དབུ་ཤོག>ཆེད་སྒྲིག
  • ཏང་གི་ལོ་རྒྱུས་སློབ་སྦྱོང་གཏིང་ཟབ་བྱེད། བྱས་རྗེས་བཞག་ནས་རྣམ་པ་གསར་པ་གཏོད།

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།   |     རྩོམ་པ་པོ།  德吉普尺   |     སྤེལ་དུས།  2021-06-04

    ཏང་གི་ལོ་རྒྱུས་སློབ་སྦྱོང་སློབ་གསོ་སྤེལ་བ་ནས་བཟུང་། ལྷ་ས་གྲོང་ཁྱེར་གྱིས་ཏང་གི་ལོ་རྒྱུས་སློབ་སྦྱོང་སློབ་གསོའི་དམིགས་ཚད་ཁ་ཕྱོགས་སྟངས་འཛིན་ནན་པོ་བྱས་པ་དང་ཏང་གི་ལོ་རྒྱུས་སློབ་སྦྱོང་སློབ་གསོའི་དུས་མཚམས་ཀྱི་བླང་བྱ་དང་། གོ་རིམ་བཀོད་སྒྲིག ངེས་སྦྱོང་ནང་དོན། གཏན་འཁེལ་གྱི་བྱེད་སྟངས་བཅས་ལ་དམ་པོར་དམིགས་ཏེ། “དེ་བས་གསུམ”གྱི་ཆེད་དོན་སློབ་གསོ་དང“གསར་པ་གསུམ”གྱི་སློབ་སྦྱོང་དང་གྲོས་བསྡུར་ཆེན་པོ་དེ་ཏང་གི་ལོ་རྒྱུས་སློབ་སྦྱོང་སློབ་གསོར་བཅུག་སྟེ་སྤྱི་འདོམས་ངང་སྐུལ་འདེད་བཏང་བ་དང་། ཏང་གི་ལོ་རྒྱུས་སློབ་སྦྱོང་སློབ་གསོ་སྤེལ་རིང་། རྒྱ་ཆེའི་ཏང་ཡོན་ལས་བྱེད་པས“བོད་སྐྱོད་པ་རྒན་གྲས་ཀྱི་སྙིང་སྟོབས”དང“ལམ་གཉིས་ཀྱི་སྙིང་སྟོབས”རྒྱུན་འཛིན་དང་དར་སྤེལ་གཏོང་རྒྱུར་ཁྲིད་སྟོན་བྱས་པ་མ་ཟད། དེ་ཏང་གི་ལོ་རྒྱུས་སློབ་སྦྱོང་སློབ་གསོའི་ཐོག་མཐའ་བར་གསུམ་དུ་ཁྱབ་པར་བྱས་ནས་ཏང་གི་ལོ་རྒྱུས་སློབ་སྦྱོང་སློབ་གསོ་གཏིང་ཟབ་དང་། མི་སེམས་སུ་ཟུག་པ་བཅས་བྱ་རྒྱུར་སྐུལ་འདེད་བཏང་ཡོད།

    སློབ་སྦྱོང་དང་བགྲོ་གླེང་ལ་དམ་འཛིན་ཡག་པོ་བྱས་པ།

    ལྷ་ས་གྲོང་ཁྱེར་གྱི་རིམ་ཁག་ཏང་རྩ་འཛུགས་ཀྱིས་ཏང་གི་ལོ་བརྒྱའི་ལོ་རྒྱུས་དང་། ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཀྱི་དགོངས་པ། བོད་ཀྱི་ལས་དོན་སྐོར་གྱི་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་རྣམ་བཤད་གལ་ཆེན། དུས་རབས་གསར་པའི་ཏང་གི་བོད་སྐྱོང་མཛད་ཇུས་སོགས་དང་ནན་ཏན་ངང་བསྡུར་ནས་སློབ་སྦྱོང་དང་བགྲོ་གླེང་བྱས་པ་དང་། རིགས་པའི་གཞུང་ལུགས་ཀྱི་ལྟེ་བའི་ཚོགས་ཆུང་གིས་སྣེ་ཁྲིད་དེ་སློབ་སྦྱོང་དང་། “ཚོགས་འདུ་གསུམ་དང་སློབ་ཚན་གཅིག”གི་མཉམ་སྡེབ་སློབ་སྦྱོང་། མི་སྒེར་གྱི་རང་སྦྱོང་སོགས་སྣ་མང་ཕུན་སུམ་ཚོགས་པའི་སློབ་སྦྱོང་བྱེད་སྟངས་མཐའ་འཁྱོངས་བྱས་པས་ཏང་གི་ལོ་རྒྱུས་སློབ་སྦྱོང་དང་། དགོངས་པ་གསལ་རྟོགས། དོན་དངོས་སྒྲུབ་པ། འགོ་གསར་པ་འཛུགས་པ་བཅས་ཐུབ་ཡོད།

