དབུ་ཤོག>ཆེད་སྒྲིག
  • དད་སེམས་བརྟན་པོས་བསམ་པའི་འཚོ་བཅུད་གསབ། བསམ་བློའི་ཁ་ཕྱོགས་སྟངས་འཛིན་ལེགས་པར་བྱེད།

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།   |     སྤེལ་དུས།  2021-05-26

    555720_yis_1621958400000_s.jpg

    ཉེ་ཆར། མངའ་རིས་ས་ཁུལ་གྱི་རིམ་ཁག་ཏང་རྩ་འཛུཌ་ཀྱིས“ཆབ་སྲིད་ཀྱི་ཚད་གཞི་དེ་བས་མཐོ་བ་དང་། ཏང་གཤིས་ཀྱི་བླང་བྱ་དེ་བས་ནན་པ། རྩ་འཛུགས་ཀྱི་སྒྲིག་ཁྲིམས་དེ་བས་དམ་པ”བཅས་དགོས་པའི་ཆེད་དོན་སློབ་གསོའི་ཏང་གི་སློབ་ཚན་འཚོགས་ཏེ། རྒྱ་ཆེའི་ཏང་ཡོན་ལས་བྱེད་པ་དང་ལྷག་པར་དུ་ཏང་ཡོན་འགོ་ཁྲིད་ལས་བྱེད་པར་དད་སེམས་ཀྱི་རྨང་གཞི་བརྟན་དུ་གཏོང་བ་དང་། བསམ་པའི་འཚོ་བཅུད་གསབ་པ། བསམ་བློའི་ཁ་ཕྱོགས་སྟངས་འཛིན་ཡག་པོ་བཅས་བྱེད་རྒྱུར་སློབ་གསོ་ཁྲིད་སྟོན་བྱས་ནས་ཆེད་དོན་སློབ་གསོ་རྒྱུན་མཐུད་དང་གཏིང་ཟབ་སྤེལ་རྒྱུར་སྐུལ་འདེད་བཏང་བ་རེད།

    ཆབ་སྲིད་ལ་རྦད་དེ་ལྷག་བསམ་རྣམ་དག་གིས་དད་སེམས་ཀྱི་རྨང་གཞི་བརྟན་དུ་བཏང་བ།

    མངའ་རིས་ས་ཁུལ་གྱི་རིམ་ཁག་ཏང་ཨུད(ཏང་ཙུའུ)ཀྱི་ཧྲུའུ་ཅིས་ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཀྱི་དགོངས་པ་སློབ་སྦྱོང་གཏིང་ཟབ་བྱེད་རྒྱུ་དེ་འཚོ་བཅུད་ལེན་པ་དང་འཇོན་ཐང་ཆེ་རུ་གཏོང་བའི་ཐབས་ལམ་གལ་ཆེན་དུ་བརྩི་རྒྱུ་མཐའ་འཁྱོངས་བྱེད་པ་དང་། རང་དཔེ་གཞན་སྟོན་གྱིས་འགན་འཁྲི་གཙོ་བོ་དང་ལས་ཀ་གཙོ་བོར་དམིགས་པ་དང་འགན་འཁྲི་གཙང་སྒྲུབ་ནན་ཏན་དང་། གསར་བརྗེའི་ས་བོན་རྒྱུན་འཛིན། ལས་ཀའི་སྤྱོད་ཚུལ་ལེགས་སུ་གཏོང་བ་སོགས་ལ་འཕྲལ་དུ་དམིགས་ཏེ། རིམ་པ་འོག་མའི་ཏང་ཨུད(ཏང་ཙུའུ)ཧྲུའུ་ཅིར་ཆེད་དོན་ཏང་གི་སློབ་ཚན་ཁྲིད་པ་དང་རྒྱ་ཆེའི་ཏང་ཡོན་ལས་བྱེད་པ་དང་ལྷག་པར་དུ་ཏང་ཡོན་འགོ་ཁྲིད་ལས་བྱེད་པར་སྔ་ཕྱི་བར་གསུམ་དུ་བསམ་བློ་དང་། ཆབ་སྲིད། བྱ་སྤྱོད་བཅས་ཀྱི་ཐད་བློ་མཐུན་ཞི་ཅིན་ཕིང་གིས་སྲོག་ཤིང་གནང་བའི་ཏང་ཀྲུང་དབྱང་དང་ཚད་མཐོའི་གཅིག་གྱུར་བྱ་རྒྱུ་མཐའ་འཁྱོངས་བྱེད་པའི་སློབ་གསོ་ཁྲིད་སྟོན་བྱས་པ་དང་། བློ་བརྟན་འགྱུར་མེད་ངང་ཏང་གི་བཀའ་དྲིན་ཚོར་བ་དང་། ཏང་གི་བཀའ་ལ་ཉན་པ། ཏང་གི་རྗེས་སུ་འབྲང་བ། དར་ཆ་གསལ་སྟོན་གྱིས་ཆབ་སྲིད་ལ་སྣང་ཆེན་དང་། ཁ་ཕྲལ་ལ་ངོ་རྒོལ། རང་རྟོགས་ངང་གསར་བརྗེའི་སྲོལ་རྒྱུན་རྒྱུན་འཛིན་དང་། གསར་བརྗེའི་ས་བོན་རྒྱུན་འཛིན། བསམ་པའི་འཚོ་བཅུད་གང་ལེགས་གསབ་པ། “བོད་སྐྱོད་པ་རྒན་གྲས་ཀྱི་སྙིང་སྟོབས”དང་། “ལམ་གཉིས་ཀྱི་སྙིང་སྟོབས” “ཁུང་ཧྥན་སེན་གྱི་སྙིང་སྟོབས”“སྔོན་སྐྱོད་ལེན་གྱི་སྙིང་སྟོབས”བཅས་ལ་དུས་རབས་ཀྱི་ནང་དོན་གསར་པ་བསྣན་ཏེ་ཆབ་སྲིད་ཀྱི་གཤིས་རྒྱུད་བཟང་པོའི་ཐོག་ནས་ཏང་ཡོན་འགོ་ཁྲིད་ལས་བྱེད་པའི་རང་གཤིས་་མངོན་པར་བྱས་པ་རེད།

