱི་སེམས་གཏིང་གི་སྐད་ཆ་ཉན་པ་དང་ཐག་ཉེ་ས་ནས་མང་ཚོགས་ཀྱི“འཕྲལ་མཁོ་ཆེ་བ་དང་། དཀའ་གནད་ཆེ་བ། སེམས་ཁྲལ་བྱེད་པ། རེ་སྒུག་བྱེད་པ”བཅས་ཀྱི་གནད་དོན་ཐག་གཅོད་བྱས་པ་རེད།

    ཚད་གཞི་མཐོན་པོས་སྐུལ་འདེད་བཏང་། 

    “རུབ་འཛོམས་དུང་བརྡ”ཕྱོགས་ཡོངས་ནས་གྲགས་པ།

    ཟླ་3ཚེས་8ཉིན། ལྷ་ས་གྲོང་ཁྱེར་གྱིས“འགོ་ཁྲིད་ལས་བྱེད་པ་གཞི་རིམ་དུ་བསྐྱོད་དེ་ཞུ་བཅར་དང་ལེན་དང་བྱ་བ་དངོས་སྒྲུབ་པའི”ལག་ལེན་བྱེད་སྒོའི་སྐུལ་སློང་བཀོད་སྒྲིག་ཚོགས་འདུ་འཚོགས་ཏེ་བྱེད་སྒོར་བཀོད་སྒྲིག་དང་བླང་བྱ་བཏོན་པ་མ་ཟད། 《ལྷ་ས་གྲོང་ཁྱེར་གྱི“འགོ་ཁྲིད་ལས་བྱེད་པ་གཞི་རིམ་དུ་བསྐྱོད་དེ་ཞུ་བཅར་དང་ལེན་དང་བྱ་བ་དངོས་སྒྲུབ་པའི”བྱེད་སྒོའི་ལག་བསྟར་ཇུས་གཞི》བཟོས་ནས་བཀྲམ་སྟེ། ལོ་ལྟར་གྱི་ཟླ་3པ“འགོ་ཁྲིད་ལས་བྱེད་པ་གཞི་རིམ་དུ་བསྐྱོད་དེ་ཞུ་བཅར་དང་ལེན་དང་བྱ་བ་དངོས་སྒྲུབ་པའི”བྱེད་སྒོའི་ཟླ་བར་གཏན་འཁེལ་བྱས་པ་རེད། ས་ཁུལ་རིམ་པའི་ལས་བྱེད་པས་ཙུའུ་ཀྲང་གི་འགན་འཁུར་ནས་རྫོང(ཆུས)དང་ཤང(གྲོང་རྡལ་དང་ཁྲོམ་གཞུང)འགན་གཙང་ལེན་པ་དང་གྲོང་ཁྱེར་ཐད་གཏོགས་སྡེ་ཚན་དང་རྫོང(ཆུས)རིམ་པའི་ལས་བྱེད་པས་བཅའ་སྡོད་གྲོང་ཚོ་འགན་གཙང་ལེན་པའི་ལས་ཀའི་ལམ་སྲོལ་བཟོས་པ་དང་། ཁྲིམས་འཛིན་ཞབས་ཞུ་དང་བཅའ་ཁྲིམས་ཀྱི་རོགས་སྐྱོར་རང་འགུལ་ངང་བྱེད་པའི་ལམ་སྲོལ་བཟོས་པ། ཉེན་རྟོག་དཔོན་དང་། ཁྲིམས་དཔོན། ཞིབ་དཔྱོད་དཔོན་བཅས་གསུམ་དང་ཁྲིམས་འཛིན་ལས་རོགས་དང་ཁྲིམས་སྐྱོང་དྲིལ་བསྒྲགས་པ་གཉིས་གྲོང་ཚོ་དང་དུད་ཚང་དུ་བསྐྱོད་དེ་གྲལ་བཤེར་འདུམ་འགྲིག་གི་ལས་ཀའི་ལམ་སྲོལ་བཟོས་ཏེ། གྲོང་ཁྱེར་ཡོངས་སུ“འགོ་ཁྲིད་ལས་བྱེད་པ་གཞི་རིམ་དུ་བསྐྱོད་དེ་ཞུ་བཅར་དང་ལེན་དང་བྱ་བ་དངོས་སྒྲུབ་པའི”རུབ་འཛོམས་དུང་བརྡ་ཕྱོགས་ཡོངས་ནས་གྲགས་པ་རེད།