    “ཏང་གི་ལོ་རྒྱུས་སློབ་སྦྱོང་སློབ་གསོ་སྤེལ་བར་དོན་སྙིང་གལ་ཆེན་གང་འདྲ་ཡོད་དམ” “ཏང་གི་ལོ་རྒྱུས་སློབ་སྦྱོང་སློབ་གསོ་ཇི་ལྟར་སྤེལ་དགོས” ཉེ་ཆར། ཏང་གི་ལོ་རྒྱུས་སློབ་སྦྱོང་སློབ་གསོ་རང་སྐྱོང་ལྗོངས་སྒྲོག་འགྲེལ་ཚོགས་པས་ལྷ་ས་གྲོང་ཁུལ་དང་། ལྷུན་གྲུབ་རྫོང་། མལ་གྲོ་གུང་དཀར་རྫོང་། སྟག་རྩེ་ཆུས། འདམ་གཞུང་རྫོང་བཅས་སུ་གཅིག་སྡུད་སྒྲོག་འགྲེལ་བྱེད་སྒོ་སྤེལ་ནས་གཏིང་ཟབ་པ་དང་། རྒྱ་ཆེ་བ། དྲོ་སྐྱིད་ལྡན་པ་བཅས་ཀྱི་སྒྲོག་འགྲེལ་བྱས་པ་དེས་གྲོང་ཁྱེར་ཡོངས་ཀྱི་ཏང་ཡོན་ལས་བྱེད་པས་ལོ་བརྒྱའི་ཏང་གི་ལོ་རྒྱུས་སྔར་བས་སློབ་སྦྱོང་ཡག་པོ་དང་། གསར་བརྗེའི་ས་བོན་རྒྱུན་འཛིན། འབད་འབུངས་སྟོབས་ཤུགས་གཅིག་སྒྲིལ་བཅས་བྱས་ཏེ་ཏང་གི་ལོ་རྒྱུས་སློབ་སྦྱོང་སློབ་གསོའི་སྤུས་ཚད་མཐོ་བ་དང་། ཁྱད་ཆོས་ལྡན་པ། ཕན་འབྲས་དངོས་ཐོན་པ་བཅས་ལ་སྐུལ་མ་གཏོང་བར་མཛུབ་ཁྲིད་ཀྱི་ནུས་པ་གལ་ཆེན་ཐོན་ཡོད།

