འདི་ནི་ཡུལ་སྐོར་བས་རེན་ཧུའེ་གྲོང་ཁྱེར་དམར་དམག་གིས་ཁྲི་ཆུ་ཐེངས་བཞི་བརྒལ་བའི་དྲན་གསོ་ཁང་དུ་ལྟ་སྐོར་བྱེད་པ།
འདི་ནི《ཆིན་གྱི་གླུ་མ་དྲན·ལུའུ་ཧྲན་འགག་སྒོ》ཞེས་བརྐོས་པའི་གྱང་ཡིན་པ།
འདི་ནི་ཡུལ་སྐོར་བས་ཙུན་དབྱི་གྲོས་ཚོགས་འཚོག་ཡུལ་དུ་ལྟ་སྐོར་བྱེད་པ།
འདི་ནི་ལྟ་སྐོར་བ་ཀྲུང་ཁྲེ་པིང་གི་དྲན་གསོའི་ཐང་ཆེན་གྱི་ཀྲུང་ཁྲེ་པིང་འཇིམ་བརྙན་གྱི་མདུན་ནས་འགྲོ་བཞིན་པ།
ལོ་86གོང་དུ། ཀུའེ་ཀྲོའུ་ཙུན་དབྱི་རུ། ཀྲུང་གོ་གུང་ཁྲན་ཏང་མིས་ལོ་རྒྱུས་རང་བཞིན་གྱི་གདམ་ག་གཅིག་བྱས་ནས་ཀྲུང་གོའི་གསར་བརྗེར“མུན་ནག་དང་ཀྱག་ཀྱོག”ནས་འོད་ཟེར་དང་རྒྱལ་ཁའི་ཕྱོགས་སུ་འགྲོ་བའི་འགྱུར་མཚམས་རླབས་ཆེན་བྱུང་ཡོད།
“འགྱུར་མཚམས་རླབས་ཆེན”ནི་རིམ་པ་བཞིན་ཇི་ལྟར་བྱུང་བ་ཡིན་ནམ། ཙུན་དབྱི་གྲོས་ཚོགས་འཚོག་ཡུལ་འགྲམ་གྱི་ཚེས་སེར་སྡོང་པོ་ཆེན་པོ་དང་། ཝུའུ་ཅང་གཙང་པོའི“དམར་དམག་གི་ཆུ་རྟ” ཀོའུ་པཱ་གྲོས་ཚོགས་འཚོག་ཡུལ་གྱི་ལག་སྒྲོན་བཅས་ལས་ཀྲུང་གོའི་གསར་བརྗེའི་ལོ་རྒྱུས་ཀྱི་འོད་སྟོང་འབར་བའི་བྱ་བ་རེ་རེར་དཔང་པོ་བྱེད།