དབུ་ཤོག>ཆེད་སྒྲིག
  • བོད་ཀྱི་འཕེལ་རྒྱས་དང་འཕོ་འགྱུར་མི་རྣམས་ཧང་སངས་དགོས་པ་ཞིག་ཡོད་པ།

  • ཡོང་ཁུངས།  མི་དམངས་ཉིན་རེའི་ཚགས་པར།   |     སྤེལ་དུས།  2021-05-27

    “ང་བོད་དུ་ཐེངས་དང་པོ་ཡོང་བ་ནས་ད་བར་གྱི་ལོ་བཅུ་གྲངས་ཁ་ཤས་ནང་བོད་ལ་ཧང་སངས་དགོས་པའི་འགྱུར་ལྡོག་བྱུང་འདུག ས་གནས་དེ་གའི་དམངས་ཚོགས་ཀྱི་འཚོ་བའི་ཆུ་ཚད་མངོན་གསལ་དོད་པོས་མཐོ་རུ་ཕྱིན་པ་དང་དུས་མཚུངས་ཀྲུང་གོ་སྲིད་གཞུང་གིས་བོད་ཀྱི་སྲོལ་རྒྱུན་རིག་གནས་སྲུང་སྐྱོབ་ཐད་འབད་བརྩོན་ཧ་ཅང་ཆེན་པོ་བྱས་ཡོད”ཅེས་ཧྥ་རན་སེའི་མཚན་ཉིད་རིག་པ་མཁས་ཅན་རྩོམ་པ་པོ་སུའོ་ཉི་ཡ·པུའུ་ལེ་སི་ལའེ་ཡིས་ཉེ་ཆར་ཤིན་ཧྭ་གསར་འགྱུར་ཁང་གི་གསར་འགོད་པའི་ཆེད་དོན་བཅར་འདྲི་དང་ལེན་བྱེད་སྐབས་དེ་ལྟར་བརྗོད་པ་རེད།

    2007ལོར་པུའུ་ལེ་སི་ལའེ་བོད་དུ་ཐེངས་དང་པོ་ཡོང་ཞིང་། ཆུང་བྱིས་པའི་དུས་ནས་ཁོང་བོད་དུ་ཡོང་འདོད་ཆེན་པོ་ཡོད། “སྐབས་དེ་དུས་བོད་དུ་ཡོང་རྗེས་ངས་བོད་ལ་འཛིན་པའི་ལྟ་ཚུལ་རྦད་དེ་འགྱུར་ལྡོག་ཕྱིན་སོང་ལ་བོད་ལ་དེ་བས་ཤེས་རྟོགས་བྱེད་འདོད་བྱུང”ཞེས་ཁོང་གིས་བརྗོད།

    དེ་རྗེས་པུའུ་ལེ་སི་ལའེ་ཡིས་2012ལོ་དང་། 2016ལོ། 2019ལོ་བཅས་སོ་སོར་བོད་དུ་ཐེངས་གསུམ་ཡོང་ནས་ས་གནས་དེ་གའི་དམངས་ཚོགས་ལ་བཅར་འདྲི་ཞིབ་ཕྲ་བྱས་ཏེ་གངས་ལྗོངས་ས་མཐོའི་མི་རྣམས་ཀྱི་བདེ་སྐྱིད་ལྡན་པའི་འཚོ་བ་དང་སྒོ་དབྱེའི་བསམ་བློར་ཁོང་སེམས་འགུལ་ཆེན་པོ་ཐེབས་ཤིང། ཁོང་གིས་ལོ་བཅུ་གྲངས་རིང་བོད་ཀྱི་མི་དང་བྱ་དངོས་ཚང་མ་ཟིན་བྲིས་བརྒྱབ་ནས《བོད་ལྗོངས་ཤེས་རྟོགས》ཞེས་པ་སོགས་ཀྱི་བརྩམས་ཆོས་མང་པོ་དཔེ་སྐྲུན་བྱས་པས་ཧྥ་རན་སེའི་ཀློག་པ་པོས་དེང་གི་བོད་ལྗོངས་ཤེས་རྟོགས་བྱེད་པའི་སྐར་ཁུང་གལ་ཆེན་དུ་གྱུར་ཡོད།

