དབུ་ཤོག>ཆེད་སྒྲིག
  • གཞུང་དྲང་ཚུལ་ལྡན་གྱི་སྙིང་སྟོབས་ནམ་ཡང་གནས།

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།   |     སྤེལ་དུས།  2021-06-03

    360截图20210602100234034.jpg

    འདི་ནི་ཙོ་ཆོན་གྱི་འདྲ་པར་ཡིན་པ། (དཔྱད་གཞིའི་པར་རིས)

    ཙོ་ཆོན་1905ལོའི་ཟླ་3པར་ཧུའུ་ནན་ཞིང་ཆེན་ལིན་ལིང་རྫོང(དེང་གི་ལིན་ལིང་གྲོང་ཁྱེར)གི་ཞིང་པ་དབུལ་ཕོངས་ཀྱི་ཁྱིམ་ཚང་ཞིག་ཏུ་འཁྲུངས། སློབ་འབྲིང་སྐབས་སུ་ཀྲུང་གུང་གིས་འགོ་ཁྲིད་མཛད་པའི་སྤྱི་ཚོགས་ཞིབ་འཇུག་ཁང་དུ་ཞུགས་ཏེ་མར་ཁེ་སི་རིང་ལུགས་སྦྱངས། 1924ལོར་ཧོང་ཕུའུ་དམག་དོན་སློབ་གྲྭའི་དུས་ཐེངས་དང་པོར་སློབ་སྦྱོང་གནང་བ་དང“གཞོན་ནུ་དམག་མིའི་མཉམ་འབྲེལ་ལྷན་ཚོགས”ཀྱི་འགན་འཁུར་བའི་གྲས་ཤིག་རེད། 1925ལོར་ཀྲུང་གོ་གུང་ཁྲན་ཏང་ལ་ཞུགས་པ་དང་དེ་རྗེས་ཧོང་ཕུའུ་དམག་དོན་སློབ་གྲྭའི་སློབ་སྟོན་མདའ་ཤོག་ཏུ་ཕའེ་ཀྲང་དང་ལེན་ཀྲང་གནང་བ་དང་། དམག་ཤེད་ཅན་ཁྲེན་ཅུང་མིང་དྲག་པོར་གཏུལ་བའི་ཤར་ཕྱོགས་རྒྱང་སྐྱོད་བྱེད་ཐེངས་གཉིས་ནང་ཞུགས་ཡོད། ལོ་འདིའི་ཟླ་12པར་སུའུ་ལན་དུ་སློབ་སྦྱོང་གནང་བར་ཕེབས།

    1931ལོའི་ཟླ་12པར་བཀའ་ལྟར་གོ་མིང་ཏང་གི་དམག་སྡེ་26པས་ཉིང་ཏུའུ་འོས་ལངས་བྱེད་པར་འབྲེལ་གཏུག་དང་མཛུབ་ཁྲིད་གནང་ཡོད། འོས་ལངས་དཔུང་སྡེ་དེ་དམར་དམག་གི་དཔུང་ཚོགས་ལྔ་པར་བསྐྱར་སྒྲིག་བྱས་རྗེས་དམར་དམག་གི་དཔུང་ཚོགས་15པའི་ཆབ་སྲིད་ཨུ་ཡོན་གནང་། དེ་རྗེས་ཅུན་ཀྲང་དང་ཆབ་སྲིད་ཨུ་ཡོན་གཅིག་ལྕོགས་གནང་བ་རེད། 1933ལོའི་རྗེས་སུ་ཀྲུང་དབྱང་གསར་བརྗེའི་དམག་དོན་ཨུ་ལྷན་གྱི་ཅུས་དང་པོའི་ཅུས་ཀྲང་དང་དམར་དམག་གི་དཔུང་ཚོགས་དང་པོའི་ཚན་མོའུ་ཀྲང་གི་འགན་བཞེས་ནས་ཀྲུང་དབྱང་སུའུ་ཝེ་ཨེད་ས་ཁུལ་གྱི་སྐོར་བཅོམ་ལ་ཕར་རྒོལ་བྱེད་པའི་དམག་འཐབ་ཁག་ལ་ཞུགས་ཡོད།

