ཟླ་5ཚེས་23ཉིན་དམག་ཡོངས་ཀྱི་སྤྱི་ཚོགས་ལ་ཕྱོགས་པའི་ཡོངས་བསྒྲགས་ངང་དྲུང་ཡིག་བསྡུ་བའི་རྒྱུགས་སྤྲོད་འགོ་ཚུགས་ཤིང་། རྒྱུགས་ར་188བོད་དམག་ཁུལ་ཁང་ལྷ་ས་བརྒྱད་གཅིག་སློབ་གྲྭར་བཀོད་སྒྲིག་བྱས་ཡོད་པ་དང་རྒྱུགས་སྤྲོད་མཁན་260ལྷག་ཙམ་རྒྱུགས་སྤྲོད་ནང་ཞུགས་ཡོད་པ་རེད། འདི་ནི་རྒྱུགས་ར་ཡིན་པ།
ཉེ་ཆར། བོད་དམག་ཁུལ་ཁང་གིས་ཁྲུང་ཆིང་དུ་བཅའ་སྡོད་རྟེན་གཞི་ཞིག་གི་དམག་མི་གསར་པ་སྒྲིག་འཛུགས་བྱས་ཏེ་ཏང་གི་ལོ་རྒྱུས་སློབ་སྦྱོང་སློབ་གསོའི་ཆེད་དོན་ཟུར་ཁྲིད་བྱས་པ་རེད། 《ལོ་རྒྱུས་སྦྱངས་ནས་ཕུགས་འདུན་རྟོགས་པ་བྱས་ཏེ་ཏང་གི་རྗེས་སུ་འབྲངས། སྐྱེ་སྟོབས་ཀྱི་དཔལ་འབར་བའི་ལང་ཚོར་བརྟེན་ནས་མཐའ་མཚམས་སྲུང》ཞེས་འགོ་བརྗོད་དུ་འཁོད་པའི་ཏང་གི་སློབ་ཚན་ལས་དམག་མི་གསར་པར་སློབ་གསོ་ཟབ་མོ་ཐེབས་ཡོད།
ཤེས་རྟོགས་བྱུང་བར་གཞིགས་ན། བོད་དམག་ཁུལ་ཁང་ཏང་ཨུད་ཀྱིས་ཡོངས་ཁྱབ་རང་བཞིན་འབུར་དུ་ཐོན་པ་དང་སློབ་གསོ་ཐེབས་ཁྱོན་ཆེ་རུ་གཏོང་བའི་ལོ་རྒྱུས་ལ་བརྟེན་ནས་བླ་སྲོག་གཏོད་པའི་བྱ་ཐབས་དུས་ཐོག་ཏུ་བཏོན་ཏེ་དམག་གསར་ནས་དམ་འཛིན་གྱིས་ཏང་གི་བཀའ་ལ་ཉན་པའི་བསམ་བློ་དམག་མིའི་སེམས་སུ་ཟུག་པ་བྱས་ཡོད། བོད་དམག་ཁུལ་ཁང་གི་འགོ་ཁྲིད་གཙོ་བོས་ཚོགས་འདུ་འཚོགས་ཏེ་ཁ་བྱང་གཏན་འཁེལ་དང་གནད་བསྡུས་འཆར་འགོད་གཏན་འཁེལ་བྱས་པ་མ་ཟད། ད་དུང་ཆེད་མངགས་ཁྲུང་ཆིང་གི་རྟེན་གཞི་དེར་ཡོང་ནས་དམག་མི་གསར་པས་ཏང་གི་ལོ་རྒྱུས་སློབ་སྦྱོང་བྱེད་པ་དང་ཕུགས་རྩ་ཁུངས་འདེད་བྱེད་པའི་བརྒྱུད་རིམ་ཁྲོད“ལྷག་བསམ་རྣམ་དག་གི་སྒྲོ་གུ་དང་པོ”དེ་ཡག་པོ་འཆིང་རོགས་བྱས་ཡོད།