དབུ་ཤོག>ཆེད་སྒྲིག
  • སྐད་ཅིག་ཉིད་ཀྱི་རྣམ་པ་བཅུ། པར་རིས་ལས་ལོ་ངོ་70རིང་གི་བོད་ཀྱི་འཕོ་འགྱུར་མངོན་པ།

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།   |     སྤེལ་དུས།  2021-05-28

    565528_yis_1621958400000_s.jpg

    ཞི་བས་བཅིངས་འགྲོལ་མ་བཏང་གོང་བོད་ལ་གཞུང་ལམ་གཅིག་ཀྱང་མེད། 1954ལོར་མཚོ་བོད་དང་ཁྲོན་བོད་གཞུང་ལམ་བསྐྲུན་ཟིན་ནས་རླངས་འཁོར་ཤར་གཏོང་ཐུབ་ཡོད། ད་ཆ་གཞུང་ལམ་ཐོག་རླངས་འཁོར་ཤར་གཏོང་ཐུབ་པའི་ལམ་ཐག་སྤྱི་ལེ་ཁྲི་11.88ཟིན་པ་དང་དམངས་སྤྱོད་མཁའ་འགྲུལ་གྱི་འགྲུལ་པ་སྐྱེལ་འདྲེན་བྱེད་ཚད་མི་ཐེངས་ཁྲི་515ལྷག་ཙམ་ཟིན་ཡོད། 2006ལོར་མཚོ་བོད་ལྕགས་ལམ་ཐོག་མེ་འཁོར་ཤར་གཏོང་ཐུབ་རྗེས་བོད་ལ་ལྕགས་ལམ་མེད་པའི་ལོ་རྒྱུས་མཇུག་འགྲིལ་ཡོད། ད་ཆ་ཁྲོན་བོད་ལྕགས་ལམ་གྱི་ལྷ་ཉིང་དུམ་བུ་སྐྲུན་མཇུག་སྒྲིལ་གྲབས་ཡོད་པ་དང་གཡག་རྔ་ནས་ཉིང་ཁྲི་བར་ལས་འགོ་ཚུགས་ཡོད།

    གཡོན་གྱི་པར་གོང་མ་ནི་1954ལོའི་ཟླ་12ཚེས་25ཉིན་ཁམས་བོད(ད་ལྟའི་ཁྲོན་བོད)དང་མཚོ་བོད་གཞུང་ལམ་གཉིས་ལ་རླངས་འཁོར་ཤར་གཏོང་ཐུབ་པའི་མཛད་སྒོ་ཕོ་བྲང་པོ་ཏ་ལའི་མདུན་དུ་གཉེར་བ། (དཔྱད་གཞིའི་པར་རིས)

    གཡོན་གྱི་པར་འོག་མ་ནི་ལྷ་ས་སྐྱིད་ཆུ་སྒྲོལ་བའི་ལྷ་ས་གྲོང་ཁུལ་གྱི་གཞུང་ལམ་ཡིན་པ། (2019ལོའི་ཟླ་4ཚེས་3ཉིན་ཤིན་ཧྭ་གསར་འགྱུར་ཁང་གི་གསར་འགོད་པ་འཇིགས་མེད་རྡོ་རྗེས་མི་མེད་གནམ་གྲུར་བརྟེན་ནས་པར་བླངས་པ)

    གཡས་ཀྱི་པར་གོང་མ་ནི་ཇོ་མོ་གླང་མར་སྐྱོད་སའི་གཞུང་ལམ་ཡིན་པ། (2017ལོའི་ཟླ་5ཚེས་19ཉིན་ཤིན་ཧྭ་གསར་འགྱུར་ཁང་གི་གསར་འགོད་པ་ཕུར་བུ་བཀྲ་ཤིས་ཀྱིས་པར་བླངས་པ)

    གཡས་ཀྱི་པར་འོག་མ་ནི་བོད་ལྗོངས་མཁའ་འགྲུལ་ཚད་ཡོད་ཀུང་སི་བཙུགས་པ་དང་གནམ་གྲུ་འཕུར་ཐེངས་དང་པོའི་མཛད་སྒོ་འཚོགས་བཞིན་པ། (2011ལོའི་ཟླ་7ཚེས་26ཉིན་ཤིན་ཧྭ་གསར་འགྱུར་ཁང་གི་གསར་འགོད་པ་ཇོ་རྒོད་ཀྱིས་པར་བླངས་པ) 

    འགན་འཁུར་རྩོམ་སྒྲིག་པ། 尕藏智华

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།