དབུ་ཤོག>ཆེད་སྒྲིག
  • ཡེ་ཐིང་། དམག་འཐབ་དྲག་པོའི་ཁྲོད་འཚར་ལོངས་བྱུང་བའི་དམག་དཔོན།

  • ཡོང་ཁུངས།  མི་དམངས་ཉིན་རེའི་ཚགས་པར།   |     རྩོམ་པ་པོ།  ལི་ཀང་།   |     སྤེལ་དུས།  2021-06-03

    600469_yis_1622649600000_s.jpg

    འདི་ནི་ཡེ་ཐིང་གི་འདྲ་པར་ཡིན་པ། (དཔྱད་གཞིའི་པར་རིས)

    ཡེ་ཐིང་གི་མིང་ངོ་མར་ཡེ་ཝེ་ཞུན་ཟེར་ཞིང་། 1896ལོར་ཀོང་ཏུང་ཧུའེ་ཀྲོའུ་ཡི་ཞིང་པའི་ཁྱིམ་ཚང་ཞིག་ཏུ་འཁྲུངས། ཡེ་ཐིང་སྔ་རྗེས་སུ་ཀོང་ཏུང་སྐམ་དམག་སློབ་ཆུང་དང་། ཧུའུ་པེ་སྐམ་དམག་གྲ་སྒྲིག་སློབ་གྲྭ་གཉིས་པ། ཧོ་པེ་པའོ་ཏིང་སྐམ་དམག་དམག་དཔོན་སློབ་གྲྭ་བཅས་འགྲིམ།

    1924ལོར་ཡེ་ཐིང་སུའུ་ལེན་དུ་སློབ་སྦྱོང་ལ་བསྐྱོད་པ་དང་ལོ་དེའི་ཟླ་10པར་ཀྲུང་གོ་སྤྱི་ཚོགས་རིང་ལུགས་གཞོན་ནུ་ཚོགས་པར་ཞུགས་ཤིང་། ཟླ་12པར་ཀྲུང་གོ་གུང་ཁྲན་ཏང་ལ་ཞུགས། དེ་རྗེས་ལོ་20ལྷག་ཙམ་རིང་གསར་བརྗེའི་འཐབ་རྩོད་ཁྲོད་འབད་འཐབ་གནང་། 1925ལོར་རྒྱལ་ནང་དུ་ལོག་རྗེས་ཁོང་གིས་གོ་མིན་གསར་བརྗེའི་དམག་ཅུན་ཤོག་བཞི་པའི་ཚན་མོའུ་ཁྲུའུ་ཀྲང་གི་འགན་བཞེས་པ་དང་རྗེས་སུ་རང་ཚུགས་ཐོན་ཤོག་གི་ཐོན་ཀྲང་དུ་བསྒྱུར་ནས་བྱང་འདུལ་དམག་འཐབ་ནང་ཞུགས།

    1927ལོའི་ཟླ་8པར་ནན་ཁྲང་འོས་ལངས་ཀྱི་དུང་བརྡ་བསྒྲགས་ཤིང་། ཡེ་ཐིང་གིས་གཡུལ་ས་མདུན་མའི་སྤྱི་ཁྱབ་བཀོད་འདོམས་པའི་འགན་བཞེས། ལོ་དེའི་ཟླ་12པར་ཡེ་ཐིང་གིས་ཀོང་ཀྲོའུ་འོས་ལངས་ཀྱི་སྣེ་ཁྲིད་ནས་བཟོ་ཞིང་དམར་དམག་གི་སྤྱི་ཁྱབ་སི་ལིང་གནང་། འོས་ལངས་ཕམ་རྗེས་ཁོང་ཕྱི་རྒྱལ་དུ་ཡུལ་གྱར་དུ་འགྲོ་དགོས་བྱུང་ཡོད།