    1934ལོའི་ཟླ་10པར་ཙོ་ཆོན་རྒྱང་སྐྱོད་ནང་ཞུགས་ཏེ་རྒྱལ་མོ་རྔུལ་ཆུ་བརྒལ་བ་དང་ལ་རྩེ་ཁ་ལ་དཔུང་འཇུག་བྱེད་པ་སོགས་ཀྱི་དམག་འཐབ་ལ་བཀོད་འདོམས་གནང་ཡོད། 1936ལོར་དམར་དམག་གི་དཔུང་ཚོགས་དང་པོའི་ལས་ཚབ་ཅུན་ཐོན་ཀྲང་གནང་སྟེ་དཔུང་སྡེའི་སྣེ་ཁྲིད་ནས་ནུབ་ཕྱོགས་རྒྱང་སྐྱོད་གནང་བ་དང་འབྲེལ་ཧྲན་ཁྲེང་མཁར་རྫོང་གི་གཡུལ་འགྱེད་ལའང་བཀོད་འདོམས་གནང་ཡོད།

    རྒྱལ་ཡོངས་སུ་རི་འགོག་དམག་འཁྲུག་ལངས་རྗེས། 1940ལོའི་སྟོན་དུས་སུ་ཕེང་ཏེ་ཧོའེ་དང་མཉམ་དུ་སྙན་གྲགས་ཆེ་བའི་དམག་སྡེ་བརྒྱའི་གཡུལ་འགྱེད་ཆེན་པོར་བཀོད་འདོམས་གནང་བ་དང་། 1941ལོའི་ཟླ་11པར་དམག་སྡེ་བརྒྱད་པའི་སྤྱི་ཁྱབ་པུའུ་ཡི་གསང་མྱུལ་ཚོགས་པའི་འགོ་ཁྲིད་མཛད་ནས་ཧོང་ཡ་ཏུང་སྲུང་སྐྱོབ་དམག་འཐབ་ལ་ཞུགས་པ་དང་ཉིན་མཚན་8རིང་དམག་འཐབ་དྲག་པོ་བརྒྱབ་པ་བརྒྱུད་རང་དམག་ཤི་རྨས་ཉུང་ཉུང་ཐོག་ནས་དགྲ་བོའི་དམག་མི་ཆིག་སྟོང་ཙམ་བསད་པས་ཀྲུང་དབྱང་དམག་ཨུད་ཀྱིས“གཙང་ཕྱཌ་ལ་ཕར་རྒོལ”བྱེད་པའི་དཔེ་མཚོན་དམག་འཐབ་ལ་ངོས་འཛིན་བྱས་ཡོད།

    1942ལོའི་ཟླ་5པར་རི་དམག་གིས་ཐའེ་ཧང་རི་འགོག་གནས་གཞིའི་ས་ཁུལ་ལ“གཙང་ཕྱགས་ཆེན་པོ”བྱས་ཡོད། ཚེས་25ཉིན་ཙོ་ཆོན་གྱིས་ཧྲན་ཤིས་ལེའོ་རྫོང་མཱ་ཐན་ཉེ་འགྲམ་དུ་དཔུང་སྡེར་བཀོད་འདོམས་བྱས་ཏེ་ཀྲུང་གུང་ཀྲུང་དབྱང་བྱང་ཕྱོགས་ཅུས་དང་དམག་སྡེ་བརྒྱད་པའི་སྤྱི་ཁྱབ་པུའུ་སོགས་ཀྱི་ལས་ཁུངས་དགྲ་བོའི་རུབ་བཅོམ་ནས་ཐར་རྒྱུར་འགེབས་སྲུང་བྱེད་སྐབས་ཧྲི་ཙི་ལིང་དམག་འཐབ་ནང་དཔའ་ངར་ཆེན་པོས་སྐུ་གཤེགས་པ་རེད། སྐབས་དེ་དུས་ཁོང་དགུང་ལོ་37ལས་ཕེབས་མེད་པ་རེད།

    འགན་འཁུར་རྩོམ་སྒྲིག་པ། 次旦多吉

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།