    ལག་ལེན་བྱེད་སྒོར་དམ་འཛིན་ཡག་པོ་བྱས་པ།

    ལྷ་ས་གྲོང་ཁྱེར་གྱི་རིམ་ཁག་སྡེ་ཚན་ཁག་གིས“ལོ་རྒྱུས་བློ་ལ་བརྟན་པོར་ངེས་ནས་ཏང་གི་བཀའ་དྲིན་དྲན་པ་དང་བདེ་སྐྱིད་ལྡན་པའི་འཚོ་བ་གསར་པ་སླར་ཡང་གཏོད”ཅེས་པ་བརྗོད་དོན་གཙོ་བོར་བྱས་ཏེ་ལས་བྱེད་པ་དང་མང་ཚོགས་ཚོས་མཐུན་སྒྲིལ་རྡོག་རྩ་གཅིག་སྒྲིལ་གྱིས་ཏང་གི་རྗེས་སུ་འབྲང་བ་དང་འབད་བརྩོན་ལྷོད་མེད་ཀྱིས་འཕེལ་རྒྱས་དོན་གཉེར་བྱེད་པའི་ལས་སྒྲུབ་ལས་གཏོད་ཀྱི་སྤྲོ་སེམས་འཕེལ་བར་བྱས་ཡོད། ལས་བྱེད་པ་དང་མང་ཚོགས་སྒྲིག་འཛུགས་བྱས་ཏེ་བོད་ཀྱི་ཞིང་བྲན་ཁྲི་ཚོ་བརྒྱར་བཅིངས་འགྲོལ་ཐོབ་པའི་དྲན་གསོ་ཁང་དུ་ལྟ་སྐོར་བྱས་པ་བརྒྱུད་ལས་བྱེད་པ་དང་མང་ཚོགས་ཚོས་ཏང་ལ་དགའ་ཞེན་དང་། རྒྱལ་ཁབ་ལ་དགའ་ཞེན། སྤྱི་ཚོགས་རིང་ལུགས་ལ་དགའ་ཞེན་བཅས་བྱེད་པའི་སྤྲོ་སེམས་སྔར་བས་འཕེལ་ནས་ལོ་རྒྱུས་སྦྱངས་ནས་གནས་ལུགས་གསལ་རྟོགས་དང་། ལོ་རྒྱུས་སྦྱངས་ནས་དད་སེམས་འཕེལ་བ། ལོ་རྒྱུས་སྦྱངས་ནས་སྤྱོད་བཟང་གོང་བཀུར། ལོ་རྒྱུས་སྦྱངས་ནས་ལག་ལེན་ནན་བསྟར་བཅས་བྱེད་རྒྱུར་ཁྲིད་སྟོན་བྱས་ཡོད། “ཏང་གི་ལོ་རྒྱུས་སློབ་སྦྱོང་དང་། སྔོན་གཤེགས་དཔའ་བོར་མཆོད་འབུལ། བསམ་པའི་ཁྲག་རྒྱུན་རྒྱུན་མཐུད”བཅས་ཀྱི་དུར་མཆོད་བྱེད་སྒོ་སྤེལ་བ་བརྒྱུད། ལྷ་སའི་སྔོན་གཤེགས་དཔའ་བོའི་བང་སོའི་སྐྱེད་ཚལ་དང་། དམག་དཔོན་ཆེན་པོ་ཐན་ཀོན་སན་གྱི་དྲན་གསོ་ཁང་། “ལམ་གཉིས་ཀྱི་སྙིང་སྟོབས”དྲན་གསོ་ཁང་སོགས་ཐབས་ལམ་གཙོ་བོར་བྱས་ཏེ་རྒྱ་ཆེའི་ཏང་ཡོན་ལས་བྱེད་པས་གསར་བརྗེའི་སྔོན་གཤེགས་དཔའ་བོས་བོད་ཞི་བས་བཅིངས་འགྲོལ་གཏོང་བ་དང་བོད་འཛུགས་སྐྲུན་དང་འཕེལ་རྒྱས་གཏོང་བའི་ལས་དོན་ཁྲོད་ཆགས་པའི“བོད་སྐྱོད་པ་རྒན་གྲས་ཀྱི་སྙིང་སྟོབས”དང“ལམ་གཉིས་ཀྱི་སྙིང་སྟོབས”ལ་སློབ་སྦྱོང་དང་རྒྱུན་འཛིན་བྱ་རྒྱུར་ཁྲིད་སྟོན་བྱས་ཏེ། “བོད་སྐྱོད་པ་རྒན་གྲས་ཀྱི་སྙིང་སྟོབས”དང“ལམ་གཉིས་ཀྱི་སྙིང་སྟོབས”ཀྱི་བསམ་པའི་ངོ་བོ་དང་ནང་དོན་ཟབ་མོར་གོ་བ་དེ་བས་གཏིང་ཟབ་བླངས་ཏེ། ལས་སྒྲུབ་ལས་གཏོད་ཀྱི་སྤྲོ་སེམས་རྒྱུན་ཆད་མེད་པར་འཕེལ་བར་བྱས་ཡོད།