    བསྡོམས་རྩིས་བྱས་པར་གཞིགས་ན། ལྷ་ས་གྲོང་ཁྱེར་གྱིས“འགོ་ཁྲིད་ལས་བྱེད་པ་གཞི་རིམ་དུ་བསྐྱོད་དེ་ཞུ་བཅར་དང་ལེན་དང་བྱ་བ་དངོས་སྒྲུབ་པའི”ལག་ལེན་བྱེད་སྒོ་སྤེལ་ཚུན། རིམ་རྩིས་བྱས་ན་འགོ་ཁྲིད་ལས་བྱེད་པ་མི་ཐེངས་1300ཙམ་གྱིས་གཞི་རིམ་དུ་བསྐྱོད་དེ་བཞུགས་མོལ་དང་། འདྲི་རྟོག་བརྟག་དཔྱད། དུད་ཚང་དུ་འདྲི་རྩད་བྱེད་པ་སོགས་ཀྱི་བྱེད་ཐབས་ལ་བརྟེན་ནས་གནད་དོན་ཁག་1200ཙམ་བསྡུ་རུབ་བྱས་པ་ལས་གནད་དོན་ཁག་500ཙམ་ཐག་གཅོད་བྱས་པ་དང་བྱ་བ་དངོས་400ཙམ་བསྒྲུབས་ཏེ་མང་ཚོགས་ཀྱིས་སེམས་ཁྲལ་བྱེད་པའི་གནད་དོན་ཁག་གཅིག་ཐག་གཅོད་ཏན་ཏིག་བྱས་པ་རེད།

    གཞི་རྟེན་ཕུན་སུམ་ཚོགས་སུ་བཏང་།

    ཏང་ཡོན་དང་མང་ཚོགས་དང་ལས་བྱེད་པ་དང་མང་ཚོགས་དབར་གྱི“སེམས་སྦྲེལ་ཟམ་པ”བསྐྲུན་པ།

    ལྷ་ས་གྲོང་ཁྱེར་གྱིས“འགོ་ཁྲིད་ལས་བྱེད་པ་གཞི་རིམ་དུ་བསྐྱོད་དེ་ཞུ་བཅར་དང་ལེན་དང་བྱ་བ་དངོས་སྒྲུབ་པའི”ལག་ལེན་བྱེད་སྒོ་སྤེལ་རིང་། བྱེད་སྒོའི་གཞི་རྟེན་ཕུན་སུམ་ཚོགས་སུ་བཏང་བ་དང་བྱེད་ཐབས་གསར་གཏོད་བྱས་ནས་འགན་འཁྲི་འཁུར་ཕོད་པ་དང་རང་འགུལ་ངང་བྱས་རྗེས་བཞག་སྟེ་མང་ཚོགས་ལ་སྲིད་ཇུས་དང་། ཚན་རྩལ། འཕྲོད་བསྟེན། ཞབས་འདེགས་སོགས་མཁོ་འདོན་བྱས་པས། ཏང་ཡོན་དང་མང་ཚོགས་དང་ལས་བྱེད་པ་དང་མང་ཚོགས་དབར་གྱི་འབྲེལ་བ་སྔར་བས་ཟབ་ཏུ་སོང་བ་དང་། ཏང་ཡོན་དང་མང་ཚོགས་དང་ལས་བྱེད་པ་དང་མང་ཚོགས་དབར་གྱི“སེམས་སྦྲེལ་ཟམ་པ”བསྐྲུན་པ། བྱ་སྤྱོད་ངོ་མར་བརྟེན་ནས་དམངས་ལ་བརྩེ་བ་ཟབ་མོ་འཆང་ལུགས་མཚོན་པ། ཏང་ཡོན་དང་མང་ཚོཌ་དང་ལས་བྱེད་པ་དང་མང་ཚོཌ་དབར་གྱི་སེམས་སྦྲེལ་བསྟོད་གླུ་བརྩམས་ཡོད།

    བྱེད་སྒོ་སྤེལ་རིང་། ལྷ་ས་གྲོང་ཁྱེར་གྱི་ཏང་ཡོན་ལས་བྱེད་པས་ཐོག་མཐའ་བར་གསུམ་དུ་མི་དམངས་སེམས་གཏིང་གི་གནས་བབ་མཐོ་ཤོས་སུ་བཞག་སྟེ་རང་འཁྲིའི་ལས་འགན་དང་འགན་ནུས་ལ་གཞི་ཚུགས་པ་དང་། ཆུང་སར་དམིགས་པ་དང་དོན་དངོས་ནས་དམ་འཛིན། མང་ཚོགས་ཀྱིས་དོ་ཁུར་བྱེད་པའི་གནད་དོན་ལ་ཐད་ཀར་གཏུག་པ། མང་ཚོགས་ཀྱི་ལུགས་དང་མཐུན་པའི་རེ་འདུན་དུས་ཐོག་ཏུ་སྐོང་བ། ཐབས་བརྒྱ་ཇུས་སྟོང་གིས་མང་ཚོགས་ལ་འཕེལ་རྒྱས་ཀྱི་ཐབས་ཇུས་འདིང་བ། མང་ཚོགས་ལ་འབབ་འཕར་ཕྱུག་འགྱུར་གྱི་ཐབས་ལམ་བཟང་པོ་གཏོད་པ། མང་ཚོགས་ཀྱི“སྙིང་ཉེ་བ”དང“གྲོགས་པོ་བློས་ཐུབ”ཅིག་བཅས་བྱས་ནས་མང་ཚོགས་ཚོས་ཏང་དང་སྲིད་གཞུང་གི་ཐུགས་ཁུར་དང་དྲོ་སྐྱིད་གང་ལེཌ་ཚོར་བ་བྱས་པ་རེད།

