དབུ་ཤོག>ཆེད་སྒྲིག
  • 《བོད་ཞི་བས་བཅིངས་འགྲོལ་དང་དར་རྒྱས་གོང་འཕེལ》གྱི་རྒྱབ་ཤ་དཀར་པོའི་དེབ་ལ་རང་ལྗོངས་སུ་ཚུར་སྣང་ལན་ཆ་ཆེན་པོ་བྱུང་བ།

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།   |     རྩོམ་པ་པོ།  尼玛曲珍   |     སྤེལ་དུས།  2021-05-26

    ཉིན་ཤས་བསྟུད་མར་རྒྱལ་སྲིད་སྤྱི་ཁྱབ་ཁང་གསར་འགྱུར་གཞུང་དོན་ཁང་གིས《བོད་ཞི་བས་བཅིངས་འགྲོལ་དང་དར་རྒྱས་གོང་འཕེལ》གྱི་རྒྱབ་ཤ་དཀར་པོའི་དེབ་བཏོན་པར་རང་ལྗོངས་ཀྱི་མི་རིགས་ཁག་གི་ལས་བྱེད་པ་དང་མང་ཚོགས་ཁྲོད་ཚུར་སྣང་ལན་ཆ་ཆེན་པོ་བྱུང་བ་རེད།

    ལྷ་ས་གྲོང་ཁྱེར་མཐུན་སྒྲིལ་གྲོང་གསེར་སྡེ་ཁུལ་དུ་བགྲེས་སོང་ནོར་བུ་ཆོས་གྲགས་ཀྱིས་ལག་ཐོགས་ཁ་པར་ནས་རྒྱབ་ཤ་དཀར་པོའི་དེབ་ཀློག་བཞིན་འདུག ཁོང་གིས“ལོ་ངོ་70ཡི་རིང་། ང་ཚོའི་ཟས་གོས་འགྲོ་སྡོད་ཀྱི་ཕྱོགས་གང་སར་ཡར་རྒྱས་ཀྱི་རྣམ་པ་བཟང་པོ་མངོན་པ་མ་ཟད། སློབ་གསོ་དང་སྨན་བཅོས་ཐད་ལའང་འགན་སྲུང་ཆེན་པོ་བྱུང་ཡོད་པས་ང་ཚོས་ངེས་པར་དུ་ཏང་གི་བཀའ་དྲིན་དྲན་པ་དང་། ཏང་གི་བཀའ་ལ་ཉན་པ། ཏང་གི་རྗེས་སུ་འབྲང་བ་བཅས་ཀྱི་ཡིད་ཆེས་དང་ཆོད་སེམས་བརྟན་དུ་གཏོང་དགོས”ཞེས་གསར་འགོད་པར་བཤད་བྱུང་།

    མངའ་རིས་ས་ཁུལ་སྒེར་རྩེ་རྫོང་སྨོན་གྲུབ་གྲོང་གསར་གྱི་གྲོང་མི་རྡོ་ཆུང་གིས《བོད་ཞི་བས་བཅིངས་འགྲོལ་དང་དར་རྒྱས་གོང་འཕེལ》གྱི་རྒྱབ་ཤ་དཀར་པོའི་དེབ་བཏོན་པའི་འཕྲིན་སྤེལ་ལ་འཕྲལ་མར་དོ་ཁུར་བྱས་ཤིང་། ཏང་གི་ཚོགས་ཆེན་བཅོ་བརྒྱད་པ་འཚོགས་ཚུན་ཀྲུང་དབྱང་གིས་བོད་ལ་ཁ་གཏད་རོགས་སྐྱོར་དང་དབུལ་སྐྱོར་བྱེད་ཟབ་ཏུ་གཏོང་བའི་སྐོར་གྱི་ལས་དོན་ཚོགས་འདུ་བསྟུད་མར་ལོ་5འཚོགས་ནས་གནད་སྨིན་ཇུས་འདོན་དང་གནད་སྨིན་རོགས་སྐྱོར་གྱི་བྱེད་ཐབས་རབ་དང་རིམ་པ་ལག་བསྟར་བྱས་པ་ཤེས་རྟོགས་བྱུང་རྗེས་ཁོང་ལ་མྱོང་ཚོར་ཟབ་མོ་བྱུང་བ་རེད། རྡོ་ཆུང་གིས“ཡུལ་གཞན་དུ་གནས་སྤོས་དབུལ་སྐྱོར་བཀོད་སྒྲིག་བྱ་ཡུལ་སྨོན་གྲུབ་གྲོང་གསར་བསྐྲུན་རྗེས་ང་ཚོ་ནང་མི་དང་དུད་ཚང་43གྱི་མང་ཚོགས་གནས་འདིར་སྤོས་པ་ཡིན། འདི་གར་སྲིད་གཞུང་གིས་ང་ཚོར་ཐོན་ལས་རྣམ་གྲངས་དང་ཕྱུག་འགྱུར་གྱི་ཐབས་ལམ་བཏོད་པ་དང་། སྨན་པ་བསྟེན་པར་ཡང་དེ་སྔོན་དང་བསྡུར་ན་སྟབས་བདེ་རུ་ཕྱིན་སོང་། ཕྲུ་གུའང་ཐག་ཉེ་སར་སློབ་གྲྭར་འགྲོ་ཐུབ་ཀྱི་འདུག”ཅེས་གསར་འགོད་པར་བཤད་བྱུང་།