    ལྷ་ས་གྲོང་ཁྱེར་གྱིས་ཏང་གི་ལོ་རྒྱུས་སློབ་སྦྱོང་དང་། དགོངས་པ་གསལ་རྟོགས། བྱ་བ་དངོས་སྒྲུབ་པ། འགོ་གསར་པ་འཛུགས་པ་བཅས་ཀྱི་2021ལོའི་ཏང་གི་ལོ་རྒྱུས་ཤེས་བྱའི་འགྲན་བསྡུར་སྒྲིག་འཛུགས་བྱས་ཏེ་བྱེད་སྒོའི་ཁྲོད་ཏང་གི་ཟིལ་རླབས་དགུང་འཕྱུར་གྱི་ལོ་བརྒྱའི་ལོ་རྒྱུས་ལམ་བུར་ཕྱིར་དྲན་དང་། ཏང་གི་མཛད་རྗེས་རླབས་ཆེན་ལ་བསྟོད་གླུ་འབུལ་བ། ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཀྱི་དགོངས་པ་དང་། ཏང་གི་རིགས་པའི་གཞུང་ལུགས། མཛད་ཕྱོགས། སྲིད་ཇུས། ལོ་རྒྱུས་ཀྱི་དོན་རྐྱེན་གལ་ཆེན་སོགས་ལ་སློབ་སྦྱོང་བྱས་ཏེ་ཏང་གི་ལོ་རྒྱུས་སློབ་སྦྱོང་སློབ་གསོའི་ནང་ཞུགས་པའི་ཚང་མའི་ཧུར་བརྩོན་རང་བཞིན་དང་། རང་འགུལ་རང་བཞིན། རང་རྟོགས་རང་བཞིན་བཅས་སྐོང་འཐེན་གང་ལེགས་བྱས་ཡོད།

    དམངས་ཕན་གྱི་དོན་དངོས་ལ་དམ་འཛིན་ཡག་པོ་བྱས་པ།

    དམངས་ལ་བྱ་བ་དངོས་སྒྲུབ་པ་ནི་ཏང་གི་ལོ་རྒྱུས་སློབ་སྦྱོང་སློབ་གསོ་སྤེལ་བའི་དོན་ལ་བབས་ས་ཡིན།

    “ཏང་གི་ལོ་རྒྱུས་སློབ་སྦྱོང་བྱེད་པའི་གཙོ་བོ་ནི་ལག་ལེན་དུ་འཁྱོལ་བ་བྱེད་དགོས” ལྷ་ས་གྲོང་ཁྱེར་གྱི་རིམ་པ་ཁག་དང་སྡེ་ཚན་ཁག་གིས་དོན་ཆེན་དང་དོན་ཆུང་ཚང་མ་དོན་དག་ཡིན་པ་དང་། སྒྲུབ་སླ་བ་དང་སྒྲུབ་དཀའ་བ་ཚང་མ་སྒྲུབ་དགོས་པའི་རྩ་དོན་མཐའ་འཁྱོངས་ཀྱིས་མང་ཚོགས་ཀྱི་བདེ་རྩར་ཐུག་པའི་ཁེ་ཕན་དང་འབྲེལ་བ་ཡོད་པའི་ཟས་གོས་འགྲོ་སྡོད་དང་། སྤྱི་པའི་ཞབས་ཞུ། ལས་ཞུགས་གཞན་སྒྱུར། སློབ་ཞུགས་སྨན་བཅོས། རྨང་གཞིའི་སྒྲིག་བཀོད་སོགས་ཀྱི་གནད་དོན་ལ་དམིགས་ནས་གཞི་རིམ་དུ་བསྐྱོད་དེ་ཅི་འཕྲོས་མོལ་འཕྲོས་བྱེད་པ་དང་། འཚོ་བ་སྐྱེལ་སྟངས་གླེང་བ། འགྱུར་ལྡོག་གླེང་བ་བཅས་ཀྱི་ཐོག་ནས་ཇུས་གཞི་བཟོ་བ་དང་། བྱེད་ཐབས་འདོན་པ། དུས་ཐོག་ཏུ་ཐག་གཅོད་བཅས་བྱས་ཏེ། “མང་ཚོགས་ལས་དོན་སྒྲུབ་པར་ཡོང་བ”ནས“བརྩེ་སེམས་ཟབ་མོས་མང་ཚོགས་བཙལ་ནས་ཞབས་འདེགས་ཞུ་བར”བསྒྱུར་ཏེ། མང་ཚོགས་ལ་ཞབས་འདེགས་ཞུ་བའི་མཐའ་མའི་འགག་གནད་ནན་ཏན་བསལ་ནས་མི་དམངས་མང་ཚོགས་ཀྱི་ཐོབ་སྣང་དང་། སྐྱིད་སྣང་། བདེ་འཇགས་ཚོར་སྣང་བཅས་རྒྱུན་ཆད་མེད་པར་ཆེ་རུ་བཏང་ཡོད།

