དབུ་ཤོག>ཆེད་སྒྲིག
  • ལྷ་ས་གྲོང་ཁྱེར་ཁྲལ་དོན་ཅུས་ཀྱིས་ཏང་གི་ལོ་རྒྱུས་སློབ་སྦྱོང་སློབ་གསོའི་བརྗོད་དོན་གཙོ་བོའི་བྱེད་སྒོ་སྤེལ་བ།

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།   |     སྤེལ་དུས།  2021-06-04

     ཉེ་ཆར་ལྷ་ས་གྲོང་ཁྱེར་ཁྲལ་དོན་ཅུས་ཀྱིས་ཏང་ཡོན་ལས་བྱེད་པ་སྒྲིག་འཛུགས་བྱས་ཏེ། ལྷ་ས་གྲོང་ཁྱེར་ལྷུན་གྲུབ་ཞིང་རའི་གནས་ཡུལ་རྙིང་པར་བསྐྱོད་ནས“གསར་བརྗེའི་ལོ་རྒྱུས་བརྒྱུད་རིམ་ལ་བསྐྱར་དྲན་དང་གསར་བརྗེའི་སྙིང་སྟོབས་རྒྱུན་འཛིན”གྱི་ཏང་གི་ལོ་རྒྱུས་སློབ་སྦྱོང་སློབ་གསོའི་བརྗོད་དོན་གཙོ་བོའི་ཏང་གི་ཉིན་མོའི་བྱེད་སྒོ་སྤེལ་བ་རེད།

    བྱེད་སྒོ་སྤེལ་རིང་། ཏང་ཡོན་ཚོས་ཞིང་ར་དང་དེ་བཞིན་འགྲེམས་ཁང་གི་རིག་དངོས་ལ་ལྟ་སྐོར་བྱས་ཏེ་དམག་མིས་གསར་སྦོལ་བྱས་པའི་ཞིང་ར་དང་པོ་སྟེ“བརྒྱད་གཅིག་ཞིང་ར”གསར་འཛུགས་འཕེལ་རྒྱས་ཀྱི་ལོ་རྒྱུས་བརྒྱུད་རིམ་ཤེས་རྟོགས་དང་། རྒྱལ་ཡོངས་ཀྱི་ས་ཕྱོགས་ཁག་གི་གཞོན་ནུ་ཤེས་ཡོན་ཅན་གྱིས་ཏང་དང་སྲིད་གཞུང་གི་འབོད་སྐུལ་ལ་དང་ལེན་ཞུས་ཏེ་གངས་ལྗོངས་ས་མཐོར་དཀའ་སྤྱད་འབད་འཐབ་བྱེད་པར་བསྐྱོད་ནས་བོད་ཀྱི་ས་ཞིང་གསར་སྦོལ་བྱ་གཞག་ལ་ལེགས་སྐྱེས་ཕུལ་བའི་འབད་འབུངས་ཀྱི་གཏམ་རྒྱུད་བསྐྱར་དྲན་བྱས་ཡོད།

    འགན་འཁུར་རྩོམ་སྒྲིག་པ། 次旦多吉

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།