    བོད་ལྗོངས་སློབ་ཆེན་ཆ་འཕྲིན་ཚན་རིག་ལག་རྩལ་སློབ་གླིང་གི་དགེ་རྒན་ཆེ་མོ་བ་འབུམ་རམས་པའི་མཛུབ་སྟོན་དགེ་རྒན་དབང་གྲགས་སྐྱབས་ཀྱིས“ཉེ་བའི་ལོ་ཤས་རིང་རྒྱལ་ཁབ་ཀྱི་རྒྱབ་སྐྱོར་ཤུགས་ཆེན་འོག་བོད་ཡིག་ཆ་འཕྲིན་ཅན་གྱི་ཆུ་ཚད་ཟམ་མི་ཆད་པར་མཐོ་རུ་ཕྱིན་ནས་བོད་ཡིག་གི་ཁ་པར་དང་། བོད་ཡིག་གི་བཀོལ་སྤྱོད་མ་ལག བོད་ཡིག་གི་གཞུང་ལས་མ་ལག བོད་རྒྱ་དབྱིན་གསུམ་གྱི་དྲ་ཐོག་ཚིག་མཛོད། བོད་རྒྱ་ཡིག་སྒྱུར་འཕྲུལ་ཆས་སོགས་ལག་རྩལ་གྱི་གྲུབ་འབྲས་རང་ལྗོངས་ཀྱི་ཏང་སྲིད་ལས་ཁུངས་དང་སློབ་གྲྭ་ཆེ་འབྲིང་། དེ་བཞིན་མི་སེར་དཀྱུས་མ་བཅས་ཀྱིས་རྒྱ་ཁྱབ་ངང་བཀོལ་སྤྱོད་བྱེད་ཀྱི་ཡོད། སླད་ཕྱིན་ང་ཚོས་རྒྱལ་སྤྱིའི་གླེང་མང་བའི་གནད་དོན་དང་རྒྱལ་ཁབ་ཀྱི་འགག་སྒྲོལ་ཞིབ་འཇུག་བྱ་གཞིར་དམ་པོར་དམིགས་པ་དང་། ལྷག་པར་དུ་བོད་ཀྱི་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་ཀྱི་དགོས་མཁོ་དང་ཕུལ་བྱུང་གི་སྲོལ་རྒྱུན་རིག་གནས་རྒྱུན་འཛིན་དང་སྲུང་སྐྱོང་གི་ལས་དོན་དང་ཟུང་འབྲེལ་བྱས་ཏེ་རྣམ་གྲངས་འདུན་ཞུ་དང་ཚན་རིག་ཞིབ་འཇུག་ལས་དོན་སྤེལ་གྱི་ཡིན”ཞེས་བརྗོད། 

    འགན་འཁུར་རྩོམ་སྒྲིག་པ། 

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།