བོད་རྙིང་པར་དེང་རབས་ཅན་གྱི་དོན་སྙིང་ལྡན་པའི་སློབ་གྲྭ་གཅིག་ཀྱང་མེད་ལ། སློབ་ལོ་ལོན་པའི་བྱིས་པ་སློབ་གྲྭར་ཞུགས་ཚད་2%ཡང་ཟིན་གྱི་མེད། ལྷག་པར་དུ་ཡིག་རྨོངས་ཡིན་པའི་གཞོན་དར་95%ཟིན་གྱི་ཡོད། 2020ལོར་སླེབས་སྐབས་བོད་ལ་མཐོ་རིམ་སློབ་གསོའི་སློབ་གྲྭ་དཀྱུས་མ་7དང་། འབྲིང་རིམ་ལས་རིགས་སློབ་གྲྭ་12 སློབ་འབྲིང་143 སློབ་ཆུང་827 བུ་བཅོལ་ཁང་2199བཅས་ཟིན་པ་དང་། སློབ་ཆུང་གི་སློབ་ལོ་ལོན་པའི་བྱིས་པ་སློབ་གྲྭར་ཞུགས་ཚད་99.93%ཟིན་ཡོད། “འགན་ལེན་གསུམ”གྱི་སྲིད་ཇུས་ལས་བོད་ཀྱི་སློབ་མ་མི་ཐེངས་ཁྲི་900ཙམ་ལ་ཕན་པ་ཐོབ་པ་དང་སྲིད་གཞུང་གིས་ཁྱོན་བསྡོམས་མ་དངུལ་སྒོར་དུང་ཕྱུར་200ལྷག་ཙམ་བཏང་ཡོད།

འདི་ནི་ལྷ་ས་སློབ་འབྲིང་གི་སྐབས་འདིའི་སློབ་ཐོན་སློབ་མས་སློབ་གྲྭའི་ནང་གླུ་གཞས་སྦྱངས་ནས་སློབ་ཐོན་མཛད་སྒོའི་འཁྲབ་སྟོན་གྲ་སྒྲིག་བྱེད་བཞིན་པ(ཤིན་ཧྭ་གསར་འགྱུར་ཁང་གི་གསར་འགོད་པ་རེན་ཡུང་ཀྲའོ་ཡིས་པར་བླངས)

འདི་ནི་བོད་རིགས་བུ་མོ་ཞིག་གིས་བོད་ལྗོངས་མཚོ་གཉིས་རྫོང་དཀར་མཚོ་ཤང་སློབ་ཆུང་ནང“འགན་ལེན་གསུམ”(བཟའ་སྡོད་སློབ་གསུམ་གྱི་འགྲོ་སོང་འགན་གཙང་ལེན་པ)གྱི་སྲིད་ཇུས་ལོངས་སྤྱོད་བྱེད་བཞིན་པ། (2014ལོའི་ཟླ་6ཚེས་29ཉིན་ཤིན་ཧྭ་གསར་འགྱུར་ཁང་གི་གསར་འགོད་པ་ཕུར་བུ་བཀྲ་ཤིས་ཀྱིས་པར་བླངས)

འདི་ནི་2017ལོའི་ཟླ་11ཚེས་10ཉིན་བོད་ལྗོངས་སློབ་ཆེན་གྱིས་སྐབས་དང་པོའི་འབུམ་རམས་པའི་ཞིབ་འཇུག་སློབ་མའི་སློབ་ཐོན་མཛད་སྒོ་གཉེར་ནས་སློབ་ཐོན་སློབ་མ་4ལ་འབུམ་རམས་པའི་སློབ་གནས་སྤྲད་པ་རེད། འབུམ་རམས་པ་བཞི་པོ་དེ་དག་བོད་ཀྱི་ལོ་རྒྱུས་ཆེད་ལས་དང་། བོད་སྐད་ཡིག་ཆེད་ལས། ས་མཐོའི་གསོ་རིག་ཆེད་ལས་བཅས་ནས་ཐོན་པ་ཞིག་རེད།