དབུ་ཤོག>ཆེད་སྒྲིག
  • ​“རི་འགོག་ཆེད་དུ་ངས་རང་སྲོག་བློས་གཏོང་འདོད”

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།   |     རྩོམ་པ་པོ།  ཀུང་ཅིན་ཤིང་།   |     སྤེལ་དུས།  2021-06-01

    360截图20210601091931944.jpg

    འདི་ནི་ཅིས་ཧུང་ཁྲང་གི་འདྲ་པར་ཡིན་པ། (དཔྱད་གཞིའི་པར་རིས)

    ཅིས་ཧུང་ཁྲང་ནི་1895ལོར་ཧོ་ནན་ཞིང་ཆེན་ཧྥུའུ་ཀོའུ་རྫོང་ལུའེ་ཐེན་གྲོང་རྡལ་དུ་འཁྲུངས། 1913ལོར་ཧྥེང་ཡུས་ཤང་དམག་དཔུང་དུ་དམག་མི་བྱས། 1930ལོའི་ཟླ་9པར། ཅིས་ཧུང་ཁྲང་གི་དམག་དཔུང་ཅང་ཅེ་ཧྲེ་ཡིས་བསྐྱར་སྒྲིག་བྱས་རྗེས་དམག་སྡེ་22པའི་སྤྱི་ཁྱབ་བཀོད་འདོམས་པ་དང་ཧྲི་ཤོག་30པའི་ཧྲི་ཀྲང་གི་འགན་བཞེས་ནས་བཀའ་ལྟར་ཧུའུ་པེ་དང་། ཧོ་ནན། ཨན་ཧུའེ་བཅས་ཀྱི་གསར་བརྗེའི་གནས་གཞིའི་ཁུལ“བསྐོར་བཅོམ”ལ་ཞུགས་ཀྱང་། ཁོང་གིས་ཅང་ཅེ་ཧྲེ་ཡི་ཚབ་བྱས་ནས་ནང་འཁྲུག་རྒྱག་འདོད་མི་གནང་བ་དང་དམར་དམག“བསྐོར་བཅོམ”ལ་ལྟ་སྟངས་ཡག་པོ་འཛིན་གྱི་མེད།

    1931ལོའི་ཟླ་8པར། ཅང་ཅེ་ཧྲེ་ཡིས་ཅིས་ཧུང་ཁྲང་གི་དམག་དབང་མེད་པ་བཟོས་ཏེ་བཀའ་བཙན་པོས་ཕྱི་རྒྱལ་དུ“རྟོག་ཞིབ”ལ་བཏང་། ཐོན་ལ་ཁད་དུ“དགུ་པའི་བཅོ་བརྒྱད”ཀྱི་དུས་འགྱུར་དང་ཏག་ཏག་འཁེལ་བས་ཅིས་ཧུང་ཁྲང་གིས་ཅང་ཅེ་ཧྲེར་དགོངས་སྐོར་ཞུ་བའི་ཏར་བཏང་། ཁོང་ལ་ཆོག་མཆན་མ་ཐོབ་པར་བརྟེན་ཡོ་རོབ་དང་མེ་གླིང་བསྐོར་ནས་རི་འགོག་གི་གཏམ་བཤད་གནང་བ་དང་རྒྱལ་སྤྱིའི་ངག་ཐོག་གི་རྒྱབ་སྐྱོར་ཐོབ་རེ་གནང་།

    1932ལོར། ཧྲང་ཧའེ་ཡི“དང་པོའི་རྩ་བརྒྱད”ཀྱི་རི་འགོག་དམག་འཁྲུག་གི་མེ་སྒྱོགས་སྒྲའི་ཁྲོད་དུ་ཅིས་ཧུང་ཁྲང་མེས་རྒྱལ་དུ་ལོག་པ་དང་། དེ་འཕྲལ་དེ་སྔའི་མངའ་འོག་དང་འབྲེལ་བ་གནང་ནས་རི་པིན་གྱི་བཙན་འཛུལ་འགོག་རྒོལ་བྱེད་པར་གང་སར་འབོད་སྐུལ་བྱེད་དུ་བསྐྱོད། 1932ལོའི་སྟོན་ཁར། ཁོང་པེ་ཕིང་དུ་ཀྲུང་གོ་གུང་ཁྲན་ཏང་ནང་ཞུགས།

