དབུ་ཤོག>ཆེད་སྒྲིག
  • སྐད་ཅིག་ཉིད་ཀྱི་རྣམ་པ་བཞི་པ། བོད་རང་སྐྱོང་ལྗོངས་དབུ་བརྙེས་པ།

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།   |     སྤེལ་དུས།  2021-06-01

    589321_yis_1622476800000_s.jpg

    མི་རིགས་ས་ཁོངས་རང་སྐྱོང་ལམ་ལུགས་ནི་རྒྱལ་ཁབ་ཀྱི་གཞི་རྩའི་ཆབ་སྲིད་ལམ་ལུགས་ཤིག་རེད། 1965ལོར་བོད་རང་སྐྱོང་ལྗོངས་དབུ་བརྙེས་ནས་རང་སྐྱོང་ལྗོངས་མི་དམངས་ཨུ་ཡོན་ལྷན་ཁང་བདམས་ཐོན་བྱུང་བ་དང་མི་རིགས་ས་ཁོངས་རང་སྐྱོང་ལམ་ལུགས་བོད་དུ་ཕྱོགས་ཡོངས་ནས་ལག་ལེན་བསྟར་འགོ་ཚུགས་ཡོད། 1984ལོར་རྒྱལ་ཁབ་ཀྱིས《ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་མི་རིགས་ས་ཁོངས་རང་སྐྱོང་བཅའ་ཁྲིམས》ཁྱབ་བསྒྲགས་བྱས་ནས་ལག་བསྟར་བྱས་ཡོད། ལོ་བཅུ་ཕྲག་རིང་གི་འཚོལ་ཞིབ་དང་ལག་ལེན་བརྒྱུད་བོད་ཀྱི་མི་རིགས་ཁག་གི་མི་དམངས་ཀྱིས་འདྲ་མཉམ་དང་། མཐུན་སྒྲིལ། རོགས་རེས། ཞི་མཐུན་བཅས་ཀྱི་སྤྱི་ཚོགས་རིང་ལུགས་ཀྱི་མི་རིགས་འབྲེལ་བ་བཏོད་ཡོད།

    བོད་རང་སྐྱོང་ལྗོངས་དབུ་བརྙེས་པ་ནས་བཟུང་། ས་གནས་རང་བཞིན་གྱི་ཁྲིམས་སྲོལ་དང་ཚད་ལྡན་རང་བཞིན་གྱི་ཡིག་ཆ་ཁག་152སྔ་རྗེས་སུ་བཏོན་ནས་མི་རིགས་ཁག་གི་མི་དམངས་ཀྱི་ཁེ་དབང་སྲུང་སྐྱོང་བྱ་ཆེད། ཁྲིམས་སྐྱོང་གི་འགན་ལེན་གལ་ཆེན་བྱས་ཡོད། བོད་ཀྱི་མི་རིགས་ཁག་གི་མི་དམངས་ཀྱིས་རྩ་ཁྲིམས་དང་བཅའ་ཁྲིམས་ཀྱིས་དཀྲིས་པའི་འདེམས་བྱེད་དབང་ཆ་དང་གདམ་བྱའི་དབང་ཆ་ཧུར་ཐག་སྤྱད་དེ་རྒྱལ་ཡོངས་དང་རང་སྐྱོང་ལྗོངས་ཀྱི་རིམ་ཁག་མི་དམངས་འཐུས་ཚོགས་ཀྱི་འདེམས་བསྐོའི་ནང་ཞུགས་པ་དང་རྒྱལ་ཁབ་དང་ས་གནས་ཀྱི་ལས་དོན་དོ་དམ་ནང་ཞུགས་ཡོད། 1979ལོ་ནས་བཟུང་། སྔ་རྗེས་སུ་རང་སྐྱོང་ལྗོངས་དང་། ས་ཁུལ(གྲོང་ཁྱེར) རྫོང་། ཤང(གྲོང་རྡལ)བཅས་རིམ་བཞིའི་སྐབས་བརྗེའི་འདེམས་བསྐོ་ཐེངས་མང་བྱས་པ་དང་། འདེམས་དམངས་འདེམས་བསྐོའི་ནང་ཞུགས་ཚད་90%ཡན་ཟིན་པ། ས་གནས་ཁ་ཤས་སུ་འདེམས་དམངས་འདེམས་བསྐོའི་ནང་ཞུགས་ཚད་100%ཟིན་ཡོད།

    གཡོན་གྱི་པར་གོང་མ་ནི་1965ལོའི་ཟླ་9ཚེས་9ཉིན་ལྷ་སའི་ལས་རིགས་ཁག་དང་མི་རིགས་ཁག་གི་མི་དམངས་ཁྲི་གསུམ་ལྷག་ཙམ་གྱིས་འདུ་འཛོམས་ཁྲོམ་སྐོར་བྱས་ཏེ་བོད་རང་སྐྱོང་ལྗོངས་དངོས་སུ་དབུ་བརྙེས་པར་སྤྲོ་སེམས་འཁོལ་པོས་རྟེན་འབྲེལ་ཞུ་བཞིན་པ། (ཤིན་ཧྭ་གསར་འགྱུར་ཁང་གི་གསར་འགོད་པ་མཱ་ཅིང་ཆིའུ་ཡིས་པར་བླངས)

    གཡོན་གྱི་པར་འོག་མ་ནི་ལྷ་ས་གྲོང་ཁྱེར་སྣེའུ་ཁུལ་གསར་དོ་དམ་ཨུ་ལྷན་སྣེའུ་ཤང་སྣེའུ་གྲོང་ཚོའི་སྐབས་བརྗེའི་འདེམས་བསྐོའི་ལས་དོན་མི་སྣས་འདེམས་ཤོག་བླུག་སྒམ་སྟོན་བཞིན་པ། (2014ལོའི་ཟླ་10ཚེས་29ཉིན་ཤིན་ཧྭ་གསར་འགྱུར་ཁང་གི་གསར་འགོད་པ་ཕུར་བུ་བཀྲ་ཤིས་ཀྱིས་པར་བླངས)

    གཡས་ཀྱི་པར་ནི་2018ལོའི་ཟླ་3ཚེས་11ཉིན་རྒྱལ་ཡོངས་མི་དམངས་འཐུས་ཚོགས་སྐབས་བཅུ་གསུམ་པའི་ཚོགས་འདུ་ཐེངས་དང་པོས་པེ་ཅིང་མི་དམངས་ཚོགས་ཁང་ཆེ་མོར་ཚང་འཛོམས་གྲོས་ཚོགས་ཐེངས་གསུམ་པ་འཚོགས་ཤིང་། རྒྱལ་ཡོངས་མི་དམངས་འཐུས་ཚོགས་ཀྱི་འཐུས་མི་སྒྲོལ་དཀར་གྱིས“འཐུས་མིའི་བགྲོད་ལམ”ཐོག་བཅར་འདྲི་དང་ལེན་ཞུ་བཞིན་པ།

    འགན་འཁུར་རྩོམ་སྒྲིག་པ། 德吉普尺

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།