དབུ་ཤོག>ཆེད་སྒྲིག
  • ཁྱིམ་ཡིག་ཏུ་བྲིས་པའི་བོད་ཞི་བའི་བཅིངས་འགྲོལ་གྱི་སྐོར།

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།   |     སྤེལ་དུས།  2021-05-25

    ལོ་ན་མཐོ་བའི་ཐན་རུང་ཧྲེང་གིས་སྔོན་ཆད་ཕ་ཡིས་བསྐུར་བའི་འཕྲིན་ཡིག་ལག་ཏུ་བླངས་ཏེ་མགྲིན་པ་བརྣངས་ཤིང་ཡིད་སྐྱོ་བའི་ངང་འདས་དོན་ལ་ཕྱིར་དྲན་བྱེད་འགོ་ཚུགས།

    “རུང་ཧྲེང་། ཕྲུ་གུ་ཡག་པོ། ཁ་ལ་ཉན་པའི་ཕྲུ་གུ་ཡག་པོ། ཁྱེད་ཀྱིས་སློབ་སྦྱོང་བྱེད་ཞོར་ལས་ཀར་ཞུགས་པས་ཧ་ཅང་ཡག་པོ་འདུག ངས་ཚེ་གང་ཏང་དང་མི་དམངས་ཀྱི་ཆེད་དུ་ལས་དོན་སྒྲུབ་པ་ལས་སྒེར་དོན་སྒྲུབ་ཀྱི་མེད། ཁྱེད་ཀྱི་ཨ་མ་ཡང་འདི་འདྲ་རེད”

    ལོ་ངོ་བཅུ་གསུམ་རིང་རུང་ཧྲེང་དང་ཕྲུ་གུ་ཞེས་རྐྱང་རྐྱང་བོས་ཏེ་ཁ་ཏ་བསླབ་བྱ་བྱས་པ་ནི་ཟོལ་མེད་རྣམ་དག་ཅིག་རེད།

    རུང་ཧྲེང་། མིང་ངོ་མར་ཐན་རུང་ཧྲེང་ཟེར་ཞིང་། 1941ལོར་སྐྱེས་པ་དང་ད་ལོ་དགུང་ལོ་80ལ་སླེབས་ཡོད། དུས་རབས་20པའི་ལོ་རབས་50པར་ཕ་ཐན་ཀོན་སན་དང་མ་ལི་ཀོང་མིང་གིས་བོད་ནས་རང་ཉིད་ལ་བྲིས་པའི་འཕྲིན་ཡིག་ལ་ལྟ་རིམ་བཞིན་སེམས་ལ་བརྗོད་པར་དཀའ་བའི་ཚོར་སྣང་ཟབ་མོ་ཞིག་བྱུང་གི་ཡོད།

    བོད་དུ་བསྐྱོད་པ་ནི་གནམ་མཐའི་དྲན་གདུང་ཞིག་རེད།

    1908ལོར་སྐྱེས་པའི་ཐན་ཀོན་སན་ནི་ཧུའུ་ནན་ལེ་དབྱང་བ་ཡིན་པ་དང་སྔ་རྗེས་སུ་སྟོན་བསྡུའི་འོས་ལངས་དང་རི་འགོག་དམག་འཁྲུག་སོགས་ལ་ཞུགས་ཡོད། གསར་བརྗེའི་དམག་དཔུང་ལུའེ་ཤོག་གི་འཚོ་བ་ནི་འཐབ་འཛིང་མང་ལ་ཁོར་ཡུག་དཀའ་ཚེགས་ཆེ་སྟབས། ཐན་ཀོན་སན་ནང་མི་དང་མཉམ་འཛོམས་བྱེད་པ་ཧ་ཅང་ཉུང་ཉུང་རེད།