    བྱེད་སྒོའི་ནང་སྟོད་ལུང་བདེ་ཆེན་ཆུས་ཀྱིས་དཔྱིད་རྨོད་དཔྱིད་འདེབས་དང་། གྲོང་གསེབ་དར་རྒྱས། མཛེས་སྡུག་ལྡན་པའི་གྲོང་གསེབ་འཛུགས་སྐྲུན། འགྲིམ་འགྲུལ་ཕྱིར་སྐྱོད་སོགས་ཀྱི་གནད་དོན་ལ་དམིགས་ཏེ། ཉེ་འགྲམ་གྱི་དོན་ཆུང་དང་མང་ཚོགས་ཀྱི་དགོས་མཁོ་ནས་འགོ་བརྩམས་ནས་འབྲེལ་ཡོད་སྡེ་ཚན་བཀོད་སྒྲིག་བྱས་ཏེ་དམར་གྲོང་རྡལ་དམར་གྲོང་ཚོའི་ཚོགས་ཆུང་གཉིས་པར་ཆུ་ལོག་འགོག་རགས་སྨི་150ཉམས་གསོ་བྱས་པ་དང་། བདེ་ཆེན་གྲོང་རྡལ་བདེ་ཆེན་གྲོང་ཚོར་ཆུ་གསོག་རྫིང་བུ་1གསར་དུ་བསྐྲུན་པ། དཔྱིད་རྨོད་དཔྱིད་འདེབས་ཀྱི་ཞིང་སྤྱོད་དངོས་ཟོག་གྲ་སྒྲིག་གཏོང་འདྲེན་དང་ཆུ་ཡུར་ཉམས་བཟོ་གཙང་སེལ་སོགས་ཀྱི་ལས་དོན་ཡག་པོ་བསྒྲུབས་པ། གྲོང་ཚོ་21ལ་ས་བོན་རྒྱ་མ་ཁྲི་72གྲ་སྒྲིག་བྱས་པ། རྫས་ལུད་ཏུན་805གཏོང་འདྲེན་བྱས་པ། ཁོངས་གཏོགས་ཁུལ་གྱི་ཁྲོན་ཁེབས་ལ་གྲལ་བཤེར་ལྟ་སྐུལ་བྱས་པ། འབྲེལ་ཡོད་ཚན་པར་འགན་འཁྲིའི་འདུ་ཤེས་འཛིན་ཤུགས་ཆེ་རུ་གཏོང་རྒྱུར་སྐུལ་འདེད་བཏང་བ་བཅས་བརྒྱུད། བདེ་འཇགས་ཀྱི་འགན་འཁྲི་དོན་ཐོག་ཏུ་འཁྱོལ་བ་བྱས་ནས་ཁྲོན་པའི་དོ་དམ་ལ་སྐུལ་འདེད་ཏན་ཏིག་བཏང་སྟེ། བདག་སྐྱོང་འགན་འཁྲི་དང་མི་དམངས་མང་ཚོགས་ཀྱི“རྐང་འོག་གི་བདེ་འཇགས”སྲུང་སྐྱོང་མཐའ་གཅིག་ཏུ་བྱས་པ་རེད།

    འགན་འཁུར་རྩོམ་སྒྲིག་པ། 

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།