དབུ་ཤོག>ཆེད་སྒྲིག
  • ཝང་ཨར་ཙུའོ། དཔའ་ངར་ཆེར་སྐྱེད་ཀྱིས་རྒྱལ་ཁབ་ཆེད་རང་སྲོག་བློས་བཏང་བ།

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།   |     སྤེལ་དུས།  2021-05-26

    565654_yis_1621958400000_s.jpg

    འདི་ནི་ཝང་ཨར་ཙུའོ་ཡི་འདྲ་པར་ཡིན་པ། (དཔྱད་གཞིའི་འདྲ་པར)

    ཝང་ཨར་ཙུའོ་ནི་1903ལོར་སྐྱེས་པ་དང་ཧུའུ་ནན་ཞིང་ཆེན་ཧྲི་མོན་རྫོང་ནས་ཡིན། 1920ལོར་ཁྲང་ཧྲ་ཞིང་ཆེན་གྱིས་བཙུགས་པའི་ཀ་པ་རིམ་པའི་བཟོ་ལས་སློབ་གྲྭར་རྒྱུགས་འཕྲོད་པ་དང་། 1924ལོར་དུས་ཐེངས་དང་པོའི་ཧོང་ཕུའུ་དམག་མིའི་སློབ་གྲྭར་རྒྱུགས་འཕྲོད་ནས་ལོ་དེའི་སྟོན་ཁར་ཀྲུང་གོ་གུང་ཁྲན་ཏང་ལ་ཞུགས།

    1926ལོར་ཝང་ཨར་ཙུའོ་གོ་མིན་གསར་བརྗེ་དམག་གི་ཧྲི་ཤོག་3པའི་བཅོས་སྒྲིག་ལས་དོན་ལ་ཞུགས་པ་དང་། ཤར་རྒྱུད་སྔོན་སྐྱོད་དམག་གི་ཏང་གི་འཐུས་མི་བྱས་ཏེ་བྱང་འདུལ་དམག་འཁྲུག་ནང་ཞུགས། ཕྱིས་སུ་གོ་མིན་གསར་བརྗེའི་དམག་གི་ཅུན་ཤོག་3པའི་ཐོན་ཤོག་26པའི་ཏང་གི་འཐུས་མི་བྱས།

    1927ལོར་ཝང་ཨར་ཙུའོ་ཡིས་གོ་མིན་གསར་བརྗེའི་དམག་གི་ཅུན་ཤོག་4པའི་ཧྲི་ཤོག་25ཡི་ཐོན་ཤོག་74པའི་ཚན་མོའུ་ཀྲང་གི་འགན་ཁུར། ལོ་དེའི་ཟླ་8པར། ཐོན་ཤོག་དེའི་འཕྲུལ་མདའ་ལྕི་མོའི་ལེན་ཤོག་གི་སྣེ་ཁྲིད་དེ་ནན་ཁྲང་འོས་ལངས་ལ་ཞུགས། འོས་ལངས་མཇུག་འགྲིལ་རྗེས་ཐོན་ཤོག་74པའི་ཐོན་ཀྲང་གི་འགན་ཁུར་ནས་དམག་དཔུང་དང་མཉམ་དུ་ལྷོ་རྒྱུད་ཀོང་ཏུང་དུ་བསྐྱོད། ཟླ་10པའི་ཟླ་མཇུག་ཏུ་ནན་ཁྲང་འོས་ལངས་དམག་གི་དམག་དཔུང་ལྷག་མ་རུ་ཁག་གཅིག་ཏུ་བསྒྲིལ་ཞིང་། ཝང་ཨར་ཙུའོ་ཡིས་ཚན་མོའུ་ཀྲང་གི་འགན་ཁུར་ནས་ཀྲུའུ་ཏེ་དང་ཁྲེན་དབྱི་སོགས་དང་མཉམ་དུ་དམག་དཔུང་གི་སྣེ་ཁྲིད་དེ་ཧྥུ་ཅན་དང་། ཀོང་ཏུང་། ཀན་སུའུ། ཧུའུ་ནན་བཅས་ཀྱི་མཐའ་མཚམས་སུ་དྲག་པོའི་འཐབ་རྩོད་མུ་མཐུད་བྱས། 1928ལོའི་ཟླ་1པོར་ཧུའུ་ནན་ལྷོ་རྒྱུད་ཀྱི་འོས་ལངས་ལ་འགོ་ཁྲིད་མཛད་པ་དང་བཟོ་ཞིང་གསར་བརྗེའི་དམག་གི་ཧྲི་ཤོག་དང་པོའི་ཚན་མོའུ་ཀྲང་གི་འགན་ཁུར།

    1928ལོའི་ཟླ་4པར། ཀྲུའུ་ཏེ་དང་མའོ་ཙེ་ཏུང་གི་དམག་དཔུང་ཅིང་ཀང་རི་བོར་འཛོམས་རྗེས། ཝང་ཨར་ཙུའོ་ཡིས་ཀྲུང་གོ་བཟོ་ཞིང་དམར་དམག་ཅུན་ཤོག་4པའི་ཚན་མོའུ་ཀྲང་དང་ཐོན་ཤོག་28པའི་ཐོན་ཀྲང་གི་འགན་གཅིག་ལྕོགས་ཁུར། ཁོང་གིས་མའོ་ཙེ་ཏུང་དང་ཀྲུའུ་ཏེར་རམ་འདེགས་ཀྱིས་དམར་དམག་ཅུན་ཤོག་4པར་བཀོད་འདོམས་བྱས་ཏེ་ཝུའུ་ཏོའུ་ཅང་གཙང་པོ་དང་། ཚའོ་ཧྲི་ཨའོ། ལུང་ཡོན་ཁོའུ་སོགས་ཀྱི་གཡུལ་འགྱེད་ལ་རྒྱལ་ཁ་བླངས་ནས་གོ་མིན་ཏང་གིས་བསླངས་པའི“ཚུར་བཅོམ”ཐེངས་གཉིས་པ་དང་། གསུམ་པ། བཞི་པ་བཅས་ཐལ་བའི་རྡུལ་དུ་བརླགས། ཝང་ཨར་ཙུའོ་ཡིས་ཐོན་ཤོག་28པའི་སྣེ་ཁྲིད་དེ་དཔའ་ངར་ཆེར་སྐྱེད་ཀྱིས་དམག་འཐབ་བྱས་པས་ཅིང་ཀང་རི་བོའི་དམག་དཔོན་ཞིག་ཏུ་གྱུར་ནས་ཅིང་ཀང་རི་བོའི་གསར་བརྗེའི་རྟེན་གཞིའི་ཁུལ་སྲུང་སྐྱོང་དང་འཕེལ་རྒྱས་གཏོང་བར་ལེགས་སྐྱེས་ཆེན་པོ་ཕུལ་ཡོད། ལོ་དེའི་ཟླ་8པའི་ཚེས་25ཉིན། ཅང་ཞི་ཁྲུང་དབྱི་སི་ཧྲུན་ཤུལ་ནས་ངོ་ལོག་པ་རྗེས་འདེད་གཏོང་སྐབས་དཔའ་ངར་ཆེན་པོས་རང་སྲོག་ཤོར་བ་དང་དེ་དུས་ལོ་25ཡིན་པ་རེད།

    འགན་འཁུར་རྩོམ་སྒྲིག་པ། 次旦多吉

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།