ཡིག་ཚགས་དང་གཱ་བཟོས་པའི་མང་ཚོགས་དབུལ་པོ་དུད་ཚང་6958ཀྱི་མི་གྲངས་23893ཚང་མ་དབུལ་སྒྲོལ་ཐུབ་ནས་དབུལ་ཞྭ་ཕུད་པ་དང་། གྲོང་ཚོ(གྲོང་ལྷན)དབུལ་པོ་490ཚང་མ་དབུལ་པོའི་གནས་ལས་བསྒྲལ་ནས་དབུལ་པོ་དབུལ་རྐྱང་དུ་གཅིག་ཀྱང་ལུས་མེད། ཡིག་ཚགས་དང་གཱ་བཟོས་པའི་མང་ཚོགས་དབུལ་པོ་མི་རེའི་ཆ་སྙོམས་ཡོང་འབབ་ཁེ་གཙང་2015ལོའི་ལོ་མཇུག་གི་སྒོར་2855ནས་2020ལོའི་སྒོར་ཁྲི་1.3བར་མཐོ་རུ་ཕྱིན་པ་རེད། ཕྱོཌ་ཡོངས་ནས་དབུལ་སྒྲོལ་འགག་སྒྲོལ་གྱི་དམག་འཐབ་ལ་རྒྱལ་ཁ་ལེན་རིང་། ཉིང་ཁྲི་གྲོང་ཁྱེར་གྱིས་དགའ་བར་འོས་པའི“དབུལ་སྒྲོལ་འགག་སྒྲོལ་གྱི་རྒྱུགས་ལན”ཞིག་ཕུལ་ནས་ཞིང་འབྲོག་མང་ཚོཌ་ཀྱི་ཐོབ་སྣང་དང་། སྐྱིད་སྣང་། བདེ་འཇགས་ཚོར་སྣང་བཅས་ཇེ་ཆེར་སོང་ཡོད།
སྲིད་ཇུས་སྔོན་ལ་ལག་ལེན་བསྟར་ནས་དམངས་ལ་ཕན་བདེ་བསྐྲུན།
ཉིང་ཁྲི་གྲོང་ཁྱེར་གྱིས་ལྗོངས་ཡོངས་སུ་ཡུལ་གཞན་དུ་གནས་སྤོས་དབུལ་སྐྱོར་གྱི་ལས་འགན་སྔོན་ལ་ལེགས་སྒྲུབ་བྱས་ཤིང་། མང་ཚོགས་དབུལ་པོ་དུད་ཚང་759ཡི་མི་གྲངས་3392སྡོད་ཁང་གསར་པར་སྤོས་པ་དང་། “ས་ངན་ཡུག་ཁུལ”གྱི་དུད་ཚང་507གྱི་མི་གྲངས་3252གནས་སྤོ་བཀོད་སྒྲིག་བྱས་པ། ལས་ཞུགས་བརྟན་པོ་ཡོང་བར་བྱེད་པའི་ལས་དོན་ཏན་ཏིག་བསྒྲུབས་ནས་ལས་ཞུཌ་འགན་ལེན་གྱི་ལས་འགན་དོན་འཁྱོལ་བྱས་པ་རེད། རིམ་རྩིས་བྱས་ན་གྲོང་ཁྱེར་དང་གྲོང་རྡལ་དུ་གསར་དུ་ལས་ཞུགས་ཐུབ་པའི་མི་གྲངས་ཁྲི་2.2ཟིན་པ་དང་། ཞིང་འབྲོག་ཁུལ་གྱི་ངལ་ནུས་ལྷགས་མ་མི་ཐེངས་ཁྲི་15.34ལས་ཞུགས་གཞན་སྒྱུར་བྱས་ནས་གྲོང་ཁྱེར་དང་གྲོང་རྡལ་དུ་ལས་ཞུགས་ཐུབ་མེད་པའི་ཁྱིམ་ཚང་གཅིག་ཀྱང་མེད་པ་རེད།
