དབུ་ཤོག>ཆེད་སྒྲིག
  • “བོད་ཞི་བས་བཅིངས་འགྲོལ་བཏང་ནས་ལོ་ངོ་70ཡི་རིང་གི་འགྲོ་བ་མིའི་ཐོབ་ཐང་བྱ་གཞག་ཡར་ཐོན་དང་འཕེལ་རྒྱས”ཞེས་པའི་རྒྱལ་སྤྱིའི་བགྲོ་གླེང་ཚོགས་འདུ་འཚོགས་པ།

  • ཡོང་ཁུངས།  མི་དམངས་ཉིན་རེའི་ཚགས་པར།   |     རྩོམ་པ་པོ།  尕藏智华   |     སྤེལ་དུས།  2021-05-29

    ཚེས་26ཉིན“བོད་ཞི་བས་བཅིངས་འགྲོལ་བཏང་ནས་ལོ་ངོ་70ཡི་རིང་གི་འགྲོ་བ་མིའི་ཐོབ་ཐང་བྱ་གཞག་ཡར་ཐོན་དང་འཕེལ་རྒྱས”ཞེས་པའི་རྒྱལ་སྤྱིའི་བགྲོ་གླེང་ཚོགས་འདུ་ཁྲུང་ཆིང་དུ་འཚོགས་ཤིང་། ཚོགས་འདུ་དེ་ལྷོ་ནུབ་སྲིད་ཁྲིམས་སློབ་ཆེན་འགྲོ་བ་མིའི་ཐོབ་ཐང་ཞིབ་འཇུག་ཁང་གིས་གཙོ་གཉེར་བྱས་པ་དང་ཀྲུང་གོ་དང་། ཨུ་རུ་སུ། ནེ་པ་ལ་སོགས་རྒྱལ་ཁབ་ཀྱི་བོད་འབྲེལ་གནད་དོན་གྱི་རིགས་གཅིག་མཁས་ཅན་དང་མཁས་དབང་30ལྷག་ཙམ་ཞུགས་ཡོད། ཁོང་ཚོས་བོད་ཞི་བས་བཅིངས་འགྲོལ་བཏང་ནས་ལོ་ངོ་70སོང་རིང་བོད་ཀྱི་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་ཀྱི་གྲུབ་འབྲས་ལ་འཛམ་གླིང་སྐྱེ་བོ་ཀུན་གྱིས་དོ་སྣང་ཆེན་པོ་བྱེད་པ་དང་བོད་ཀྱི་འགྲོ་བ་མིའི་ཐོབ་ཐང་བྱ་གཞག་ལ་ཕྱོགས་ཡོངས་ནས་ཡར་རྒྱས་བྱུང་བ་དང་ལོ་རྒྱུས་རང་བཞིན་གྱི་གྲུབ་འབྲས་ཐོབ་ཡོད་ཅེས་བཤད་པ་རེད།

    ད་ཐེངས་ཀྱི་བགྲོ་གླེང་ཚོགས་འདུ་དེ“བོད་ཀྱི་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་དང་འགྲོ་བ་མིའི་ཐོབ་ཐང་འགན་ལེན”དང་། “ཁྲིམས་ལྟར་བོད་སྐྱོང་དང་འགྲོ་བ་མིའི་ཐོབ་ཐང་འགན་ལེན” “བོད་ཀྱི་རིག་གནས་འཕེལ་རྒྱས་དང་འགྲོ་བ་མིའི་ཐོབ་ཐང་འགན་ལེན” “བོད་འཕེལ་རྒྱས་མྱུར་པོ་དང་ཡུན་རིང་བདེ་འཁོད”སོགས་གྲོས་གཞི་དབྱེ་ཡོད། བགྲོ་གླེང་ཚོགས་འདུའི་ཐོག་བོད་ཀྱི་དཔལ་འབྱོར་བསྡོམས་འབོར་རྒྱུན་ཆད་མེད་པར་འཕར་བ་དང་། དཔལ་འབྱོར་གྲུབ་ཆ་རྒྱུན་ཆད་མེད་པར་ལེགས་སུ་ཕྱིན་པ། སློབ་གསོ་དང་། ཚན་རིག རིག་གནས། འཕྲོད་བསྟེན་བཅས་བྱ་གཞག་ཁག་རྒྱུན་ཆད་མེད་པར་འཕེལ་རྒྱས་ཕྱིན་པ། བོད་ཀྱི་མི་རིགས་ཁག་གི་མང་ཚོགས་ཀྱི་འཚོ་བ་སྔར་བས་ལེགས་སུ་ཕྱིན་པ། འགྲོ་བ་མིའི་ཐོབ་ཐང་ཡར་རྒྱས་ཕྱིན་པ་བཅས་ནི་མིག་ལྡན་ཀུན་གྱིས་མཐོང་གསལ་རེད་ཅེས་བསྟན་པ་རེད།

