དབུ་ཤོག>ཆེད་སྒྲིག
  • ཐོག་མའི་བསམ་འདུན་མ་བརྗེད་པར་ཏང་གཤིས་ལ་ཞུན་བརྡར་སྤྲད་དེ་འགན་འཁྲི་རྣམ་དག་འཁུར་བའི་ཉེན་རྟོག་པའི་བླ་སྲོག་བཏོད་པ།

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།   |     སྤེལ་དུས།  2021-05-31

    ལིན་ཅང་ཕིང་། ཕོ། རྒྱ་རིགས། 1981ལོའི་ཟླ་8པར་སྐྱེས། ཀྲུང་གུང་ཏང་ཡོན། ལིན་ཅང་ཕིང་གི་ཕ་ལིན་ཧྥུའུ་ཀུའེ་ནི་དེ་སྔ་མངའ་རིས་ས་ཁུལ་ལྟ་སྲུང་ཁང་གི་མི་དམངས་ཉེན་རྟོག་པ་ཞིག་ཡིན་པ་དང་མངའ་རིས་སུ་ཉེན་རྟོག་པ་ལོ་30བྱས་ཡོད། ལིན་ཅང་ཕིན་ལ་ཆུང་དུས་ནས་ཕའི་ཤུགས་རྐྱེན་ཐེབས་པས་ཉེན་རྟོག་པའི་ལས་རིགས་ལ་ཤིན་ཏུ་དགའ་པོ་ཡོད། མཐོ་རྒྱུགས་གཏོང་སྐབས་ཁོང་གིས་ཉེན་རྟོག་སློབ་གྲྭར་མིང་ཐོ་བཀོད་པ་དང་། 2000ལོར་སློབ་གྲྭ་ཐོན་རྗེས་པ་ཕས་དེ་སྔ་འབད་འཐབ་བྱེད་མྱོང་བའི་ས་ཆར་ལས་ཀ་བྱེད་པར་བསྐྱོད་དེ་ལང་ཚོ་དང་ཁྲག་དྲོན་བོད་ནུབ་ངོས་ཀྱི་མངའ་རིས་སུ་འབུལ་རྒྱུའི་སེམས་ཐག་བཅད།

