དབུ་ཤོག>ཆེད་སྒྲིག
  • དུས་ཐུང་ལོ་བཅུ་ཕྲག་ནང་ལོ་ངོ་སྟོང་གི་མཆོང་སྐྱོད་བྱུང་བ།

  • ཡོང་ཁུངས།  མི་དམངས་ཉིན་རེའི་ཚགས་པར།   |     སྤེལ་དུས།  2021-05-30

    སྤྱི་ཚོགས་ལམ་ལུགས་ལ་ལོ་རྒྱུས་རང་བཞིན་གྱི་མཆོང་སྐྱོད་བྱུང་བ་དང་། མི་འབོར་དབུལ་པོ་ཚང་མ་དབུལ་སྒྲོལ་ཐུབ་པ། གྲོང་ཁྱེར་དང་གྲོང་གསེབ་ཀྱི་གྲོང་མི་ཡོངས་ལ་ཁྱབ་པའི་སྤྱི་ཚོགས་འགན་སྲུང་མ་ལག་གཞི་རྩའི་ཆ་ནས་བཙུགས་པ། མི་རེའི་ཆ་སྙོམས་སྔོན་དཔག་ཚེ་ཚད་ལོ་71.1བར་རིང་དུ་ཕྱིན་པ། རང་སྐྱོང་ལྗོངས་ཀྱི་ཆ་རྐྱེན་འཛོམས་པའི“སྐྱེ་ཤིང་མེད་པའི་གྲོང་ཚོ”1079དང“སྐྱེ་ཤིང་མེད་པའི་དུད་ཚང”ཁྲི་10.5ཚང་མར་སྐྱེ་ཤིང་ཡོད་པ་ལ་སོགས་ཞི་བས་བཅིངས་འགྲོལ་བཏང་ཚུན་གྱི་དུས་ཐུང་ལོ་བཅུ་ཕྲག་ནང་ལོ་ངོ་སྟོང་གི་མཆོང་སྐྱོད་བྱུང་ནས་བོད་ཀྱི་ཕྱོགས་གང་སར་འཕེལ་རྒྱས་བྱུང་ཡོད།

    དབུལ་སྒྲོལ་གྱི་དོན་ཆེན་དུས་བཀག་ལྟར་ལེགས་གྲུབ་བྱུང་བ།

    ཆ་རྐྱེན་སྣ་ཚོགས་ཀྱིས་རྐྱེན་པས་བོད་ནི་དེ་སྔ་དབུལ་པོ་ཐོན་ཁྱོན་ཆེ་བ་དང་དབུལ་པོ་ཐོན་ཚད་ཅུང་མང་བའི་ས་ཁུལ་ཞིག་ཡིན་པས་དབུལ་སྒྲོལ་ནི་བོད་ཀྱི་དོན་ཆེན་ཞིག་རེད།

    ཝུའུ་དབྱིང་ཅེས། དབུལ་སྒྲོལ་འགག་སྒྲོལ་གྱི་ལས་འགན་དུས་བཀག་ལྟར་ལེགས་སྒྲུབ་བྱ་ཆེད། བོད་ཀྱིས་མ་དངུལ་དང་རྣམ་གྲངས་ཁག་མི་འབོར་དབུལ་པོར་གཟིགས་སྐྱོང་བྱས་པ་དང་ཆབས་ཅིག བོད་སྐྱོར་མ་དངུལ་གྱི་80%ནས་90%བར་དབུལ་སྒྲོལ་འགག་སྒྲོལ་ལ་བཏང་ནས་ཐོན་ལས་ཀྱི་འདེགས་སྐྱོར་དང་། སྲིད་ཇུས་ཀྱི་ལྕག་སྐུལ། ལས་ཞུགས་སྔོན་ལ་འཇོག་པ། བོད་སྐྱོར་རོགས་སྐྱོར། སྤྱི་ཚོགས་འགན་བཅོལ་ཐ་སྐྱོང་བཅས་ཀྱི་ལས་དོན་ཡག་པོ་བསྒྲུབས་ཡོད་ཅེས་གསུངས་པ་རེད།

    ཝུའུ་དབྱིང་ཅེས། “རང་སྐྱོང་ལྗོངས་ཀྱི་མི་འབོར་དབུལ་པོ་ཁྲི་62.8ཚང་མ་དབུལ་སྒྲོལ་ཐུབ་པ་དང་རྫོང་74ཚང་མ་དབུལ་ཞྭ་ཕུད་ཡོད། ན་ནིང་བོད་ཀྱི་གྲོང་གསེབ་ཀྱི་གྲོང་མི་མི་རེའི་ཆ་སྙོམས་བཀོལ་སྤྱོད་ཆོག་པའི་ཡོང་འབབ་སྒོར་14598ཟིན་པ་དེ་ལོ་གོང་མ་ལས་12.7%འཕར་ཡོད”ཅེས་ངོ་སྤྲོད་གནང་བ་རེད།

    དབུལ་སྒྲོལ་འགག་སྒྲོལ་གྱི་ལས་འགན་ལེགས་གྲུབ་བྱུང་རྗེས་ཆུ་ཚད་དེ་བས་མཐོ་བའི་འཕེལ་རྒྱས་ཇི་ལྟར་གཏོང་དགོས་སམ། ཆེ་དགྲ་ལྷས། “ལོ་ལྔ་ཚན་བཅུ་བཞི་པའི”རིང་བོད་ཀྱིས་སྐྱེ་ཁམས་ཤེས་དཔལ་འཛུགས་སྐྱོང་དང་། དམངས་འཚོའི་ཁྱབ་ཁོངས། སྤྱི་ཚོགས་བཅོས་སྐྱོང་། མཐའ་མཚམས་ས་ཁུལ་འཛུགས་སྐྱོང་བཅས་གཙོ་གནད་དུ་བཟུང་ནས་མ་དངུལ་གཏོང་རྒྱུར་ཤུགས་སྣོན་བརྒྱབ་སྟེ་དབུལ་སྒྲོལ་འགག་སྒྲོལ་གྱི་གྲུབ་འབྲས་སྲ་བརྟན་རྒྱ་སྐྱེད་དང་གྲོང་གསེབ་དར་རྒྱས་ལ་ཕྱོགས་ཡོངས་ནས་སྐུལ་འདེད་བཏང་ཡོད་ཅེས་ངོ་སྤྲོད་གནང་བ་རེད།

    སྲོག་ཆགས་དང་། རྩྭ་རྩི་ཤིང་། རི་ཆུ་ཀླུང་གསུམ་བཅས་སྲུང་སྐྱོང་ཡག་པོ་ཐུབ་པ།

    བོད་ནི་རང་རྒྱལ་གྱི་སྐྱེ་ཁམས་བདེ་འཇགས་སྲུང་ཡོལ་གལ་ཆེན་ཞིག་ཡིན་པས་གནས་དེའི་སྲོག་ཆགས་དང་། རྩྭ་རྩི་ཤིང་། རི་ཆུ་ཀླུང་གསུམ་བཅས་སྲུང་སྐྱོང་ཡག་པོ་བྱེད་པར་དོན་སྙིང་གལ་ཆེན་ལྡན་ཡོད།

    ཝུའུ་དབྱིང་ཅེས། བོད་དུ་སྐྱེ་ཁམས་སྲུང་སྐྱོང་དམར་ཐིག་གི་རྒྱ་ཁྱོན་སྤྱི་ལེ་ངོས་གྲུ་ཁྲི་60.8ཟིན་པ་དང་ལྗོངས་ཡོངས་ཀྱི་ས་ཁོངས་ཕྱེད་ཀ་ཙམ་སྲུང་སྐྱོང་ཁྱབ་ཁོངས་ནན་ཤོས་སུ་བཅུག་ཡོད། 2016ལོ་ཚུན་དུ་རང་སྐྱོང་ལྗོངས་ཀྱིས་རིམ་རྩིས་བྱས་ན་མང་ཚོཌ་ཚོར་སྐྱེ་ཁམས་ལས་གནས་ཁྲི་70མཁོ་འདོན་བྱས་པས་དེ་སྔའི་ཤིང་གཅོད་མཁན་རྣམས་ད་ཆ་ཤིང་འཛུཌ་མཁན་དུ་གྱུར་ཡོད་ཅེས་ངོ་སྤྲོད་གནང་བ་རེད།

    ཝུའུ་དབྱིང་ཅེས། ད་ཆ་བོད་ཀྱི་ཆ་རྐྱེན་འཛོམས་པའི“སྐྱེ་ཤིང་མེད་པའི་གྲོང་ཚོ”1079དང“སྐྱེ་ཤིང་མེད་པའི་དུད་ཚང”ཁྲི་10.5ཚང་མར་སྐྱེ་ཤིང་ཡོད་པར་གྱུར་བ་དང་། གཙོ་གནད་ཀྱི་གཙང་པོ་དང་། ཆུ་བོ། མཚེའུ་བཅས་ཀྱི་ཆུ་སྤུས་རིམ་པ་IIIཡན་དུ་སླེབས་པ། ས་ཁུལ་རིམ་པ་ཡན་གྱི་གྲོང་ཁྱེར་གྱི་མཁའ་རླུང་སྤུས་ཚད་ལེཌ་པའི་ཉིན་གྲངས་99.4%ཟིན་ནས། “བོད་འདི་ཉིད་འཛམ་གླིང་གི་སྐྱེ་ཁམས་ཁོར་ཡུག་ཡག་ཤོས་ཀྱི་ས་ཁུལ་གྱི་གྲས་ཤིག་ཏུ་གྱུར་ཡོད”ཅེས་གསུངས་པ་རེད།