    1950ལོའི་ཟླ་1ཚེས་15ཉིན། སྐབས་དེ་དུས་དམག་སྡེ་བཅོ་བརྒྱད་པའི་ཆབ་སྲིད་ཨུ་ཡོན་གྱི་འགན་འཁུར་བཞིན་པའི་ཐན་ཀོན་སན་གྱིས་སི་ཁྲོན་ཞིང་ཆེན་ཙི་ཀུང་གྲོང་ཨུད་ཀྱི་ཧྲུའུ་ཅིའི་འགན་གཅིག་ལྕོགས་འཁུར་རྒྱུའི་གཏན་འཁེལ་ཁ་གསལ་བྱས་པ་དང་། ཁོང་དང་ཁོང་གི་བཟའ་ཟླར་ས་ཕྱོགས་གང་སར་ཁ་ཐོར་དུ་ལུས་པའི་ཕྲུ་གུ་བཞི་པོ་སི་ཁྲོན་དུ་བསུས་ནས་ནང་མི་མཉམ་འཛོམས་བྱེད་པའི་བསམ་བློ་འཁོར།

    “ང་ཐན་ཀོན་སན་གྱིས་ཏང་ཀྲུང་དབྱང་དང་མའོ་ཀྲུའུ་ཞིའི་འབོད་སྐུལ་དང་ལེན་ཞུས་ཏེ་བཟའ་ཟླ་ཁྲིད་ནས་བོད་དུ་སྐྱོད་ཀྱི་ཡིན་ལ། ངས་བོད་རིགས་སྤུན་ཟླ་དང་མཉམ་དུ་བཙན་རྒྱལ་རིང་ལུགས་ཀྱི་ཕྱོགས་གཏོགས་བོད་ནས་མཐར་སྐྲོད་བཏང་སྟེ་དམངས་གཙོ་དང་བདེ་སྐྱིད་ལྡན་པའི་བོད་གསར་འཛུགས་སྐྲུན་ལ་རང་ཉིད་ཀྱི་མི་ཚེ་གང་པོ་ལེགས་སྐྱེས་འབུལ་བའི་སེམས་ཐག་བཅད་པ་ཡིན། ངས་རང་ནུས་ལྷག་མ་བོད་དུ་འདོན་འདོད་ཡོད”ཅེས་བོད་དུ་དཔུང་སྐྱོད་བྱེད་པའི་ལས་འགན་འབྱོར་སྐབས་ཐན་ཀོན་སན་གྱིས་དེ་ལྟར་བཤད།

    ཐན་ཀོན་སན་བོད་དུ་ཕྱིན་པ་ནས་བཟུང་། 1955ལོར་ཐན་རུང་ཧྲེང་གིས་པེ་ཅིང་དུ་རང་ཉིད་ཀྱི་པ་ཕ་མཐོང་ཐེངས་དང་པོ་རེད། “པཱ་ལགས་ཀྱིས་ང་ཐེངས་དང་པོ་མཐོང་སྐབས་ཁྱེད་རང་རུང་ཧྲེང་ཡིན་ནམ་ཞེས་དྲིས་བྱུང་། ཁོང་གིས་ང་དང་གཅུང་པོའི་མགོ་ལ་བྱིལ་བྱིལ་གནང་གིན་ཕྲུ་གུ་ཚང་མ་ནར་སོན་འདུག་ཅེས་སེམས་འགུལ་ཚད་མེད་ཐེབས་ཀྱིན་གསུང་གི་འདུག ཁོང་གི་མིག་ཟུང་ལས་ང་ཚོར་བཅངས་པའི་བྱམས་དང་བརྩེ་བ་ཞིག་ངས་ཚོར་བྱུང”བྲེལ་འཚུབ་ངང་ཁྱིམ་ལ་ལོག་པ་དང་སླར་ཡང་བྲེལ་འཚུབ་ངང་བོད་ལ་སྐྱོད་པ་ནི་ཐན་རུང་ཧྲེང་གིས་རང་ཉིད་ཀྱི་པ་ཕར་བྱུང་བའི་བག་ཆགས་ཤིག་རེད།

