དབུ་ཤོག>ཆེད་སྒྲིག
  • 《ཀྲུང་གོ་གུང་ཁྲན་ཏང་གི་ཏང་གི་ལོ་རྒྱུས》ཀྱི་ཤེས་བྱ།

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།   |     སྤེལ་དུས།  2021-05-27

    ★ 1957ལོའི་ཟླ་2པར་མའོ་ཙེ་ཏུང་གིས་ཆེས་མཐོའི་རྒྱལ་དོན་ཚོགས་འདུའི(རྒྱ་ཆེ)ཚོགས་འདུ་ཐེངས་བཅུ་གཅིག་པར《མི་དམངས་ནང་ཁུལ་གྱི་འགལ་བ་ཐག་གཅོད་ཡང་དག་བྱེད་རྒྱུའི་སྐོར་གྱི་གནད་དོན》ཞེས་པའི་གཏམ་བཤད་གནང་བ་དང་། གཏམ་བཤད་ནང་སྤྱི་ཚོགས་རིང་ལུགས་སྤྱི་ཚོགས་ཀྱི་གཞི་རྩའི་འགལ་ཟླ་ནི་སྔར་བཞིན་ཐོན་སྐྱེད་ནུས་ཤུགས་དང་ཐོན་སྐྱེད་འབྲེལ་བའི་དབར་དང་དཔལ་འབྱོར་གྱི་རྨང་གཞི་དང་སྟེང་གི་བཀོད་པའི་དབར་གྱི་འགལ་བ་ཡིན་པ་བསྟན་གནང་ཡོད།

    ★ 1957ལོར་ཀུན་སྤྱོད་དག་ཐེར་གྱི་ལས་འགུལ་སྤེལ་ཞིང་། དེའི་ནང་དོན་གཙོ་བོ་ནི་དཔོན་ཉམས་རིང་ལུགས་དང་། ཕྱོགས་རིས་རིང་ལུགས། རང་ཤེད་རིང་ལུགས་བཅས་ལ་ངོ་རྒོལ་བྱེད་དགོས་པ་འདི་རེད།

    ★ 1961ལོའི་ཟླ་དང་པོར་ཀྲུང་གུང་སྐབས་བརྒྱད་པའི་ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་ཐེངས་དགུ་པར་མའོ་ཙེ་ཏུང་གིས་དངོས་ཐོག་བདེན་འཚོལ་གྱི་སྲོལ་རྒྱུན་བཟང་པོ་སླར་གསོ་བྱས་ཏེ་ཏང་ཡོངས་ལ་འབོད་སྐུལ་བྱས་ནས་བརྟག་དཔྱད་ཞིབ་འཇུག་གི་དར་སྲོལ་དར་སྤེལ་ཤུགས་ཆེན་གཏོང་དགོས་པའི་ནན་བཤད་གནང་བ་རེད།

    ★ “ཚོགས་ཆེན་བརྒྱད་པའི”ཐོག《ཏང་གི་སྒྲིག་ཡིག》ནང་ཏང་གི་ཆེས་མཐོའི་འགོ་ཁྲིད་ལས་ཁུངས་ནི་ཏང་གི་རྒྱལ་ཡོངས་མི་དམངས་འཐུས་མི་ཚོགས་ཆེན་དང་དེའི་ཀྲུང་དབྱང་ཨུ་ཡོན་ལྷན་ཁང་ཡིན་ཞེས་པ་གཏན་འཁེལ་བྱས་པ་རེད།

    ★ 1961ལོའི་ཟླ་དང་པོར་ཏང་གི་སྐབས་བརྒྱད་པའི་ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་ཐེངས་དགུ་པར་རྒྱལ་དམངས་དཔལ་འབྱོར་ཐད་ལེགས་སྒྲིག་དང་། བརྟན་གཏོང་། འཐུས་ཚང་། མཐོར་གཏོང་བཅས་བྱེད་དགོས་པའི་ཡིག་འབྲུ་བརྒྱད་ཀྱི་མཛད་ཕྱོགས་ལག་བསྟར་བྱེད་དགོས་པ་དངོས་སུ་གཏན་འཁེལ་བྱས་པ།

    ★ 1961ལོར་ཏང་ཀྲུང་དབྱང་གིས“མདེལ་གཉིས”ཀྱི་ཞིབ་བཟོ་ལྟེ་བར་བྱས་ཏེ་རྒྱལ་སྲུང་ཚན་ཞིབ་དང་བཟོ་ལས་འཕེལ་རྒྱས་མགྱོཌ་སུ་གཏོང་བའི་ཐབས་ཇུས་གལ་ཆེན་བཏོན་ཅིང་། “མདེའུ་གཉིས”ནི་རྡུལ་ཕྲན་འབར་མདེལ་དང་ཆིང་འབར་མདེལ་གཉིས་རེད།

    ★ 1964ལོའི་ཟླ་10ཚེས་16ཉིན་རང་རྒྱལ་གྱི་རྡུལ་ཕྲན་འབར་མདེལ་ཐོག་མ་དེ་བདེ་བླག་ངང་འབར་གས་བྱས་ནས་རྒྱལ་ཁབ་ཤིན་ཏུ་སྟོབས་ཆེན་གྱིས་ཉིང་རྡུལ་སྒེར་སྡེམ་དང་ཉིང་རྡུལ་གྱི་སྙད་འཚོལ་འཇིགས་སྐུལ་མེད་པར་བཟོས་པས་རང་རྒྱལ་གྱི་རྒྱལ་སྤྱིའི་གནས་བབ་མཐོ་རུ་ཕྱིན་པ། 

    ★ 1964ལོའི་ཟླ་12པར་རྒྱལ་ཡོངས་མི་དམངས་འཐུས་ཚོགས་སྐབས་གསུམ་པར་ཀྲོའུ་ཨེན་ལའེ་ཡིས་ཏང་ཀྲུང་དབྱང་གི་ཚབ་གནང་ནས་དེང་རབས་ཅན་བཞིའི་བསམ་ཕྱོགས་བཏོན་གནང་བ། (མུ་མཐུད་འགོད་རྒྱུ)

    འགན་འཁུར་རྩོམ་སྒྲིག་པ། 次旦多吉

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།