2020ལོའི་ཟླ་10པར“ས་ངན་ཡུག་ཁུལ”གྱི་མང་ཚོགས་ཀྱི་ལས་ཞུགས་དཀའ་བའི་གནད་དོན་ལ་དམིགས་ཏེ། བྲག་ཡིབ་ཆུས་མི་སྤྱི་ཅུས་ཀྱིས་སྦེ་པ་གྲོང་རྡལ་དགའ་སྐྱིད་གྲོང་ཚོ་དང་། བྲག་ཡིབ་གྲོང་རྡལ་བཅའ་གནས་གྲོང་ཚོར་ཡུལ་གཞན་དུ་གནས་སྤོས་དབུལ་སྐྱོར་གྱི་བྲག་ཡིབ་ཆུས་བཀོད་སྒྲིག་ས་ཚིགས་ཀྱི་ཆེད་དོན་ལས་བསྡུའི་འདུ་ཚོགས་འཚོགས་པ་རེད། ལས་བསྡུའི་འདུ་ཚོཌ་ལ་ལྗོངས་ཐད་གཏོཌ་ཀྱི་རོཌ་སྐྱོར་ཚན་པ་15ཞུགས་པ་དང་། ཁེ་ལས་43གྱིས་ལས་མི་བསྡུས་པ་ཞབས་འདེགས་དང་། ཕྱིར་ཚོང་། བདེ་སྲུང་། གློག་ལས། ཁ་ལོ་བ། ཤིང་འཛུགས་སོགས་ཀྱི་ལས་རིགས་10ལྷག་ཙམ་ཡོད་པ་དང་། “ས་ངན་ཡུག་ཁུལ”གྱི་གནས་སྤོས་མི་སྣའི་ཆ་རྐྱེན་དང་འཚམ་པའི་ལས་གནས་300ལྷག་ཙམ་མཁོ་འདོན་བྱས་པར། མི་120ལྷག་ཙམ་གྱིས་ལས་ཞུགས་འདོད་མཐུན་ཡི་གེ་བཞག་པ་རེད།
དབུལ་སྒྲོལ་འགག་སྒྲོལ་བྱེད་རིང་སློབ་གསོ་སྔོན་ལ་ལག་ལེན་བསྟར།
སློབ་གསོ་སྔོན་ལ་འཇོག་པའི་འཐབ་ཇུས་མཐའ་འཁྱོངས་བྱས་ཏེ། བུ་བཅོལ་ཁང་དང་སློབ་གྲྭ་འབྲིང་ཆུང་238གསར་སྐྲུན་དང་བསྐྱར་སྐྲུན་བྱས་པ་དང་ཉིང་ཁྲིའི་ལས་རིགས་ལག་རྩལ་སློབ་གྲྭ་བསྐྲུན་པ་རེད།
སློབ་གྲྭས་ལས་རིགས་སློབ་གསོ་འཕེལ་རྒྱས་ཤུགས་ཆེན་བཏང་ནས་དབུལ་སྒྲོལ་འགག་སྒྲོལ་ལ་རམ་འདེགས་བྱས་ཤིང་། ཉིང་ཁྲི་གྲོང་ཁྱེར་གྱིས“རྒྱུད་གཅིག་དང་རྟེན་གཞི་བཞི”དང་། སྣོད་བཅུད་ཡུལ་སྐོར་དང་ཁྲོམ་རར་གླ་པ་སྤྱོད་པའི་དགོས་མཁོར་དམ་པོར་དམིགས་ནས་ཆེད་ལས་གཉེར་ཞིང་། ད་བར་སློབ་གྲྭ་དང་ཁེ་ལས་མཉམ་ལས་ཀྱི་ཚན་པ་37དང་། སློབ་ཕྱིའི་དངོས་སྦྱོང་གསོ་སྦྱོང་རྟེན་གཞི་24 ཁེ་འདྲེན་སློབ་སྡོད་ཚན་པ་3བཅས་ཡོད་པ་རེད།