    སེམས་ནུས་ཡོད་རྒུ་བཏོན།

    དམངས་ལ་བྱ་བ་དངོས་བསྒྲུབས་ནས་དཀའ་གནད་བསལ་བ།

    《ལྷ་ས་གྲོང་ཁྱེར་གྱི“འགོ་ཁྲིད་ལས་བྱེད་པ་གཞི་རིམ་དུ་བསྐྱོད་དེ་ཞུ་བཅར་དང་ལེན་དང་བྱ་བ་དངོས་སྒྲུབ་པའི”བྱེད་སྒོའི་ལག་བསྟར་ཇུས་གཞིའི》བླང་བྱར་གཞིགས་ནས། ལྷ་ས་གྲོང་ཁྱེར་གྱི་རྫོང(ཆུས)ཁག་དང་ཚན་པ་ཁག་གིས་སོ་སོའི་འགན་ནུས་འདོན་སྤེལ་གང་ལེགས་བྱས་ནས་འགན་གཙང་བླངས་པའི་ཤང(གྲོང་རྡལ་དང་ཁྲོམ་གཞུང)དང་། གྲོང་ཚོ(གྲོང་ལྷན) ཁ་གཏད་ཀྱི་བཅའ་སྡོད་གྲོང་ཚོ་དང་དུད་ཚང་དུ་བསྐྱོད་དེ་དངོས་སྡོད་བརྟག་ཞིབ་བྱེད་རིང་མང་ཚོགས་ཀྱིས་དོ་སྣང་ཆེ་ཤོས་བྱེད་པ་དང་། མང་ཚོགས་དང་ཐད་ཀར་འབྲེལ་བ་ཆེ་ཤོས་ཡོད་པ། མང་ཚོགས་ལ་འཕྲལ་མཁོ་ཆེ་ཤོས་ཡིན་པ་བཅས་ཀྱི་ཁེ་ཕན་གྱི་གནད་དོན་ལ་དམིགས་ནས། སྟབས་བདེ་བའི་དོན་དག་ལམ་སེང་སྒྲུབ་པ་དང་། རྙོག་འཛིང་ཆེ་བའི་དོན་དག་དུས་བཀག་ནང་སྒྲུབ་པ། དོགས་གཞི་ཡོད་པའི་དོན་དག་མཉམ་དུ་སྒྲུབ་པ་བཅས་མཐའ་འཁྱོངས་ཀྱིས་སེམས་ནུས་ཡོད་རྒུ་བཏོན་ནས་མང་ཚོགས་ཀྱིས་སེམས་ཁྲལ་བྱེད་པའི་གནད་དོན་ཐག་གཅོད་བྱས་པ་དང་། མང་ཚོགས་ལ་ཞབས་འདེགས་ཞུ་བའི“མཐའ་མའི་འགག་གནད”བསལ་བ། མང་ཚོགས་ཀྱི་ཐོབ་སྣང་དང་། སྐྱིད་སྣང་། བློ་ཡིད་ཚིམ་ཚད་བཅས་ཟམ་མི་ཆད་པར་ཟབ་ཏུ་བཏང་བ་རེད།

    ལྷ་སའི་ཞིང་ཁ་དང་། ཞིང་ཁྱིམ། འབྲོག་ར་བཅས་གང་ས་ནས་ཏང་ཡོན་ལས་བྱེད་པ་མཐོང་རྒྱུ་ཡོད་ཅིང་། ཏང་ཡོན་ལས་བྱེད་པས་ཏང་གི་ལོ་རྒྱུས་སློབ་སྦྱོང་སློབ་གསོའི་གྲུབ་འབྲས་དེ་དམངས་ལ་བྱ་བ་དངོས་སྒྲུབ་པའི་བྱ་སྤྱོད་ངོ་མར་འགྱུར་བ་བྱས་ནས་ཐོན་སྐྱེད་དང་འཚོ་བ་དང་། སྨན་བཅོས་དང་སློབ་ཞུགས། ཐོན་ལས་འཕེལ་རྒྱས། རྨང་གཞིའི་སྒྲིག་བཀོད་འཛུགས་སྐྲུན་སོགས་མང་ཚོགས་ཀྱི་བདེ་རྩར་ཐུག་པའི་ཁེ་ཕན་གྱི་དམངས་འཚོའི་གནད་དོན་ཁག་གཅིག་ཐག་གཅོད་ཏན་ཏིག་བྱས་པ་རེད།

    འགན་འཁུར་རྩོམ་སྒྲིག་པ། 次旦多吉

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།