    རི་པིན་དགྲ་དམག་གི་བཙན་འཛུལ་དང་རྒྱལ་ཁབ་ཆགས་འཇིག་གི་མཚམས་སུ་ཡེ་ཐིང་གིས་བློ་ཐག་ཆོད་པོས་རྒྱལ་ནང་དུ་ལོག་ནས་དམག་དཔུང་ཞིན་སི་ཅུན་གྱི་ཅུན་ཀྲང་གི་འགན་བཞེས་ནས་ངེས་མེད་རྒོལ་རྡུང་དམག་འཐབ་ལ་བཀོད་འདོམས་བྱས་ཏེ་རི་འགོག་གི་གནས་གཞིའི་ཁུལ་བཏོད་ཅིང་། ལོ་གཅིག་ནང་དགྲ་བོ་དང་དམག་འཐབ་ཐེངས་500ལྷག་ཙམ་བྱས་པ་དང་རི་པིན་དང་སྲིད་གཞུང་རྫུས་མའི་དམག་7000ལྷག་ཙམ་བསད་རྨས་སུ་བཏང་། 1940ལོར་ཡེ་ཐིང་གིས་དཔུང་སྡེའི་སྣེ་ཁྲིད་དེ“ཚར་གཅོད”ལ་ངོ་རྒོལ་བྱེད་པར་རྒྱལ་ཁ་ཆེན་པོ་བླངས་པ་རེད།

    1941ལོར་ཨན་ཧུའེ་ལྷོ་རྒྱུད་དུས་འགྱུར་གྱིས་རྒྱལ་ཁབ་ཕྱི་ནང་དུ་ཧ་ལས་པར་བཟོས་པ་དང་། ཡེ་ཐིང་གྲོས་མོལ་གནང་སྐབས་ཁྲིམས་འགལ་ངང་བཙན་ཉར་བྱས་ཤིང་། སྔ་རྗེས་སུ་ཧྲང་རའོ་དང་། ཀུའེ་ལིན་སོགས་སུ་བཙོན་འཇུག་ལོ་ལྔ་ལྷག་ཙམ་བྱས་པ་རེད།

    1946ལོའི་ཟླ་3པར་ཡེ་ཐིང་གཞི་ནས་བཙོན་གྲོལ་བྱུང་བ་དང་། ཁོང་བཙོན་ཁང་ནས་དོན་པའི་ཉིན་གཉིས་པར་འཕྲལ་མར་ཏང་ཀྲུང་དབྱང་ལ་གློག་འཕྲིན་བཏང་ནས་ཡང་བསྐྱར་ཏང་ནང་ཞུགས་རྒྱུའི་རེ་འདུན་ཞུས་པ་རེད། ཀྲུང་གུང་ཀྲུང་དབྱང་གིས་ཡེ་ཐིང་གིས་ཀྲུང་གོའི་མི་རིགས་ཀྱི་བཅིངས་འགྲོལ་དང་མི་དམངས་བཅིངས་འགྲོལ་བྱ་གཞག་ཆེད་ལྷག་བསམ་ཟོལ་མེད་ཀྱིས་ལོ་20ལྷག་ཙམ་རིང་འབད་འཐབ་བྱས་པ་དང་ཚོད་བགམ་སྣ་ཚོགས་ཐེག་པར་བསྔགས་བརྗོད་བྱས་པ་དང་ཡེ་ཐིང་བསྐྱར་དུ་ཏང་ནང་ཞུགས་པར་དང་ལེན་བྱ་རྒྱུ་ཡིན་ཞེས་ཏར་ལན་བཏང་བ་རེད། ཟླ་4ཚེས་8ཉིན་གནམ་གྲུའི་ལས་འཛོལ་ཐོན་ནས་ཡེ་ཐིང་ཧྲན་ཤིས་ཤིན་རྫོང་ཇ་ནག་རི་བོར་རྐྱེན་ལམ་དུ་ཤོར། སྐུ་ཕུང་ཡན་ཨན“བཞི་པའི་ཚེས་བརྒྱད”དཔའ་བོའི་བང་སོའི་སྐྱེད་ཚལ་དུ་པུར་འཇུག་བྱས་ཡོད་པ་རེད།

    འགན་འཁུར་རྩོམ་སྒྲིག་པ། 次旦多吉

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།