དབུ་ཤོག>ཆེད་སྒྲིག
  • “ལས་ཀར་ཞུགས་རྗེས་ངའི་ཁྱིམ་ཚང་དབུལ་སྒྲོལ་བྱུང་སོང”ཞེས་བདེ་ཆེན་ཉི་འོད་གཞིས་ཀའི་ལས་མི་ཕུར་བུ་ཚེ་རིང་གིས་བརྗོད་པ།

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།   |     སྤེལ་དུས།  2021-05-26

    “ངར་ཟླ་རེར་གླ་ཆ་སྒོར་5300ཡོད་པ་དང་ཁྱིམ་དུ་ནང་མི་གསུམ་ཡོད། འདིར་ལས་ཀར་ཞུགས་རྗེས་ནང་མི་ཚང་མ་དབུལ་སྒྲོལ་བྱུང་སོང”ཞེས་བདེ་ཆེན་ཉི་འོད་གཞིས་ཀའི་གཞིས་རྩེ་བཟོ་ཁུལ་གྱི་ཐོན་སྐྱེད་པུའི་པན་ཀྲང་ཕུར་བུ་ཚེ་རིང་གིས་བཤད། 2018ལོར་སློབ་གྲྭ་ཆེ་མོ་ཐོན་རྗེས་ཁོང་བཟོ་ཁུལ་གྱི་ལས་ཀར་ཞུགས།

    ཐོག་མཐའ་བར་གསུམ་དུ། བོད་ལྗོངས་བདེ་ཆེན་ཉི་འོད་གཞིས་ཀ་ཀུང་སིས་ཏང་ཀྲུང་དབྱང་དང་། རྒྱལ་སྲིད་སྤྱི་ཁྱབ་ཁང་། རང་སྐྱོང་ལྗོངས་མི་དམངས་སྲིད་གཞུང་བཅས་ཀྱི་འབོད་སྐུལ་དང་ལེན་ཞུས་ཏེ། ས་གནས་ས་ཐོག་ཏུ་ལས་མི་བསྡུ་བ་དང་། སློབ་གྲྭ་ནས་ལས་མི་བསྡུ་བ། དྲ་ཐོག་ལས་མི་བསྡུ་བའི་ཆ་འཕྲིན་སྤེལ་བ་སོགས་ཀྱི་རྣམ་པ་བརྒྱུད། སློབ་ཆེན་སློབ་མའི་ལས་ཞུགས་དང་ཞིང་འབྲོག་པའི་ལས་ཞུགས་ཀྱི་གནད་དོན་ཐག་གཅོད་བྱེད་པར་སྐུལ་འདེད་ཧུར་ཐག་བཏང་ཡོད།

    ཤེས་རྟོགས་བྱུང་བར་གཞིཌ་ན། 2020ལོར་མཐོ་སློབ་སློབ་ཐོན་སློབ་མའི་ལས་ཞུགས་ལ་སྐུལ་འདེད་གཏོང་ཆེད། ཀུང་སིས་ལས་ཞུགས་ལས་གནས་ཁྱོན་300ལྷག་ཙམ་མཁོ་འདོན་བྱས་པ་དང་། ངལ་རྩོལ་ལས་ཞུགས་གན་རྒྱ་བཞག་པའི་ཆེད་ལས་ཚན་ཁག་ཡན་གྱི་མཐོ་སློབ་སློབ་ཐོན་སློབ་མ་ཁྱོན་35ཡོད་པ་དག མིག་སྔར་རང་རང་སོ་སོའི་ལས་གནས་ཐོག་ལས་ཀ་བྱེད་པ། ཀུང་སིས་སྤྱི་ཚོཌ་འགན་བཅོལ་གཅིག་གྱུར་ཐོག་ཉོས་པ་དང་འབྲེལ་ཟླ་བ་མི་རེ་ངོ་རེར་གླ་ཆ་གྲངས་ཚང་སྤྲོད་ཀྱི་ཡོད། དུས་མཚུངས་སུ་སློབ་མའི་ལས་མི་བསྡུ་ཚོགས་12ནང་ཞུགས་པ་དང་། མི་སྒེར་གྱི་ལོ་རྒྱུས་མདོར་བསྡུས་1000ལྷག་ཙམ་བསྡུ་རུབ་བྱས་པ། ངོ་རྒྱུགས་ཐེངས་22སྒྲིག་འཛུགས་བྱས་ཏེ། ཆེད་ལས་ཚན་ཁག་ཡན་གྱི་དོ་དམ་པ་110ལ་ངོ་རྒྱུགས་བླངས་པ། མི་35དང་ངལ་རྩོལ་ལས་ཞུཌ་གན་རྒྱ་བཞག་ཡོད། ཞིང་འབྲོག་པའི་ལས་ཞུཌ་གཞན་སྒྱུར་ཐད། གྲོང་ཚོ་མཉམ་སྡེབ་ཀྱིས་ས་གནས་ས་ཐོག་ཏུ་ལས་མི་བསྡུ་བ་སོགས་ཀྱི་རྣམ་པ་བརྒྱུད། ཞིང་འབྲོག་པ་ལས་མི་དཀྱུས་མ་200ལ་ངོ་རྒྱུགས་བླངས་པ་དང་། མི་190བསྡུས་པ། མི་42དང་ཡུན་རིང་ངལ་རྩོལ་ལས་ཞུཌ་གན་རྒྱ་བཞག་ཡོད། གཞན་ཡང་སྐབས་འཕྲལ་གླ་པ་མི་ཐེངས་1240བསྡུས་ཡོད། 

    འགན་འཁུར་རྩོམ་སྒྲིག་པ། 次旦多吉

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།