“ང་ན་ནིང་ཉིང་ཁྲི་ལས་རིགས་ལག་རྩལ་སློབ་གྲྭར་སླེབས་པ་ཡིན། དེ་གར་སློབ་ཡོན་སྤྲོད་དགོས་ཀྱི་མི་འདུག ངས་ཇ་ལོ་འདེབས་སྟངས་དང་ལས་སྣོན་གྱི་ཆེད་ལས་སྦྱངས་པ་ཡིན། སློབ་གྲྭ་ཐོན་རྗེས་ཕ་ཡུལ་དུ་ལོག་ནས་ཕ་ཡུལ་གྱི་ཇ་ལོ་འདེབས་ཁྱོན་ཆེ་རུ་གཏོང་བ་མ་ཟད། གྲོང་ཚོའི་མང་ཚོགས་ལ་རོགས་རམ་བྱས་ཏེ་ཚང་མར་ཇ་ལོ་བཏབ་ནས་འབབ་འཕར་ཕྱུག་འགྱུར་ཡོང་བའི་རེ་བ་བྱེད་ཀྱི་ཡོད”ཅེས་མེ་ཏོག་རྫོང་བདེ་ཞིང་ཤང་ཧོ་ར་གྲོང་ཚོའི་ཚེ་རིང་ལྷག་སྒྲོན་གྱིས་གསར་འགོད་པར་བཤད།
སྐྱེ་ཁམས་སྡོད་མལ་ལ་འཚམ་པས་མི་སེར་གྱི་འཚོ་བ་སྐྱིད་སྣང་དོད།
ཉེ་བའི་ལོ་ཤས་རིང་། ཉིང་ཁྲི་གྲོང་ཁྱེར་གྱིས་མི་ཐབས་ནགས་བཟོ་མུའུ་ཁྲི་27.8བྱས་པ་དང་། བྱེ་གྱུར་ས་ཆ་མུའུ་ཁྲི་19.3བཅོས་སྐྱོང་བྱས་པ། ནགས་ཚལ་མུའུ་ཁྲི་41སྐྱོང་གསོ་བྱས་པར་ནགས་ཚལ་ཁྱབ་ཚད་53.6%ཟིན་ཡོད། “མེད་པ་ལྔའི”ཤིང་འཛུགས་བྱེད་སྒོ་ཕྱོགས་ཡོངས་ནས་ལེགས་སྒྲུབ་བྱས་ཤིང་། མཁའ་རླུང་གི་སྤུས་ཚད་ལོན་པའི་ཉིན་གྲངས་ཀྱི་བསྡུར་གྲངས་100%རྒྱུན་འཁྱོངས་ཐུབ་པ་དང་། གཙང་པོ་དང་། ཆུ་བོ། མཚོ། མཚེའུ་བཅས་ཀྱི་ཆུ་སྤུས་རིགས་གསུམ་པའི་ཚད་གཞིར་སླེབས་པའམ་ཡང་ན་དེ་ཡན་ཟིན་པ། གཅིག་སྡུད་རྣམ་པའི་འཐུང་ཆུའི་ཆུ་འགོ་ཁུལ་གྱི་ཆུའི་སྤུས་ཚད་ལོན་ཚད་100%ཟིན་ཡོད།
“དེ་སྔོན་གྲོང་ཚོའི་ལམ་ཚང་མ་ཐལ་རྡུལ་ཡིན་པ་པའི་ཁར་ལྕི་བ་མང་བ་དང་། ཆར་དུས་སུ་གྲོང་ཚོའི་ལམ་དུ་གང་སར་འདམ་རྫབ་ཀྱིས་ཁེངས་ཀྱི་ཡོད། ལོ་འདི་དག་རིང་། རྒྱལ་ཁབ་ཀྱི་སྲིད་ཇུས་བཟང་པོའི་བཀའ་དྲིན་ལས། ང་ཚོ་དབུལ་སྒྲོལ་བྱུང་བ་དང་། གྲོང་ཚོར་ཨར་འདམ་ལམ་བཏིང་བ། བ་ཚང་ལོགས་སུ་བསྐྲུན་པ་དང་ཆབས་ཅིག གྲོང་ཚོའི་མང་ཚོགས་ཀྱི་ཁོར་ཡུག་སྲུང་སྐྱོང་གི་འདུ་ཤེས་ཀྱང་ཟབ་ཏུ་སོང་འདུག ད་ལྟ་གྲོང་ཚོར་བསྡད་ན་ཉིན་ལྟར་སེམས་སྐྱིད་པོ་འདུག”ཅེས་རྫ་ཡུལ་རྫོང་འགྲོ་བ་དགོན་གྲོང་རྡལ་ལུང་འགོ་གྲོང་ཚོའི་གྲོང་མི་སྐལ་བཟང་སྒྲོལ་མས་འཛུམ་དམུལ་དམུལ་ངང་བཤད།