    བློ་བརྟན་འགྱུར་མེད་ཀྱི་ཐོག་མའི་བསམ་འདུན་དང་འགན་འཁྲིར་བརྟེན་ནས་བསམ་པའི་འཚོ་བཅུད་གསབ་པ།

    མངའ་རིས་ས་ཁུལ་གྱི་རིམ་ཁག་ཏང་རྩ་འཛུགས་ཀྱིས“དེ་བས་གསུམ”གྱི་ཆེད་དོན་སློབ་གསོ་དང་ཏང་གི་ལོ་རྒྱུས་སློབ་སྦྱོང་སློབ་གསོ་དང་སྲིད་ཁྲིམས་དཔུང་ཁག་གི་སློབ་གསོ་ཟུང་འབྲེལ་བྱ་རྒྱུ་མཐའ་འཁྱོངས་དང“1+9+N”སློབ་གསོའི་མ་ལག་ལ་བརྟེན་ནས། “གསར་བརྗེའི་སྙིང་སྟོབས་རྒྱུན་འཛིན་བྱས་ཏེ་དུས་རབས་ཀྱི་གདོང་ལེན་བརྩོན་ལེན་བྱེད་པའི”བརྗོད་དོན་གཙོ་བོའི་ཏང་གི་ཉིན་མོའི་བྱེད་སྒོ་སོགས་བྱེད་སྒོ་རབ་དང་རིམ་པ་ཐེངས་350ལྷག་ཙམ་སྤེལ་བ་དང་། བོད་ཀྱི་གསར་བརྗེ་དང་འཛུགས་སྐྲུན་ནང་ཞུགས་མྱོང་བའི་འགོ་ཁྲིད་རྒན་གྲས་དང་། འཐབ་འཛིང་པ་རྒན་གྲས། ཏང་ཡོན་རྒན་གྲས་བཅས་གདན་དྲངས་ནས་བོད་ཀྱི་གསར་བརྗེའི་ལོ་རྒྱུས་བརྗོད་པ་དང་། གཞི་རིམ་ཏང་ཀྲི་པུའི་ཧྲུའུ་ཅི་དང་། ཕུལ་བྱུང་ཏང་ཡོན། སྔོན་ཐོན་དཔེ་མཚོན་བཅས་སྒྲིག་འཛུགས་བྱས་ཏེ་ཆེད་དོན་ཏང་གི་སློབ་ཚན་ཐེངས་90ལྷག་ཙམ་ཁྲིད་པ་རེད།

    མངའ་རིས་ས་ཁུལ་གྱི་རིམ་ཁག་སྤྱི་བདེ་ལས་ཁུངས་ཀྱིས་ཐོག་མཐའ་བར་གསུམ་དུ་གསར་བརྗེའི་སློབ་གསོ་དང་ལེན་བྱ་རྒྱུ་དེ་འགོ་ཁྲིད་ལས་བྱེད་པའི་རེས་སྐོར་སྦྱོང་བརྡར་དང་། ཉེན་རྟོག་པའི་གོ་རྟགས་མཐོ་རུ་གཏོང་བ། ཉེན་རྟོག་པ་གསར་པ་སྦྱོང་བརྡར་ནང་ཞུགས་པ། ཏང་ནང་ཞུགས་པའི་དམ་བཅའ་འཇོག་པ་བཅས་ངེས་པར་སྦྱོང་དགོས་པའི་སློབ་ཚན་དུ་བརྩིས་ནས“དམངས་ཆེད་བྱ་བ་དངོས་སྒྲུབ་པའི”བྱེད་སྒོ་ཐེངས་200ལྷག་ཙམ་སྤེལ་བ་དང་མང་ཚོགས་ལ་དཀའ་ངལ་དངོས་36ཐག་གཅོད་བྱེད་རོཌ་བྱས་ནས་འགན་འཁྲི་ཕྲག་ཏུ་འཁུར་ཡོད་པ་རེད།