    ལྷོ་ནུབ་སྲིད་ཁྲིམས་སློབ་ཆེན་གྱི་སློབ་སྤྱི་གཞོན་པ་ཐང་ལི་ཡིས་བགྲོ་གླེང་ཚོགས་འདུའི་ཐོག ཞི་བས་བཅིངས་འགྲོལ་བཏང་བ་འགོ་འཛུགས་སར་བྱས་ཏེ་བོད་ཀྱི་མི་རིགས་ཁག་གི་མང་ཚོགས་ལ་ལོ་རྒྱུས་རང་བཞིན་གྱི་འཕོ་འགྱུར་ཆེན་པོ་བྱུང་ནས་སྔོན་ཆད་བསམ་ཀྱང་མི་ནུས་ལ་ལོངས་སུ་སྤྱོད་རྒྱུ་ཡོང་མི་སྲིད་པའི་དབང་ཆ་སྣ་ཚོགས་ཐོབ་ཡོད། དུས་རབས་གསར་པར་སླེབས་རྗེས་བོད་ཀྱི་དབུལ་སྒྲོལ་འགག་སྒྲོལ་ལ་ཕྱོགས་ཡོངས་ནས་རྒྱལ་ཁ་ཐོབ་སྟེ། སྤྱི་ཚོགས་ཀྱི་སྤྱི་ཡོངས་དེ་བས་བརྟན་ལྷིང་དང་། དཔལ་འབྱོར་དང་རིག་གནས་དེ་བས་དར་རྒྱས། སྣོད་བཅུད་ཁོར་ཡུག་དེ་བས་ལེགས་པ། མི་དམངས་ཀྱི་འཚོ་བ་དེ་བས་བདེ་སྐྱིད། འགྲོ་བ་མིའི་ཐོབ་ཐང་བྱ་གཞག་ཁག་ཕྱོགས་ཡོངས་ནས་འཕེལ་རྒྱས་བཅས་བྱུང་ཡོད། བོད་ཀྱི་འགྲོ་བ་མིའི་ཐོབ་ཐང་འགན་ལེན་དེ་ལོ་རྒྱུས་ཐོག་གི་དུས་སྐབས་ཡག་ཤོས་སུ་སླེབས་ཡོད་ཅེས་བཤད་པ་རེད།

    ཀྲུང་གོའི་བོད་རིག་པ་ཞིབ་འཇུག་ལྟེ་གནས་ཀྱི་ཞིབ་འཇུག་པ་ཏུའུ་ཡུང་པིན་གྱིས། བོད་ཞི་བས་བཅིངས་འགྲོལ་བཏང་ནས་ལོ་ངོ་70ཡི་རིང་། འཛམ་གླིང་སྐྱེ་བོ་ཀུན་གྱིས་དོ་སྣང་བྱེད་པའི་འཕེལ་རྒྱས་བྱུང་ཞིང་། སྲོལ་རྒྱུན་ནས་དེང་རབས་དང་། བཀག་སྡོམ་ནས་སྒོ་དབྱེ། དོ་དམ་ནས་བཅོས་སྐྱོང་བཅས་ཀྱི་ཕྱོགས་སུ་བསྐྱོད་ཡོད། བོད་ཞི་བས་བཅིངས་འགྲོལ་བཏང་རྗེས་སྤྱི་ཚོགས་རིང་ལུགས་ཀྱི་ཁྲིམས་སྐྱོང་ལམ་ལུགས་རིམ་བཞིན་བོད་དུ་བཙུགས་ནས་མང་ཚོགས་ཀྱི་འཚོ་བའི་ཆུ་ཚད་རྒྱུན་ཆད་མེད་པར་མཐོ་རུ་འགྲོ་རྒྱུ་འགན་ལེན་བྱས་ཡོད་ཅེས་བཤད་པ་རེད།

    སི་ཁྲོན་སློབ་ཆེན་ཀྲུང་གོའི་བོད་རིག་པ་ཞིབ་འཇུག་སུའོ་ཡི་ཞིབ་འཇུག་པ་ལི་ཤོན་ཙེས་མི་སེར་རྒྱལ་ཁབ་དུས་སྐབས་ཀྱི་1947ལོའི་དཔར་མའི《རྒྱ་བོད་ཤན་སྦྱར་གྱི་དམའ་རིམ་སློབ་ཆུང་གི་སྐད་ཡིག་རྒྱུན་ཤེས་སློབ་དེབ》དཔེར་བཞག་སྟེ། གོ་མིན་ཏང་སྲིད་གཞུང་གིས་བོད་ཡིག་གི་བསླབ་གཞི་སྤྱད་དེ་བོད་རིགས་སློབ་མའི་རྒྱལ་ཁབ་ཀྱི་འདུ་ཤེས་ཟབ་ཏུ་གཏོང་བའི་ཉམས་མྱོང་དང་བསླབ་བྱ་བགྲོ་གླེང་བྱས་པ་རེད།