    མི་དམངས་མང་ཚོགས་ཀྱི་ཐོབ་སྣང་རྒྱུན་ཆད་མེད་པར་ཆེ་རུ་ཕྱིན་པ།

    བོད་ཀྱི་སློབ་གསོའི་སྐོར་གླེང་སྐབས། ཆེ་དགྲ་ལྷས་སྤོབས་པ་ཆེན་པོས“ཁང་པ་ཡག་ཤོས་ནི་སློབ་གྲྭ་ཡིན་པ་དང་། ལུས་རྩལ་ཐང་ཡག་ཤོས་ནི་སློབ་གྲྭ་ཡིན་པ་མ་ཟད། སློབ་རྒྱུས་མཐོ་ཤོས་ལྡན་མཁན་ཡང་སློབ་གྲྭར་ཡོད”ཅེས་གསུངས་པ་རེད།

    ངོ་སྤྲོད་བྱས་པར་གཞིགས་ན། བོད་ཀྱིས་སློབ་ཞུགས་གོང་གི་སློབ་གསོ་དང་། རྨང་གཞིའི་སློབ་གསོ། ལས་རིགས་སློབ་གསོ། མཐོ་རིམ་སློབ་གསོ། རྒྱུན་མཐུད་སློབ་གསོ། དམིགས་བསལ་སློབ་གསོ་བཅས་ཚུད་པའི་དེང་རབས་སློབ་གསོའི་མ་ལག་ཅིག་བཙུགས་ཡོད་པ་རེད།

    བོད་ཀྱི་དེང་རབས་རིག་གནས་བྱ་གཞག་ཀྱང་ཕྱོགས་ཡོངས་ནས་འཕེལ་རྒྱས་ཕྱིན་ཞིང་། རྫོང་དང་ཆུས་སུ་ཕྱོགས་བསྡུས་རིག་གནས་ལྟེ་གནས་དང་། ཤང་དང་གྲོང་རྡལ་དུ་ཕྱོགས་བསྡུས་རིག་གནས་ས་ཚིགས། སྲིད་འཛིན་གྲོང་ཚོར་རིག་གནས་བྱེད་སྒོ་ཁང་བཅས་ཡོད་པ་དང་། རླུང་འཕྲིན་བརྙན་འཕྲིན་ཕྱོགས་བསྡུས་ཁྱབ་ཚད་99%ལྷག་ཙམ་ཟིན་ནས་མང་ཚོགས་ཀྱི་རིག་གནས་འཚོ་བ་ཕུན་སུམ་ཇེ་ཚོགས་སུ་ཕྱིན་ཡོད།

    སྨན་བཅོས་ཐད་སྨན་བཅོས་ཤེས་ལྡན་མི་སྣའི“ཚོགས་སྒྲིག་རྣམ་པའི”བོད་སྐྱོར་བྱས་པ་བརྒྱུད་ཤང་དང་གྲོང་ཚོ་ཚང་མར་འཕྲོད་བསྟེན་ཁང་ཡོད་པ་མ་ཟད། ཐུམ་འབུའི་ནད་དང་། གྲུམ་བུ་ཚིགས་ཆེན་གྱི་ནད། ལྷན་སྐྱེས་སྙིང་ནད་སོགས་ས་གནས་རང་བཞིན་གྱི་ནད་གཞི་བོད་དུ་ལོ་རྒྱུས་རང་བཞིན་གྱི་སྒོ་ནས་མེད་པ་དང་འགོག་བཅོས་ཐུབ་ཡོད།

    “ལོ་70ཡི་རིང་། བོད་ཀྱི་མི་རིགས་ཁག་གི་ལས་བྱེད་པ་དང་མང་ཚོགས་ཚོས་ཏང་ཀྲུང་དབྱང་གི་ཐུགས་ཁུར་ཟབ་མོ་དང་། མེས་རྒྱལ་ཁྱིམ་ཚང་ཆེ་མོའི་དྲོ་སྐྱིད། ཀྲུང་ཧྭ་མི་རིགས་ཁྱིམ་ཚང་གཅིག་ལྟར་བརྩེ་བའི་བརྩེ་སེམས་ཟབ་མོ་བཅས་ཚོར་ཡོད” ཡོངས་བསྒྲགས་ཚོགས་འདུའི་ཐོག་ཝུའུ་དབྱིང་ཅེས་སེམས་འགུལ་ཆེན་པོ་ཐེབས་བཞིན་དུ་གུང་ཁྲན་ཏང་མེད་ན་ཀྲུང་གོ་གསར་པ་མེད་ལ་སྤྱི་ཚོགས་རིང་ལུགས་ཀྱི་བོད་ལྗོངས་གསར་པ་དེ་བས་ཀྱང་མེད་ཅེས་གསུངས་པ་རེད།

    འགན་འཁུར་རྩོམ་སྒྲིག་པ། 尼玛曲珍

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།