    ལས་ཀར་ཞུགས་རྗེས་ལིན་ཅང་ཕིང་གཞི་རིམ་མི་དམངས་ཉེན་རྟོག་པ་ཞིག་ནས་རིམ་བཞིན་ཕུལ་བྱུང་གི་ཏང་ཡོན་འགོ་ཁྲིད་ལས་བྱེད་པ་ཞིག་ཏུ་གྱུར་ཡོད། ཁོང་གིས་དེ་སྔ་སྒར་རྫོང་སྤྱི་བདེ་ཅུས་སེང་གེ་ཁ་འབབ་མངགས་གཏོང་ཁང་གི་སློབ་སྟོན་པ་དང་། སུའོ་ཀྲང་། སྤྱི་བདེ་ཁྲུའུ་བདེ་འཇགས་དོ་དམ་ཉིང་ལག་རུ་ཁག་གི་ཆབ་སྲིད་ཨུ་ཡོན་བཅས་ཀྱི་འགན་འཁུར་མྱོང་ཡོད། རྗེས་སུ་ཆུ་མིག་མཚོ་ཡི་སྤྱི་བདེའི་རིམ་པ་དང་པོའི་ཞིབ་བཤེར་ས་ཚིགས་ཀྱི་ཀྲན་ཀྲང་ལ་བསྐོ་གཞག་བྱས་པ་དང་ས་བབ་མཐོ་ཚད་སྨི་5118ཡོད་པའི་ཆུ་མིག་མཚོ་ཡི་སྤྱི་བདེའི་རིམ་པ་དང་པོའི་ཞིབ་བཤེར་ས་ཚིགས་སུ་ལོ་གསུམ་ཙམ་ལས་གནས་བརྟན་སྲུང་བྱས། 2019ལོའི་ཟླ་12པར་ལིན་ཅང་ཕིང་ས་བབ་མཐོ་ཚད་སྨི་4700ཟིན་པའི་མཚོ་ཆེན་རྫོང་དུ་མངགས་ནས་སྲིད་ཁྲིམས་ཨུ་ལྷན་གྱི་ཧྲུའུ་ཅི་དང་སྤྱི་བདེ་ཅུས་ཀྱི་ཅུས་ཀྲང་གཅིག་ལྕོགས་ཀྱི་འགན་འཁུར་དུ་བཅུག སྲིད་ཁྲིམས་དཔུང་ཁག་གི་ཏང་ཡོན་འགོ་ཁྲིད་ལས་བྱེད་པ་ཞིག་ཡིན་པའི་ངོས་ནས། ལིན་ཅང་ཕིང་གིས་དུས་དང་རྣམ་པ་ཀུན་ཏུ་རིག་པ་དྭངས་གསལ་རྒྱུན་འཁྱོངས་ཀྱིས“ཀྲུང་དབྱང་ལ་རྙོག་དྲ་མི་བཟོ་བ་དང་། རང་སྐྱོང་ལྗོངས་ལ་རྙོག་དྲ་མི་བཟོ་བ། ས་ཨུད་ལ་རྙོག་དྲ་མི་བཟོ་བ་བཅས”ཀྱི་ལས་ཀའི་མཐའ་ཚད་བརྟན་པོ་བསྲུངས་ཏེ། མཚོ་ཆེན་རྫོང་གི་རིམ་ཁག་སྲིད་ཁྲིམས་ལས་ཁུངས་དང་སྲིད་ཁྲིམས་ལས་བྱེད་ཉེན་རྟོག་པའི་སྣེ་ཁྲིད་དེ་རང་འགན་གཙང་སྒྲུབ་དང་། ལས་གནས་བརྟན་སྲུང་། ལས་ཀ་རེ་རེ་བཞིན་དུ་སྒྲུབ་པ་བཅས་བྱས་ནས། སྤྱི་ཚོགས་སྤྱི་ཡོངས་རྒྱུན་མཐུད་ཞི་མཐུན་བརྟན་ལྷིང་སྲུང་སྐྱོང་དང་། དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་ཡག་པོ། མི་དམངས་མང་ཚོགས་ཀྱི་བདེ་སྐྱིད་འགན་ལེན་བཅས་བྱ་ཆེད་ལེགས་སྐྱེས་མངོན་གསལ་དོད་པོ་ཕུལ་ཡོད་པ་རེད།