    ལྷོ་ནུབ་སྲིད་ཁྲིམས་སློབ་ཆེན་འགྲོ་བ་མིའི་ཐོབ་ཐང་ཞིབ་འཇུག་ཁང་གི་དགེ་རྒན་ཆེ་མོ་བ་ཝུའུ་ཤིས་ཀྱིས་བོད་འབྲེལ་རྒྱབ་ཤ་དཀར་པོའི་དེབ་ཀྱི་འཕེལ་རིམ་ལ་དབྱེ་ཞིབ་བྱས་ཤིང་། ཁོང་གིས་དེ་རྒྱུན་ཆད་མེད་པར་ཡར་རྒྱས་ཕྱིན་པ་དང་། ཁྱབ་བསྒྲགས་གྲངས་འབོར་མང་དུ་ཕྱིན་པ། བརྒྱུད་བསྒྲགས་བྱེད་སྟངས་རིམ་བཞིན་སྣ་མང་ཅན་དུ་གྱུར་པ། ཁྱབ་བསྒྲགས་ཐབས་ཇུས་གཞན་དབང་ནས་རིམ་བཞིན་རང་འགུལ་ཕྱོགས་སུ་འགྱུར་ལྡོག་ཕྱིན་པ་བཅས་བྱུང་ནས། རང་རྒྱལ་གྱི་བོད་འབྲེལ་ཕྱི་ཕྱོགས་བརྒྱུད་བསྒྲགས་ཀྱི་ཕན་འབྲས་ཆེ་རུ་གཏོང་བའི་ཐད་སྣང་ཆུང་བྱེད་མི་རུང་བའི་ནུས་པ་ཐོན་པའི་ངོས་འཛིན་བྱས་པ་རེད།

    སི་ཁྲོན་སློབ་ཆེན་ཀྲུང་གོའི་ནུབ་རྒྱུད་མཐའ་མཚམས་བདེ་འཇགས་དང་འཕེལ་རྒྱས་མཐུན་སྦྱོར་གསར་གཏོད་ལྟེ་གནས་ཀྱི་ཞིབ་འཇུག་པ་གཞོན་པ་ཀྲུའུ་ཅིང་ཅིན་གྱིས། བོད་རིགས་བརྗོད་བྱ་གཙོ་བོར་བྱས་པའི་གློག་བརྙན་ལ་དམིགས་བསལ་གྱི་ཁྱད་ཆོས་ལྡན་འདུག སྲིད་གཞུང་གིས་རྒྱབ་སྐྱོར་བྱེད་ཤུགས་ཆེ་རུ་བཏང་སྟེ། “གློག་བརྙན་ལས་དོན་པས་སྣེ་ཁྲིད་པ་དང་། སྤྱི་ཚོགས་ཀྱིས་སྐུལ་ལྕག་བྱེད་པ། སྲིད་གཞུང་གིས་རྒྱབ་སྐྱོར་བྱེད་པ”བཅས་ཀྱི་འཕེལ་རྒྱས་གཏོང་སྟངས་སྤྱོད་རྒྱུའི་གྲོས་འགོ་བཏོན་པ་རེད།

    ཕ་ཁི་སི་ཐན་གྱི་དབྱི་སི་ལམ་པོའི་རྒྱལ་ཁབ་གཞོན་ནུའི་མཐུན་ཚོགས་ཀྱི་ཀན་ཧྲི་ཨ་སྨིར·ཝུའུ་ལཱ་ཡིས། བོད་རིགས་མང་ཚོགས་ཤིན་ཏུ་དབུལ་བའི་སྣང་ཚུལ་སྤྱིར་ན་རྩ་བཅོས་ཐུབ་པ་དང་། ཆ་སྙོམས་སྔོན་དཔག་ཚེ་ཚད་ལོ་71བར་རིང་དུ་ཕྱིན་པ། 1951ལོ་ནས་བཟུང་ཧ་ལམ་ལྡབ་གཅིག་འཕར་འདུག ཀྲུང་གོ་སྲིད་གཞུང་གིས་བོད་ཀྱི་འཕེལ་རྒྱས་ཀྱི་ཆུ་ཚད་དེ་བས་མཐོ་བ་ཞིག་ཏུ་སླེབས་པར་བྱེད་པའི་ཡིད་ཆེས་ཡོད་ཅེས་བཤད་པ་རེད།

    འགན་འཁུར་རྩོམ་སྒྲིག་པ། 

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།