དབུ་ཤོག>ཆེད་སྒྲིག
  • “མི་དམངས་ཀྱི་ཁེ་ཕན་ཆེད་དུ་རང་ཉིད་ཀྱི་ཡོད་ཚད་བློས་གཏོང་དགོས”

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།   |     སྤེལ་དུས།  2021-05-31

    360截图20210531094606159.jpg

    འདི་ནི་ཝུའེ་པཱ་ཆུན་གྱི་འདྲ་པར་ཡིན་པ། (དཔྱད་གཞིའི་པར་རིས)

    ཝུའེ་པཱ་ཆུན་ནི་1894ལོར་འཁྲུངས་ཤིང་། ཀོང་ཤིས་ཏུང་ལན་བ་རེད། ལོ་ཆུང་དུས་ཀོང་ཤིས་ཁྲིམས་སྲིད་སློབ་གྲྭར་སློབ་སྦྱོང་གནང་།

    ལྔ་བཞི་ལས་འགུལ་གྱི་ཤུགས་རྐྱེན་འོག་1920ལོར་ཝུའེ་པཱ་ཆུན་ཀུའེ་ཀྲོའུ་དམག་ནས་ཞལ་གྱེས་རྗེས། ཀོང་ཀྲོའུ་རུ“ཀོང་ཤིས་སྒྱུར་བཀོད་ཀྱི་བློ་མཐུན་ཚོགས་པ”ལ་ཞུགས།

    1921ལོའི་ཟླ་9པར། ཝུའེ་པཱ་ཆུན་ཕ་ཡུལ་ཏུང་ལན་རྫོང་དུ་ལོག་ནས་ཞིང་པའི་གསར་བརྗེའི་ལས་འགུལ་ལ་ཞུགས། སྔ་རྗེས་སུ“ཏུང་ལན་སྒྱུར་བཀོད་ཀྱི་བློ་མཐུན་ཚོགས་པ”(ཕྱིས་སུ་ཞིང་པའི་རང་སྐྱོང་ཚོགས་པ་ཞེས་འབོད)དང“རྒྱལ་དམངས་རང་སྲུང་དམག”(ཕྱིས་སུ་ཞིང་པའི་རང་སྲུང་དམག་ཅེས་འབོད)སྒྲིག་འཛུགས་བྱས་ཏེ་ཞིང་པའི་ལས་འགུལ་དང་དྲག་ཆས་འཐབ་རྩོད་རིམ་བཞིན་ཟུང་འབྲེལ་གནང་བ་རེད། 1923ལོའི་དབྱར་ཁར་ཞིང་པའི་དམག་ལ་བཀོད་འདོམས་གནང་སྟེ་ཏུང་ལན་རྫོང་གྲོང་ལ་དམག་འཐབ་ལན་གསུམ་བརྒྱབ་ནས། ཡིའུ་ཅང་ཞིང་པའི་དྲག་ཆས་འཐབ་རྩོད་ཀྱི་འགོ་ཚུགས།

    1925ལོའི་ལོ་འགོར་ཝུའེ་པཱ་ཆུན་ཀོང་ཀྲོའུ་ཞིང་པའི་ལས་འགུལ་ཁྲིད་སྦྱོང་ཁང་དུ་སློབ་སྦྱོང་གནང་བར་ཕེབས། 1926ལོར་ཏུང་ལན་རྫོང་གསར་བརྗེའི་ཨུ་ཡོན་ལྷན་ཁང་འཛུཌ་པར་འགོ་ཁྲིད་གནང་ནས་ཀྲུའུ་རེན་གྱི་འགན་འཁུར་བ་དང་། ལོ་དེའི་དགུན་ཁར་ཀྲུང་གོ་གུང་ཁྲན་ཏང་ལ་ཞུགས། 1927ལོའི་གསར་བརྗེ་ཆེན་པོ་ཕམ་རྗེས་སྔར་བཞིན་ཡུལ་དེ་གར་དྲག་ཆས་འཐབ་རྩོད་རྒྱུན་འཁྱོངས་གནང་།

