རྒྱ་ཆེའི་ཏང་ཡོན་གྱི་ཏང་གཤིས་བློ་སྦྱོང་སྔར་བས་ཆེ་རུ་གཏོང་བ་དང་ཏང་ཡོན་ལས་བྱེད་པས་ཏང་གི་ལོ་རྒྱུས་ཤེས་བྱ་ཤེས་ཚད་མཐོ་རུ་གཏོང་ཆེད། ཉིན་ཤས་གོང་ཟངས་རི་རྫོང་གིས“གསར་བརྗེའི་གསུང་རབ་རྒྱུན་འཛིན་གྱིས་སྤྱིར་བཏང་མིན་པའི་ལོ་ཟླ་དྲན་གསོ་བྱེད”ཅེས་པ་བརྗོད་དོན་གཙོ་བོར་བྱས་ནས་ཏང་ཡོན་ལས་བྱེད་པ་སྒྲིག་འཛུགས་བྱས་ཏེ་ཏང་གི་ལོ་རྒྱུས་ཤེས་བྱའི་འགྲན་བསྡུར་བྱེད་སྒོ་སྤེལ་བ་རེད།
ཤེས་རྟོགས་བྱུང་བར་གཞིགས་ན། ད་ཐེངས་ཀྱི་ཏང་གི་ལོ་རྒྱུས་ཤེས་བྱའི་འགྲན་བསྡུར་བྱེད་སྒོའི་ནང་ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཀྱི་དགོངས་པ་དང་། ཏང་གི་ཚོགས་ཆེན་བཅུ་དགུ་པའི་དགོངས་དོན། ལོ་བརྒྱའི་ཏང་གི་ལོ་རྒྱུས་ཤེས་བྱ། ཀྲུང་དབྱང་གི་བོད་ཀྱི་ལས་དོན་སྐོར་གྱི་བཞུགས་མོལ་ཚོགས་འདུ་ཐེངས་བདུན་པའི་དགོངས་དོན། 《ཀྲུང་གོ་གུང་ཁྲན་ཏང་གི་སྒྲིག་ཡིག》དང《ཀྲུང་གོ་གུང་ཁྲན་ཏང་གི་སྒྲིག་ཁྲིམས་ཆད་གཅོད་སྲོལ་ཡིག》སོགས་ཚུད་ཡོད། འགྲན་བསྡུར་ནང་ཞུགས་མཁན་ཚོས། ད་ཐེངས་ཀྱི་ཏང་གི་ལོ་རྒྱུས་ཤེས་བྱའི་འགྲན་བསྡུར་བརྒྱུད། ཀྲུང་གོ་གུང་ཁྲན་ཏང་དབུ་བརྙེས་ནས་ལོ་ངོ་བརྒྱ་འཁོར་ཚུན་གྱི་ཏང་གི་ལོ་རྒྱུས་ཤེས་བྱ་བསྐྱར་དྲན་བྱས་པ་དང་། ཏང་གི་རིགས་པའི་གཞུང་ལུགས་དང་། མཛད་ཕྱོགས། ལམ་ཕྱོགས་བཅས་ལ་གོ་བ་གཏིང་ཟབ་བླངས་པ། ཏང་གི་ལོ་རྒྱུས་དུས་སྐབས་ཁག་གི་འཕེལ་རྒྱས་ཀྱི་འགྱུར་ལྡོག་ཆེན་པོ་དང་། འོད་སྟོང་འཕྲོ་བའི་ལོ་རྒྱུས་ལམ་བུ། འཛམ་གླིང་སྐྱེ་བོ་ཀུན་གྱིས་དོ་སྣང་བྱེད་པའི་བྱས་རྗེས་རླབས་ཆེན་བཅས་སྔར་བས་ཚོར་བ་དང་། ཕུགས་བསམ་དང་དད་སེམས་སྔར་བས་བརྟན་དུ་ཕྱིན་པ་མ་མ་ཟད། རྒྱ་ཆེའི་ཏང་ཡོན་ལས་བྱེད་པར་ཐོག་མའི་བསམ་འདུན་བརྟན་པོར་ངེས་ནས་ལས་དོན་ཁག་ཡག་པོ་བསྒྲུབ་རྒྱུའི་སྐུལ་མ་ཡང་ཐེབས་བྱུང་ཞེས་བཤད་པ་རེད།