    2019ལོའི་ཟླ་10ཚེས་1ཉིན། གནམ་བདེ་སྒོ་མོའི་ཐང་ཆེན་དུ་ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་དབུ་བརྙེས་ནས་ལོ་ངོ་70འཁོར་བའི་དམག་གཟིགས་མཛད་སྒོ་འཚོགས་ཤིང་། བོད་ལྗོངས་མངའ་རིས་ནས་ཡིན་པའི་འཐུས་མི་རྒྱ་མཚོ་ཕུན་ཚོགས་ཟུར་ཞུགས་བྱས་ཤིང་། ཁོང་གིས་རྒྱལ་ཁབ་ཆེ་མོའི་དམག་དཔུང་སྟོབས་ཆེན་གྱི་སྟོབས་ཤུགས་མྱོང་ཞོར་དུ། སེམས་ནང་ལིན་ཅང་ཕིང་ལ་ཐུགས་རྗེ་ཆེ་ཡང་ཡང་ཞུ་བཞིན་ཡོད། ཟླ་བ་གཅིག་གི་གོང་ཆུ་མིག་མཚོ་ཞིབ་བཤེར་ས་ཚིགས་ཀྱི་ཀྲེན་ཀྲང་ལིན་ཅང་ཕིང་ལ་པེ་ཅིང་དུ་རྒྱལ་ཡོངས་ཀྱི་མི་རིགས་མཐུན་སྒྲིལ་ཡར་ཐོན་གྱི་གཟེངས་བསྟོད་ཚོགས་ཆེན་དང་ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་དབུ་བརྙེས་ནས་ལོ་ངོ་70འཁོར་བའི་དམག་གཟིགས་ཚོགས་ཆེན་ལ་ཞུགས་རྒྱུའི་གདན་ཞུའི་ཡི་གེ་འབྱོར། གདན་ཞུའི་ཡི་གེ་འབྱོར་རྗེས་ལིན་ཅང་ཕིང་གིས་ཆབ་སྲིད་ཨུ་ཡོན་རྒྱ་མཚོ་ཕུན་ཚོགས་ལ“ཁྱེད་ངའི་སྔོན་ལ་ལས་ཀར་ཞུགས་པས་མ་ཚད། བསླབ་པ་རྒན་ཤོས་ཀྱང་ཡིན་པས། ཁྱེད་ཀྱིས་ཞིབ་བཤེར་ས་ཚིགས་ཀྱི་ཚབ་བྱས་ནས་བྱ་དགའ་ལེན་པར་བསྐྱོད་རོགས”ཞེས་བཤད། ནམ་རྒྱུན་གྱི་ལས་ཀའི་ཁྲོད་ལིན་ཅང་ཕིང་ནི་མཚན་སྙན་གྱི་མདུན་དུ་རྟག་ཏུ་སྔོན་ལ་མི་གཞན་ལ་བསམ་བློ་གཏོང་བ་དང་ལས་འགན་གྱི་མདུན་དུ་གདོང་མཆོང་བྱེད་རྐྱང་བྱེད་ཀྱི་ཡོད། ཆུ་མིག་མཚོ་ཞིབ་བཤེར་ས་ཚིགས་སུ་ལས་ཀ་བྱེད་པའི་དུས་ཐུང་དེའི་ནང་། ཁོང་གིས་སྐལ་བཟང་ཡོན་ཏན“ཕུལ་བྱུང་གཞུང་ལས་པར”འོས་སྦྱོར་བྱས་པ་དང་། དོན་གྲུབ“ཕུལ་བྱུང་གུང་ཁྲན་ཏང་ཡོན”ལ་འོས་སྦྱོར་བྱས་པ་རེད། ཁོང་གིས“ང་འགོ་ཁྲིད་ཞིག་ཡིན་པས་བྱས་རྗེས་ལ་ཧབ་ཐོབ་བརྒྱབ་ན་ག་ནས་འགྲིག བློ་མཐུན་ཚོ་དཀའ་ལས་ཧ་ཅང་ཆེ་བས་གཟི་བརྗིད་མཚན་སྙན་ནི་ཁོང་ཚོར་ཐོབ་འོས་པ་ཞིག་རེད”ཅེས་བཤད།