    1929ལོའི་ཟླ་12པར། ཝུའེ་པཱ་ཆུན་གྱིས་པའེ་སེ་འོས་ལངས་ལ་ཞུགས་ནས་འགོ་ཁྲིད་གནང་སྟེ་ཡིའུ་ཅང་སུའུ་ཝེ་ཨེད་ས་ཁུལ་བཙུགས་པ་དང་། ཡིའུ་ཅང་སུའུ་ཝེ་ཨེད་སྲིད་གཞུང་གི་ཨུ་ཡོན་དང་ཀྲུང་གོ་བཟོ་ཞིང་དམར་དམག་དཔུང་སྡེ་7པ་གཞུང་རུ་གསུམ་པའི་སི་ལིང་ཡོན་གྱི་འགན་བཞེས།

    1930ལོའི་ཟླ་10པར། དམར་དམག་དཔུང་སྡེ་7པ་ཀོང་ཤིས་ཧོ་ཁྲེར་གཅིག་སྡུད་ལེགས་སྒྲིག་བྱས་ནས་དེ་སྔའི་གཞུང་རུ་3པོ་ཧྲི་ཤོག་3ལ་བསྐྱར་སྒྲིག་བྱས་པ་དང་། ཝུའེ་པཱ་ཆུན་གྱིས་ཧྲི་ཤོག་21པའི་ཧྲི་ཀྲང་གི་འགན་བཞེས་ཏེ་དཔུང་སྡེའི་སྣེ་ཁྲིད་ནས་ཡིའུ་ཅང་གི་སུའུ་ཝེ་ཨེད་ས་ཁུལ་བསྲུངས། ཁོང་གིས་ཏང་གི་གཏན་འབེབས་ལ་མཐའ་གཅིག་ཏུ་བརྩི་སྲུང་ཞུས་པ་མ་ཟད། ཧྲི་ཤོག་21པའི་ན་གཞོན་དཔོན་དམག་གོ་ཐང་1000ལྷག་ཙམ་རྒྱང་སྐྱོད་ལ་སྐྱོད་ཉེར་ཡོད་པའི་གཙོ་ཤུགས་ཧྲི་ཤོག་གཉིས་ལ་གསབ་སྣོན་བྱས་ནས་སྤྱི་ཡོངས་ཀྱི་ཁེ་ཕན་གཙིགས་ཆེར་འཛིན་པའི་བླ་ན་མེད་པའི་ཀུན་སྤྱོད་མངོན་ཡོད།

    དམར་དམག་དཔུང་སྡེ་7པའི་གཙོ་ཤུགས་ཡིའུ་ཅང་སུའུ་ཝེ་ཨེད་ས་ཁུལ་ནས་གྱེས་རྗེས། ཝུའེ་པཱ་ཆུན་གྱིས་མི་བརྒྱ་ལྷག་ཙམ་གྱི་སྣེ་ཁྲིད་དེ་ཡིའུ་ཅང་ས་ཁུལ་དུ་བཞུགས། ཁོང་གིས་མང་ཚོགས་སྐུལ་སློང་གིས་དཔུང་སྡེ་རྒྱ་སྐྱེད་བཏང་བ་དང་དཀའ་ཚེགས་ཧ་ཅང་ཆེ་བའི་ཆ་རྐྱེན་འོག་ངེས་མེད་རྒོལ་རྡུང་འཐབ་རྩོད་རྒྱུན་འཁྱོངས་གནང་། ཁོང་གིས་བློ་ཐག་ཆོད་པོས“གསར་བརྗེ་བ་ནི་དཀའ་ངལ་དང་ཤི་རྒྱུར་མི་སྐྲག་པར་མི་དམངས་ཀྱི་ཁེ་ཕན་ཆེད་དུ་རང་ཉིད་ཀྱི་ཡོད་ཚད་བློས་གཏོང་དགོས”ཞེས་གསུངས་ཡོད།

    1932ལོའི་ཟླ་10ཚེས་19ཉིན་གྱི་ཐོ་རེངས་སུ། ཝུའེ་པཱ་ཆུན་ངོ་ལོག་པས་ཀོང་ཤིས་ཏུང་ལན་ཧྲང་ཁྲ་ཏུང་དུ་བསད་ཅིང་། སྐབས་དེ་དུས་དགུང་ལོ་38རེད།

    འགན་འཁུར་རྩོམ་སྒྲིག་པ། 次旦多吉

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།