    “ངས་བོད་དུ་ཡོང་རིམ་བཞིན་ཡུལ་འདིའི་མི་དང་སྤེལ་རེས་བྱེད་ཀྱི་ཡོད། རྒན་གསོ་ཁང་གི་རྒན་རྒོན་དང་། ན་གཞོན་སྨན་པ། མགྲོན་ཁང་གི་ཞབས་ཞུ་བ། རི་མོ་མཁས་ཅན། དགེ་འདུན་པ་སོགས་ཀྱིས་བརྗོད་པའི་སྐད་ཆ་དག་ལས་རང་ཉིད་ལ་སེམས་འགུལ་གཏིང་ཟབ་ཐེབས་བྱུང་། ངས་ཁོང་ཚོའི་འཚོ་བ་དངོས་མཐོང་བྱུང་ལ་ཁོང་ཚོས་དུས་རབས་ལ་གོ་བ་ཇི་ལྟར་ལེན་པའང་ཤེས་བྱུང”ཞེས་པུའུ་ལེ་སི་ལའེ་ཡིས་བརྗོད།

    བོད་ཀྱི་འཕེལ་རྒྱས་དང་འཕོ་འགྱུར་ལས་པུའུ་ལེ་སི་ལའེ་ལ་བག་ཆགས་ཟབ་མོ་བཞག་ཅིང་། ཁོང་གིས་གསར་འགོད་པར་ནུབ་ཕྱོགས་སྨྱན་སྦྱོར་གྱིས་བོད་ཀྱི་རིག་གནས་ཤུལ་བཞག་ལ་གཏོར་སྐྱོན་ཕོག་འདུག་ཅེས་སྐྱོན་བརྗོད་ཡང་ཡང་བྱེད་ཀྱི་ཡོད་མོད། འོན་ཀྱང་ང་རང་བོད་དུ་ཐེངས་དང་པོ་ཡོང་སྐབས་ལྷ་སར་ཡུལ་སྐོར་བ་འབོར་ཆེན་ཞིག་དགོན་སྡེར་ལྟ་སྐོར་བྱེད་བཞིན་པ་མཐོང་བྱུང་། དེ་ནི་ནུབ་ཕྱོགས་སྨྱན་སྦྱོར་གྱིས་སྤེལ་བའི་གནས་ཚུལ་དང་རྦད་དེ་འདྲ་ཡི་མིན་འདུག བོད་ཀྱི་སློབ་གྲྭ་དང་། སྨན་ཁང་། རྨང་གཞིའི་སྒྲིག་བཀོད་བཅས་མགྱོགས་མྱུར་འཕེལ་རྒྱས་འགྲོ་བ་དང་དུས་མཚུངས་རིག་གནས་གནའ་ཤུལ་ཉར་ཚགས་ཧ་ཅང་ཡག་པོ་བྱས་པ་མཐོང་བྱུང་ཞེས་བརྗོད་པ་རེད།

    པུའུ་ལེ་སི་ལའེ་ཡིས་སྐབས་དེ་དུས་བཅར་འདྲི་བྱེད་པའི་གནས་ཚུལ་དྲན་གསོ་བྱེད་བཞིན་ས་གནས་དེ་གའི་གྲོང་མིའི་སྡོད་ཁང་གསར་པ་མཐོང་སྐབས“སྲོལ་རྒྱུན་གྱི་ཨར་སྐྲུན་ཉམས་འགྱུར་ཐོག་ནས་བསྐྲུན་པའི་སྡོད་ཁང་གསར་པར་དེང་རབས་ཅན་གྱི་སྒྲིག་བཀོད་སྒྲིག་སྦྱོར་བྱས་པ་དེ་ཐོག་ནས་ངས་བོད་ཀྱི་དཔལ་འབྱོར་འཕེལ་རྒྱས་ཀྱི་གྲུབ་འབྲས་མཐོང་བྱུང་། གཞུང་ལམ་སོགས་རྨང་གཞིའི་སྒྲིག་བཀོད་འཛུགས་སྐྲུན་ལས་དངོས་ཟོག་སྐྱེལ་འདྲེན་དང་འགྲུལ་བཞུད་ཧ་ཅང་སྟབས་བདེ་རུ་ཕྱིན་པ་མ་ཟད། དཔལ་འབྱོར་འཕེལ་རྒྱས་ལ་སྣེ་ཁྲིད་ཀྱི་ནུས་པ་ཐོན་འདུག”ཅེས་བརྗོད་པ་རེད།

