འདི་ནི་ལིའུ་ཀྲེ་ཏན་གྱི་འདྲ་པར་ཡིན་པ།(དཔྱད་གཞིའི་པར་རིས)
ལིའུ་ཀྲེ་ཏན་ནི་1903ལོའི་ཟླ་10པར་ཧྲའན་ཤིས་ཞིང་ཆེན་པའོ་ཨན་རྫོང(དེང་གི་ཀྲེ་ཏན་རྫོང)ཅིན་ཐང་གྲོང་རྡལ་དུ་འཁྲུངས། 1922ལོར་ཡུས་ལིན་སློབ་འབྲིང་ལ་རྒྱུགས་འཕྲོད། 1924ལོའི་དགུན་ཁར་ཀྲུང་གོ་སྤྱི་ཚོགས་རིང་ལུགས་གཞོན་ནུའི་ཚོགས་པར་ཞུགས། 1925ལོའི་དཔྱིད་ཀར་ཀྲུང་གོ་གུང་ཁྲན་ཏང་གི་ཏང་ཡོན་ལ་བསྒྱུར། ལོ་དེའི་དགུན་ཁར་ཏང་གི་བཀོད་མངགས་ལྟར་ཧོང་ཕུའུ་དམག་དོན་སློབ་གྲྭའི་དུས་ཐེངས་བཞི་པར་སློབ་སྦྱོང་ལ་ཕེབས། 1926ལོའི་སྟོན་ཁར་ཧོང་ཕུའུ་དམག་དོན་སློབ་གྲྭ་ནས་མཐར་ཕྱིན་རྗེས་བྱང་འདུལ་དམག་འཐབ་ལ་ཞུགས།
1927ལོར་གསར་བརྗེ་ཆེ་མོ་ཕམ་རྗེས། ལིའུ་ཀྲེ་ཏན་གྱིས་ཀྲུང་གུང་ཧྲའན་ཤིས་ཞིང་ཨུད་གསང་དོན་འགྲིམ་འགྲུལ་ལས་དོན་གྱི་འགན་འཁུར། 1928ལོའི་སྟོན་ཁར་ཀྲུང་གུང་ཧྲའན་ཤིས་བྱང་རྒྱུད་དམིགས་བསལ་ཨུ་ལྷན་དམག་དོན་ཨུ་ཡོན་ལྷན་ཁང་གི་ཧྲུའུ་ཅིའི་འགན་བཞེས་ནས་ཧྲའན་ཤིས་དང་ཀན་སུའུ་མཐའ་མཚམས་སུ་དམག་མིའི་ལས་འགུལ་ལས་དོན་ལ་ཞུགས།
1931ལོའི་ཟླ་10པར། ལིའུ་ཀྲེ་ཏན་དང་ཞེ་ཙེ་ཁྲང་སོགས་ཀྱིས་ནུབ་བྱང་བཙན་རྒོལ་མནའ་མཐུན་དམག་དཔུང་བཙུགས་ཏེ་སྤྱི་ཁྱབ་བཀོད་འདོམས་པ་གཞོན་པའི་འགན་བཞེས། ཕྱིས་སུ་དེ་ཉིད་ཀྲུང་གོ་བཟོ་ཞིང་དམར་དམག་ཧྲའན་ཀན་མཐའ་མཚམས་ངེས་མེད་རྒོལ་རྡུང་རུ་ཁག་ལ་བསྐྱར་སྒྲིག་བྱས་པ་དང་། ལིའུ་ཀྲེ་ཏན་གྱིས་སྤྱི་ཁྱབ་བཀོད་འདོམས་པའི་འགན་འཁུར་ཏེ་ཀྲའོ་ཅིན་དང་ནན་ལེང་ལྟེ་བར་བྱས་པའི་ཧྲའན་ཀན་མཐའ་མཚམས་གསར་བརྗེའི་གནས་གཞིའི་ཁུལ་བཙུགས། དེ་རྗེས། ཧྲའན་ཀན་མཐའ་མཚམས་དམར་དམག་གནས་སྐབས་བཀོད་འདོམས་པུའི་སྤྱི་ཁྱབ་བཀོད་འདོམས་པ་གཞོན་པ་དང་ཚན་མོའུ་ཀྲང་གཅིག་ལྕོགས་དང་། དམར་དམག་དཔུང་སྡེ་26པའི་ཧྲི་ཤོག་42པའི་ཧྲི་ཀྲང་། ཀྲུང་གུང་ཧྲའན་ཀན་མཐའ་མཚམས་དམག་དོན་ཨུ་ཡོན་ལྷན་ཁང་གི་ཀྲུའུ་ཞི། ནུབ་བྱང་གསར་བརྗེའི་དམག་དོན་ཨུ་ཡོན་ལྷན་ཁང་གི་ཀྲུའུ་ཞི་བཅས་ཀྱི་འགན་སྔ་རྗེས་སུ་བཞེས་ཏེ་ཧྲའན་ཤིས་བྱང་རྒྱུད་དང་ཧྲའན་ཀན་མཐའ་མཚམས་སུའུ་ཝེ་ཨེད་ས་ཁུལ་གཉིས་ཡུག་གཅིག་ཏུ་སྦྲེལ་ཏེ་ཀྲུང་གུང་ཀྲུང་དབྱང་དང་བྱང་སྐྱོད་རི་འགོག་དམར་དམག་ཁག་རྒྱང་སྐྱོད་བྱས་རྗེས་ཀྱི་ངལ་གསོ་ཡུལ་དུ་གྱུར་ཡོད།
1935ལོའི་ཟླ་9པར། ལིའུ་ཀྲེ་ཏན་དམར་དམག་དམག་སྡེ་15པའི་ཐོན་ཀྲང་གཞོན་པ་དང་ཚན་མོའུ་ཀྲང་གི་འགན་བཞེས་ཏེ་ལའོ་ཧྲན་དམག་འཐབ་ལ་བཀོད་འདོམས་གནང་།
1936ལོའི་ཟླ་3པར། ལིའུ་ཀྲེ་ཏན་གྱིས་དམར་དམག་དམག་སྡེ་28པའི་སྣེ་འཁྲིད་དེ་ཤར་འདུལ་དམག་འཐབ་ལ་ཞུགས་ནས་ཧྲན་ཤིས་ཀྱི་ནུབ་བྱང་དུ་དཔུང་འཇུག་གིས་དགྲ་དམག་ཚར་བཅད། ཟླ་4ཚེས་14ཉིན་ཀྲུང་ཡང་རྫོང་སན་ཅའོ་གྲོང་རྡལ་དུ་དམག་འཐབ་ཁྲོད་གཡུལ་ས་མདུན་མར་དགྲ་དམག་གི་གནས་ཚུལ་མྱུལ་ཞིབ་གནང་བར་ཕེབས་སྐབས་སྟབས་མ་ལེགས་པར་བྲང་ཁོག་གཡོན་མར་མདེའུ་ཕོག་སྟེ་དཔའ་ངར་ཆེན་པོས་སྐུ་གཤེགས། སྐབས་དེ་དུས་དགུང་ལོ་33རེད། ཁོང་ལ་དྲན་གསོ་ཞུ་ཆེད། ཀྲུང་གུང་ཀྲུང་དབྱང་དང་ཧྲའན་ཀན་ཉིང་མཐའ་མཚམས་ཁུལ་སྲིད་གཞུང་གིས་པའོ་ཨན་རྫོང་དེ་ཉིད་ཀྲེ་ཏན་རྫོང་དུ་མིང་བསྒྱུར་རྒྱུའི་ཐག་བཅད།
“ཏང་ལ་ཞུགས་ཕྱིན་གུང་ཁྲན་ཏང་གི་དད་སེམས་ཆེད་འབད་འཐབ་མཐར་ཕྱིན་པ་བྱེད་ཀྱི་ཡིན། མི་སྒེར་གྱི་ངོས་ནས་བརྗོད་ན་འབད་འཐབ་མཐར་ཕྱིན་པ་བྱེད་ཅེས་པ་ནི་མ་ཤི་བར་དུ་འབད་འཐབ་བྱེད་རྒྱུ་དེ་རེད”ཅེས་པ་འདི་ནི་ལིའུ་ཀྲེ་ཏན་གྱི་ཏང་ཞུགས་དམ་བཅའ་རེད།