    སྤྱོད་ཚུལ་འཛུགས་སྐྱོང་ཏན་ཏིག་བྱས་ནས་བསམ་བློའི་ཁ་ཕྱོགས་སྟངས་འཛིན་བརྟན་པོ་བྱས་པ།

    མངའ་རིས་ས་ཁུལ་གྱི་རིམ་ཁག་ཏང་རྩ་འཛུགས་ཀྱིས་དུས་དང་རྣམ་པ་ཀུན་ཏུ་ཏང་སྒྲིག་དང་རྒྱལ་ཁྲིམས་སྲུང་བའི་ཐད་རིག་པ་ལྕགས་སྐུད་བཞིན་དུ་བསྒྲིམས་ནས་བཅའ་ཁྲིམས་ཀྱི་དམར་ཐིག་ལས་བརྒལ་མི་རུང་བ་དང་། བཅའ་ཁྲིམས་ཀྱི་མཐའ་ཚད་ལ་རེག་མི་རུང་བ་བློ་ལ་བརྟན་པོར་ངེས་ནས། རིགས་པའི་གཞུང་ལུགས་སློབ་སྦྱོང་ལྟེ་བའི་ཚོགས་ཆུང་དང་། རིགས་གཅིག་མཁས་ཅན་གྱིས་ཟུར་ཁྲིད་བྱེད་པ། བརྗོད་དོན་གཙོ་བོའི་ཏང་གི་ཉིན་མོ། མཚན་མོའི་སློབ་གྲྭར་སློབ་སྦྱོང་སོགས་ཀྱི་རྣམ་པ་སྤྱད་དེ་ཕྱི་ཚུལ་རིང་ལུཌ་དང་། དཔོན་ཉམས་རིང་ལུགས། ལྐོག་ཟ་རུལ་སུངས། སྤྱོད་ཚུལ་ཡག་པོ་མེད་པ་སོགས་ཐད་ཀྱི་གནད་དོན་ལ་དམིགས་ནས་ཆེད་དོན་ཏང་གི་སློབ་ཚན་ཐེངས་225འཚོགས་པ་དང་། ཏང་ཡོན་གྱི་ཉམས་ལེན་ལྟེ་གནས་སུ་ལྟ་སྐོར་ཐེངས་210ལྷག་ཙམ་བྱས་ཏེ་རྒྱ་ཆེའི་ཏང་ཡོན་ལས་བྱེད་པ་དང་ལྷག་པར་དུ་ཏང་ཡོན་འགོ་ཁྲིད་ལས་བྱེད་པར་བསམ་བློའི་ཐད་ནས་གུས་སྐྲག་ཤེས་པ་དང་། དོགས་ཟོན་དང་དངངས་སྐྲག་བྱེད་པ། མཐའ་ཚད་སྲུང་བ། རུལ་རྒོལ་འགྱུར་འགོག་བཅས་ཀྱི་འཛིང་རགས་སྲུང་རྒྱུ་མཐའ་འཁྱོངས་བྱེད་དགོས་པའི་སློབ་གསོ་ཁྲིད་སྟོན་བྱས་ཏེ། རང་འགུལ་ངང་རྩ་འཛུགས་ཀྱི་བཀོད་སྒྲིག་དང་སྒྲིག་ཁྲིམས་ཀྱི་གཅུན་འདོམས་དང་ལེན་བྱེད་པ་དང་། རང་འགུལ་ངང་ཏང་གི་མཐུན་སྒྲིལ་དང་གཅིག་གྱུར་ལ་སྲུང་སྐྱོང་བྱེད་པ། རང་འགུལ་ངང་སྒྲིག་ལམ་གྱི་དམ་ནན་རང་བཞིན་དང་དབང་གྲགས་རང་བཞིན་ལ་སྲུང་སྐྱོང་བྱེད་པ། རང་འགུལ་ངང་རྩ་འཛུགས་དང་། སྤྱི་ཚོགས། མང་ཚོགས་བཅས་ཀྱི་ལྟ་སྐུལ་དང་ལེན་བྱེད་པ། ཏང་གི་རྩ་དོན་དང་སྲིད་ཇུས་ལ་ནན་པོར་གཞིགས་ཏེ་ལས་དོན་སྒྲུབ་པ་བཅས་བྱས་ནས་གཡུར་ཟའི་གྲུབ་འབྲས་ལ་བརྟེན་ནས་ཏང་དབུ་བརྙེས་ནས་ལོ་ངོ་100འཁོར་བ་དང་བོད་ཞི་བས་བཅིངས་འགྲོལ་བཏང་ནས་ལོ་ངོ་70འཁོར་བར་རྟེན་འབྲེལ་ཞུས་པ་རེད།

    འགན་འཁུར་རྩོམ་སྒྲིག་པ། 次旦多吉

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།