    བོད་ཀྱི་སློབ་གྲྭར་བསྐྱོད་སྐབས་བོད་རྒྱ་སྐད་ཡིག་གཉིས་ཀྱི་སློབ་གསོ་འཕེལ་རྒྱས་ལས་པུའུ་ལེ་སི་ལའེ་ལ་བག་ཆགས་ཟབ་མོ་བཞག་ཡོད། “སྐད་གཉིས་སློབ་གསོས་བོད་ཀྱི་ཕྲུ་གུ་ཚོར་དེ་བས་ལེགས་པའི་འབྱུང་འགྱུར་བཏོད་ཡོད། སློབ་མ་ཚོར་འབྱུང་འགྱུར་གྱི་ཕུགས་བསམ་དེ་བས་མང་བ་ཡོད། སློབ་གསོ་འཕེལ་རྒྱས་ཀྱི་དོན་སྙིང་གལ་ཆེན་ལྡན་ཞིང་། དེས་རིག་གནས་ལ་བརྩི་འཇོག་བྱེད་པ་མ་ཟད། འབྱུང་འགྱུར་ལ་ཁ་ཕྱོགས་པ་དང་ཕྱི་ཕྱོགས་སྤེལ་རེས་ལ་སྐུལ་འདེད་གཏོང་བའང་མཚོན་གྱི་ཡོད”ཅེས་བརྗོད་པ་རེད།

    ཁོང་གིས་ད་དུང་ནུབ་ཕྱོགས་རྒྱལ་ཁབ་ཀྱི་ཡུལ་སྐོར་བས་བོད་ལྗོངས་སློབ་ཆེན་དུ་ལྟ་སྐོར་བྱེད་པ་དང་སློབ་གྲྭའི་དཔེ་མཛོད་ཁང་གི་དཔེ་རྙིང་མང་ཙམ་བལྟས་ནས་བོད་ཀྱི་འཕེལ་རྒྱས་ལ་ཤེས་རྟོགས་དེ་བས་གཏིང་ཟབ་བྱེད་རྒྱུའི་གྲོས་འགོ་འདོན་རྒྱུ་ཡིན་ཞེས་བརྗོད།

    སྨན་བཅོས་འཕྲོད་བསྟེན་དང་རྒན་གསོའི་ཞབས་ཞུ་འཕེལ་རྒྱས་ཤུགས་ཆེན་ཕྱིན་པ་དེས་པུའུ་ལེ་སི་ལའེ་ལ་སེམས་འགུལ་ཆེན་པོ་ཐེབས་ཤིང་། “སྨན་ཁང་དང་རྒན་གསོ་ཁང་འཛུགས་སྐྲུན་བྱས་པ་བརྒྱུད་ངས་བོད་རིགས་དམངས་ཚོགས་རྣམས་ན་དུས་སྨན་བཅོས་ཐུབ་པ་དང་རྒས་དུས་འཚོ་བརྟེན་ཡོད་པ་མཐོང་བྱུང”ཞེས་བརྗོད།

    “བཅར་འདྲི་རེ་རེ་ལས་ཀྲུང་གོ་སྲིད་གཞུང་གིས་ས་གནས་དེ་གའི་མང་ཚོགས་ཀྱི་འཚོ་བའི་ཆུ་ཚད་མཐོ་རུ་གཏོང་བའི་ཐད་གྲུབ་འབྲས་བཟང་པོ་ཐོབ་པ་མཐོང་བྱུང་། འོན་ཀྱང་གྲུབ་འབྲས་དེ་དག་ནུབ་ཕྱོགས་སྨྱན་སྦྱོར་གྱིས་སྣང་མེད་དུ་གཏོང་གི་འདུག ནུབ་ཕྱོགས་སྤྱི་ཚོགས་ཀྱིས་དུས་ཡུན་རིང་པོའི་ནང་བོད་ལ་ཕྱོགས་ལྷུང་གི་ལྟ་སྟངས་འཛིན་གྱི་ཡོད་པས་ནུབ་ཕྱོགས་བས་ཇི་མ་ཇི་བཞིན་གྱི་བོད་ལྗོངས་ཤེས་རྟོགས་བྱེད་པའི་ལས་འགན་ལྕི་ལ་ལམ་ཐག་རིང་བ་ཞིག་ཡོད”ཅེས་བརྗོད།

    འགན་འཁུར་རྩོམ་སྒྲིག་པ། 次旦多吉

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།