    1933ལོའི་ཟླ་5པར། ཀྲུང་གུང་བྱང་ཕྱོགས་རྩ་འཛུགས་ཀྱི་འགོ་ཁྲིད་དང་རོགས་རམ་འོག ཧྥེང་ཡུས་ཞང་གིས་སྤྱི་ཁྱབ་སི་ལིང་གི་འགན་བཞེས་པའི་རི་འགོག་དྲག་ཆས“ཁྲ་ཧར་དམངས་ཚོགས་ཀྱི་རི་འགོག་མནའ་མཐུན་དམག་དཔུང”ཀྲང་ཅ་ཁའུ་རུ་བཙུགས་ཤིང་། ཅིས་ཧུང་ཁྲང་གིས་དམག་དཔུང་2པའི་ཅུན་ཀྲང་དང་། བྱང་ལམ་དམག་དཔུང་གི་གཡུལ་སའི་སྤྱི་ཁྱབ་བཀོད་འདོམས་པ་དང་ཁྲ་ཧར་ཉེན་ཟོན་བདེ་སྲུང་སི་ལིང་བཅས་ཀྱི་འགན་གཅིག་ལྕོགས་བཞེས་ནས་དཔུང་སྡེའི་སྣེ་འཁྲིད་དེ་ཁྲ་ཧར་བྱང་རྒྱུད་ཀྱི་རི་པིན་དང་སྲིད་གཞུང་རྫུས་མའི་དམག་ལ་ཕར་རྒོལ་གནང་།

    1934ལོར། ཅིས་ཧུང་ཁྲང་གིས་ཀྲུང་གོ་མི་དམངས་ཀྱི་ཧྥ་ཤི་སིར་ངོ་རྒོལ་བྱེད་པའི་མནའ་མཐུན་ཆེ་མོ་སྒྲིག་འཛུགས་ཀྱིས་ཞུགས་ཤིང་། ཀྲུའུ་རེན་ཨུ་ཡོན་ལ་མིང་འདོན་འདེམས་སྒྲུག་བྱས་པ་དང་། 《མི་རིགས་ཀྱི་དམག་དར》ཚགས་པར་གསང་བའི་ངང་པར་སྐྲུན་བྱས་ཏེ་རི་འགོག་དྲིལ་བསྒྲགས་དང་ཕྱོགས་ཁག་ལ་འབྲེལ་བ་གནང་ནས་རི་འགོག་དྲག་ཆས་བསྐྱར་དུ་སྒྲིག་འཛུགས་བྱ་རྒྱུའི་གྲ་སྒྲིག་གནང་།

    1934ལོའི་ཟླ་11ཚེས་9ཉིན། ཅིས་ཧུང་ཁྲང་ཐེན་ཅིན་ཧྥ་རན་སེའི་བཙན་གཡར་ས་ཆར་ཅུན་ཐུང་གི་གསང་ཉུལ་གྱིས་ལྐོག་གསོད་བྱེད་སྐབས་རྨས་སྐྱོན་ཕོག་པ་མ་ཟད། འཛིན་བཟུང་བྱས་པ་དང་ཕྱིས་སུ་པེ་ཕིང་གི་ཡན་ལག་དམག་ཁུལ་དུ་ཁྲིད་སྐྱེལ་བྱས། དགྲ་བོས་ཐབས་ཤེས་སྣ་ཚོགས་བཏང་ནས་མནར་གཅོད་བཙན་འདྲི་བྱས་ཀྱང་། ཅིས་ཧུང་ཁྲང་གིས་དྲང་བདེན་གྱི་དོན་དུ་ཞུམ་མེད་དཔའ་ངར་སྟོན་བཞིན“ང་ནི་གུང་ཁྲན་ཏང་ཡོན་ཡིན། ང་གསར་བརྗེའི་དམག་དཔུང་ནང་ཞུགས་པ་དང་གུང་ཁྲན་ཏང་ཡོན་གྱི་གྲས་ཤིག་ཏུ་གྱུར་ནས་ང་ཚོའི་ཏང་གི་རིང་ལུགས་དང་མིའི་རིགས་ཀྱི་བཅིངས་འགྲོལ་ཆེད་དུ་འབད་འཐབ་བྱེད་ཐུབ་པ་ནི་ངའི་ཚེ་གང་གི་གཟི་བརྗིད་ཆེ་ཤོས་དེ་ཡིན”“རི་འགོག་གི་ཆེད་དུ་རང་སྲོག་བློས་གཏོང་འདོད། ཁ་གསལ་གཏིང་གསལ་ངང་བློས་གཏོང་འདོད”ཅེས་གསུངས་ཡོད། ཟླ་11ཚེས་24ཉིན། ཅང་ཅེ་ཧྲེས་བཀའ་བཏང་བ་བརྒྱུད། ཅིས་ཧུང་ཁྲང་པེ་ཕིང་སྐམ་དམག་བཙོན་ཁང་དུ་དམར་གསོད་བྱས་ཤིང་། སྐབས་དེ་དུས་དགུང་ལོ་39རེད།

    འགན་འཁུར་རྩོམ་སྒྲིག་པ། 次旦多吉

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།