དབུ་ཤོག>ཆེད་སྒྲིག
  • ལྷག་བསམ་ཟོལ་མེད་ཀྱིས་རོགས་སྐྱོར་བྱས། ཏན་ཏན་ཏིག་ཏིག་གིས་བྱ་བཟང་བསྒྲུབས།

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།   |     སྤེལ་དུས།  2021-06-03

    ཉེ་ཆར་གསར་འགོད་པ་སོག་རྫོང་རྒྱལ་ཆེན་ཤང་དགོན་མཐའ་ཤོག་གྲོང་ཚོར་སྐྱོད་སྐབས། གྲོང་ཚོའི་ཧྲུའུ་ཅི་དང་པོ་འཆི་མེད་མཚོ་མོ་ནི་རྒྱུན་གཏན་དང་འདྲ་བར་ཞོགས་པ་སྔ་པོ་ནས་གྲོང་ཚོའི་ལས་བྱེད་པའི་སྣེ་ཁྲིད་དེ་གྲོང་ཚོ་དང་དུད་ཚང་དུ་བསྐྱོད་ནས་ལས་དོན་སྤེལ་བཞིན་འདུག འཆི་མེད་མཚོ་མོས་ནམ་ཞག་རྒྱུན་དུ་མང་ཚོགས་ཀྱི་བྱ་བ་ཆུང་ཙག་རང་ཉིད་ཀྱི་འགན་འཁྲིའི་ལས་ཀར་བརྩིས་ནས་སྒྲུབ་གང་ཐུབ་བྱེད་ཀྱི་ཡོད།

    “ཚེ་གྲུབ་ཀྱི་གཟུགས་པོ་དྲག་ཏུ་ཕྱིན་འདུག་གམ” ཚེ་གྲུབ་ཀྱི་ཁྱིམ་དུ་འཆི་མེད་མཚོ་མོས་ཁོང་གི་གཅེན་པོ་དགའ་ཇོ་དང་ཅི་འཕྲོས་མོལ་འཕྲོས་བྱེད་ཞོར། ཁོང་ཚོའི་ཁྱིམ་གྱི་འཚོ་བའི་གནས་ཚུལ་ཤེས་རྟོགས་བྱས།

    ཚེ་གྲུབ་ནི་དབང་པོ་སྐྱོན་ཅན་ཞིག་ཡིན་པ་དང་། ཁྱིམ་ལ་ངལ་རྩོལ་ནུས་ཤུགས་མེད་པས་གྲོང་ཚོའི་ཡིག་ཚགས་དང་གཱ་བཟོས་པའི་དུད་ཚང་དབུལ་པོར་གཏན་འཁེལ་བྱས་པ་རེད། ཟླ་ཤས་གོང་དུ། ཚེ་གྲུབ་ཀྱི་ནད་གཞི་ལྕི་རུ་སོང་ནས་སྨན་རིན་ཁ་ཐང་པོ་ཡོད་པའི་གནས་ཚུལ་ཤེས་རྗེས། འཆི་མེད་མཚོ་མོས་རང་འགུལ་ངང་ཚེ་གྲུབ་ཀྱི་ཁྱིམ་དུ་བསྐྱོད་ནས་སྨན་རིན་རོགས་རམ་བྱས་ཤིང་། ཚེ་གྲུབ་ཀྱི་ནད་གཞི་མངོན་གསལ་དོད་པོས་དྲག་ཏུ་ཕྱིན་པ་མཐོང་དུས་འཆི་མེད་མཚོ་མོའི་སེམས་པའང་ལྷོད་ལ་བབས་པ་རེད།

    2019ལོར་དགོན་མཐའ་ཤོག་གྲོང་ཚོའི་ཧྲུའུ་ཅི་དང་པོའི་འགན་ཁུར་བ་ནས་བཟུང་། འཆི་མེད་མཚོ་མོས་རང་ཉིད་ཀྱི་སྙིང་རུས་དང་འབད་བརྩོན་ལ་བརྟེན་ནས། མང་ཚོགས་ལ་བློ་གཅིག་སེམས་གཅིག་གིས་ཞབས་འདེགས་ཞུས་པས་དུས་ཡུན་རིང་པོ་མི་སོང་བར་ཡུལ་མི་ཚོའི་སྙིང་ཉེ་བར་གྱུར་པ་རེད།

    འཆི་མེད་མཚོ་མོའི་སྣེ་ཁྲིད་འོག གྲོང་ཚོའི་མཉམ་སྡེབ་ཀྱི་མཉམ་ལས་ཁང་བཙུགས་པ་དང་། གྲོང་ཚོའི་ཡིག་ཚགས་དང་གཱ་བཟོས་པའི་དུད་ཚང་དབུལ་པོའི་མི་མང་པོ་མཉམ་ལས་ཁང་དུ་ལས་ཞུགས་ཐུབ་སྟེ། གྲོང་ཚོ་ཡོངས་ཀྱི་མི་རེའི་ལོའི་ཆ་སྙོམས་ཡོང་འབབ་དེ་2019ལོའི་སྒོར་7300ནས་ད་ཆའི་སྒོར་8100བར་མང་དུ་ཕྱིན་པ་རེད།

    འཆི་མེད་མཚོ་མོས་གཞི་རིམ་ལ་བརྩེ་སེམས་བཅངས་ནས་བྱ་བ་དངོས་བསྒྲུབས་པ་དང་། དཀའ་སྤྱད་རྔུལ་ཆུར་བརྟེན་ནས་ལྷག་བསམ་རྣམ་དག་གིས་ལེགས་སྐྱེས་ཕུལ་བར་དགོན་མཐའ་ཤོག་གྲོང་ཚོའི་མང་ཚོགས་སེམས་འགུལ་ཚད་མེད་ཐེབས་ནས་ཚང་མས་བསྔཌ་བརྗོད་མགྲིན་གཅིག་ཏུ་བྱེད་ཀྱི་ཡོད། འཆི་མེད་མཚོ་མོའི་ལས་ཀའི་གྲུབ་འབྲས་གཟེངས་སུ་ཐོན་པས་སྔ་རྗེས་སུ་ནག་ཆུ་གྲོང་ཁྱེར་གྱི་སྔོན་ཐོན་གྲོང་སྡོད་ལས་དོན་རུ་ཁག་གི་རུ་མི་དང་། རྫོང་རིམ་པའི་སྔོན་ཐོན་གྲོང་སྡོད་ལས་དོན་རུ་ཁག་གི་རུ་མི། སོག་རྫོང་གི་དབུལ་སྒྲོལ་འགག་སྒྲོལ་གྱི་སྔོན་ཐོན་མི་སྒེར་སོགས་ཀྱི་གཟི་བརྗིད་མཚན་སྙན་ཐོབ་པ་རེད།

    འགན་འཁུར་རྩོམ་སྒྲིག་པ། 次旦多吉

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།