དབུ་ཤོག>ཆེད་སྒྲིག
  • “དུས་རབས་གསར་པར་བྱིས་གླུ་ལེན། ནམ་ཡང་ཏང་གི་རྗེས་སུ་འབྲང་བའི”ཕུལ་བྱུང་གི་གསར་རྩོམ་བྱིས་གླུ་དང་རང་སྐྱོང་ལྗོངས་ཀྱི“དུས་རབས་གསར་པའི་ལོ་ཆུང་བཟང་པོའི”ཡོངས་བསྒྲགས་བྱེད་སྒོ་སྤེལ་བ།

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།   |     སྤེལ་དུས།  2021-05-27

    ཚེས་23ཉིན། “དུས་རབས་གསར་པར་བྱིས་གླུ་ལེན། ནམ་ཡང་ཏང་གི་རྗེས་སུ་འབྲང་བའི”ཕུལ་བྱུང་གི་གསར་རྩོམ་བྱིས་གླུ་དང་2020ལོ་ནས་2021ལོ་བར་གྱི་བོད་རང་སྐྱོང་ལྗོངས་ཀྱི“དུས་རབས་གསར་པའི་ལོ་ཆུང་བཟང་པོའི”ཡོངས་བསྒྲགས་བྱེད་སྒོ་ལྷ་སར་སྤེལ་བ་རེད།

    རང་སྐྱོང་ལྗོངས་ཀྱི་ཀྲུའུ་ཞི་གཞོན་པ་རང་སྐྱོང་ལྗོངས་ཤེས་དཔལ་ཨུ་ལྷན་གྱི་ཀྲུའུ་རེན་གཞོན་པ་རྡོ་རྗེ་ཚེ་སྒྲུབ་ཚོགས་འདུར་ཞུགས་པ་མ་ཟད། བྱེད་སྒོ་མ་སྤེལ་གོང“དུས་རབས་གསར་པའི་ལོ་ཆུང་བཟང་པོའི”འཐུས་མིར་གཟིཌ་པ་རེད།

    ཤེས་རྟོགས་བྱུང་བར་གཞིགས་ན། ད་ཐེངས་ཀྱི་ཡོངས་བསྒྲགས་བྱེད་སྒོ་སྤེལ་བའི་དམིགས་ཡུལ་ནི། ལོ་70ཡི་རིང་ཏང་གིས་བོད་ཀྱི་མི་རིགས་ཁག་གི་མི་དམངས་ཀྱི་སྣེ་ཁྲིད་དེ་སྤྱི་ཚོགས་རིང་ལུགས་ཀྱི་བོད་ལྗོངས་གསར་པ་འཛུགས་སྐྲུན་བྱས་པར་ཐོབ་པའི་རླབས་ཆེན་གྲུབ་འབྲས་ལ་བསྟོད་གླུ་ལེན་པ་དང་། རང་ལྗོངས་ཀྱི་གཞོན་ནུ་ལོ་ཆུང་དང་བྱིས་པའི་སེམས་པ་ཏང་ལ་ཕྱོགས་པ་དང་ཏང་གི་བཀའ་དྲིན་ཚོར་བའི་དུས་རབས་ཀྱི་ཉམས་འགྱུར་མངོན་པར་བྱས་ནས། རྒྱ་ཆེའི་ན་སོ་དར་ལ་མ་བབས་པའི་མིའི་སྣེ་ཁྲིད་དེ“དུས་རབས་གསར་པའི་ལོ་ཆུང་བཟང་པོ”མིག་དཔེར་བཟུང་ནས་ཀུན་སྤྱོད་ལ་བརྩི་མཐོང་དང་དགེ་སྒྲུབ་གོང་བཀུར་དང་། སྤྱོད་ཡོན་གཉིས་ལྡན་ཡོང་བར་བྱས་ཏེ་མི་རིགས་བསྐྱར་དར་གྱི་འགན་འཁྲི་ལྕི་པོ་ཕྲག་ཏུ་འཁུར་ཐུབ་པའི་དུས་རབས་གསར་པའི་མི་ཞིག་ཧུར་ཐག་བྱེད་ཆེད་རེད། 

    བྱེད་སྒོ་སྤེལ་ཡུལ་དུ་ཕུལ་བྱུང་གི་གསར་རྩོམ་བྱིས་གླུ་10བཏང་བ་མ་ཟད། 2020ལོ་ནས་2021ལོ་བར་གྱི་བོད་རང་སྐྱོང་ལྗོངས་ཀྱི“དུས་རབས་གསར་པའི་ལོ་ཆུང་བཟང་པོའི”སྔོན་ཐོན་དཔེ་མཚོན་29ཡོངས་བསྒྲགས་བྱས་པ་རེད། 

    འགན་འཁུར་རྩོམ་སྒྲིག་པ། 次旦多吉

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།