    2020ལོའི་ཟླ་12པའི་ཟླ་འགོར་ལིན་ཅང་ཕིང་མཚོ་ཆེན་རྫོང་དང་བར་ཐག་སྤྱི་ལེ་160ལྷག་ཙམ་ཡོད་ཅིང་ཆ་རྐྱེན་ཧ་ཅང་ཞན་པའི་མཚོ་ཆེན་རྫོང་སྤེན་བླ་ལྷ་ཁང་དུ་བསྐྱོད་དེ་འཐབ་ས་དང་པོ་བརྟན་སྲུང་བྱེད་བཞིན་པའི་དགོན་སྡོད་ལས་བྱེད་པ་དང་མི་དམངས་ཉེན་རྟོག་པར་འཚམས་འདྲི་བྱས་པ་དང་། དགོན་སྡེའི་བདེ་འཇགས་དོ་དམ་ལས་དོན་ལ་ཞིབ་བཤེར་དང་མཛུབ་ཁྲིད་བྱས་པ་དང་སྦྲགས་དགོན་སྡོད་ལས་བྱེད་པ་དང་མི་དམངས་ཉེན་རྟོག་པ་དང་མཉམ་དུ་བཞུགས་མོལ་ཀྱང་བྱས་པ་རེད། ཟླ་12ཚེས་17ཉིན་ལིན་ཅང་ཕིང་གིས་སྔ་རྗེས་སུ་རུ་སྣེ་ཁྲིད་དེ་མཚོ་ཆེན་རྫོང་རྐྱང་ཧྲེང་ཤང(ས་བབ་མཐོ་ཚད་སྨི་4800ཟིན་པ)དང་མེ་ཏོག་གི་སྤྱི་བདེ་རིམ་པ་དང་པོའི་ཞིབ་བཤེར་ས་ཚིགས(ས་བབ་མཐོ་ཚད་སྨི་4800ཟིན་པ)ཀྱི་གཞི་རིམ་གྱི་འཐབ་ས་དང་པོའི་བརྟན་ལྷིང་སྲུང་སྐྱོང་ལས་དོན་ལ་ཞིབ་བཤེར་དང་མཛུབ་ཁྲིད་བྱས་པ་དང་འབྲེལ་ལས་སྒྲུབ་སྟོབས་ཤུགས་ལ་འཚམས་འདྲི་ཡང་བྱས་པ་རེད། ཆུ་ཚོད་23དང་སྐར་མ་30ཙམ་ལ་སྤྱི་བདེ་ཅུས་སུ་ཕྱིར་ལོག་གིས་ཀྲུང་དབྱང་གི་དཔལ་འབྱོར་ལས་དོན་ཚོགས་འདུའི་ཆེད་དོན་བརྟན་ལྷིང་སྲུང་སྐྱོང་གི་བདེ་སྲུང་ལས་དོན་དང་ལོ་མཇུག་དང་ལོ་འགོའི་གཙང་བཤེར་ཆེ་མོ་དང་གྲལ་བཤེར་ཆེ་མོའི་བཅོས་སྒྲིག་ལས་དོན་མུ་མཐུད་བཀོད་སྒྲིག་བྱ་རྩིས་ཡོད་པ་རེད། ཉེ་འགྲམ་གྱི་ལས་རོགས་ཚོས་ཁོང་གི་གདོང་གཤིས་འགྱུར་བ་དང་རྦད་དེ་ཐང་ཆད་ཡོད་པ་མཐོང་སྐབས། ངལ་གསོ་རྒྱག་རྒྱུའི་ཁ་ཏ་བསླབ་བྱ་བྱས་རུང་། ལིན་ཅང་ཕིང་གིས“དངོས་གནས་དཀའ་ལས་ཏོག་ཙམ་ཁག་གི་འདུག་མགོ་བོ་ཡང་ལྕི་པོ་ཞིག་འདུག ས་མཐོ་མི་འཕྲོད་པ་ཤུགས་ཆེ་རུ་སོང་འདུག ཁྲག་ཤེད་ཡང་འཕར་འདུག་མོད། འོན་ཀྱང་ལས་ཀ་ནར་འགྱངས་བྱེད་མི་རུང་། ངས་ངལ་གསོ་ཏོག་ཙམ་བརྒྱབ་སྟེ་ཆུ་ཚོད་གཅིག་སོང་རྗེས་མུ་མཐུད་དུ་ལས་ཀར་གཞོལ་ཆོག”ཅེས་བཤད། ཟླ་12ཚེས་18ཉིན་གྱི་སྔ་དྲོ། ལིན་ཅང་ཕིང་ད་དུང་ལངས་མེད་སྟབས། ལས་རེས་མི་དམངས་ཉེན་རྟོག་པས་ལས་རེས་ཁང་གི་སྒོ་བརྡུངས་སྐབས་ཨ་ལན་སློག་མཁན་མེད་པ་ཤེས་རྗེས་འཕྲལ་མར་སྒོ་བཅག་ནས་ནང་དུ་འཛུལ་སྐབས་ཁོང་ལས་གནས་ཐོག་འགྱེལ་ནས་ཁོང་གི་དགའ་ཤོས་བྱེད་པའི་སྤྱི་བདེའི་བྱ་གཞག་དང་ཁ་བྲལ་བ་དང་། ཁོང་གིས་ཉིན་མཚན་བལྟོས་མེད་ངང་སེམས་ཁྲལ་བྱེད་པའི་མི་དམངས་མང་ཚོགས་དང་ཁ་བྲལ་བ། ཁོང་གི་བཟའ་ཟླ་བུ་ཕྲུག་དང་ཁ་བྲལ་བ། ང་ཚོ་དང་ཁ་བྲལ་བ་རེད། ལིན་ཅང་ཕིང་གིས་གངས་ལྗོངས་ས་མཐོར་ལོ་20ཡི་རིང་ཆར་རླུང་ཁྲོད་དཀའ་སྤྱད་འབད་བརྩོན་གྱིས་ཁོང་ཉེན་རྟོག་པར་ཞུགས་སྐབས་ཀྱི་ཁས་ལེན་ལ་བརྩི་སྲུང་ཞུས་པ་དང“ཚེ་གང་གི་ལང་ཚོར་བརྟེན་ནས་དུད་ཚང་ཁྲི་སྟོང་མང་པོར་བདེ་སྐྱིད་བསྐྲུན་པ་དང་ཉེན་རྟོག་པའི་གྱོན་གོས་སྔོ་ནག་དེ་དང་ཁ་བྲལ་མྱོང་མེད”

    འགན་འཁུར་རྩོམ་སྒྲིག་པ། 次旦多吉

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།