    ཁྱིམ་ཡིག་ལས་མཐའ་མཚམས་འཛུགས་སྐྲུན་གྱི་ཆོད་སེམས་མཚོན་པ།

    “རུང་ཧྲེང་། ཉེ་ཆར་ང་སྔར་བཞིན་ཁྲག་ཤེད་མཐོ་བ་དང་མགོ་ན་བ་སོགས་གཟུགས་པོ་བདེ་པོ་དེ་ཙམ་མི་འདུག འོན་ཀྱང་གུང་ཁྲན་ཏང་ཡོན་ཅུང་ཟད་ན་རུང་ལས་དོན་སྒྲུབ་པའི་སེམས་ཤུགས་ཉམས་མི་སྲིད་པས་སེམས་ཁྲལ་བྱེད་མི་དགོས”

    ཁྱིམ་ཡིག་རེ་རེ་ལས་དྲན་སེམས་ཤིག་ངང་གིས་མཚོན་གྱི་ཡོད། དེ་ནི་ཐན་ཀོན་སན་གྱིས་ཕྲུ་གུ་ཚོར་སློབ་སྟོན་དང་རེ་བ་བཅོལ་བ་ཞིག་ཡིན་ལ། དེ་ལས་ཁོང་གིས་བོད་དུ་དཀའ་སྤྱད་འབད་འཐབ་དང་མཐའ་མཚམས་བརྟན་པོར་བསྲུངས་ཏེ་མཐའ་མཚམས་སུ་གཞི་ཚུགས་པ་དང་ཡུན་རིང་བོད་འཛུགས་སྐྲུན་བྱེད་པའི་ཐན་ཀོན་སན་གྱི་ཆོད་སེམས་ཤིག་དེ་བས་ཀྱང་མཚོན་གྱི་ཡོད།

    མེས་རྒྱལ་གྱི་མཐའ་མཚམས་སུ་ཡོད་པའི་ཐན་ཀོན་སན་ལ་རང་ཉིད་ཀྱི་ཕྲུ་གུར་ལྟ་རྟོག་བྱེད་པའི་ཁོམ་པ་མེད་རུང་། ཁོང་གིས་སེམས་ནུས་དེ་བས་མང་བ་བོད་ལྗོངས་འཛུགས་སྐྲུན་གྱི་བྱ་གཞག་ཐོག་ལ་བཏོན་ཡོད།

    བོད་དུ་སླེབས་རྗེས་ཐན་ཀོན་སན་གྱིས་བོད་སྐྱོད་དཔུང་སྡེའི་སྣེ་ཁྲིད་དེ་ལྷ་སའི་གྲོང་ནུབ་ཏུ་ས་རྒོད་བསློགས་ནས་མི་300ལྷག་ཙམ་ཡོད་པའི“བརྒྱད་གཅིག་ཞིང་ར”བསྐྲུན་ཏེ། ནས་བཏབ་པ་མ་ཟད་ད་དུང་ཀྲོ་མ་ཀྲུ་དང་། སུར་པན། ཧོང་ཀྭ ཀུ་ཤུ་སོགས་ཤིང་འབྲས་དང་སྔོ་ཚལ་ཀྱང་བཏབ་པ་རེད།

    ལོ་ལེགས་ཀྱིས་ཕྱུག་པའི“བརྒྱད་གཅིག་ཞིང་རས”ལྷ་སའི་ཁྲོམ་གཞུང་དུ་འཁྱམ་པོར་ལུས་པའི་བོད་རིགས་དྭ་ཕྲུག་བརྒྱ་ལྷག་ཙམ་གསོ་ཉར་བྱས་པ་དང་ཐན་ཀོན་སན་གྱིས་ཁོ་ཚོར་སློབ་ཚན་ཁྲིད།

    ལོ་མང་སོང་རྗེས་ཕྲུ་གུ་དེ་དག་མང་ཆེ་བ་བོད་ལྗོངས་འཛུགས་སྐྲུན་གྱི་རྐང་འཛིན་སྟོབས་ཤུགས་སུ་གྱུར་ཅིང་། ཇོ་མོ་གླང་མའི་བྱང་ངོས་ནས་ཐེངས་དང་པོ་འཛེག་མཁན་གྱི་བུད་མེད་རི་འཛེག་ལུས་རྩལ་བ་ཕན་ཐོགས་ནི་དེའི་གྲས་ཤིག་རེད།

    འཕྲིན་ཡིག་ལས་ཕ་ཤུལ་བུ་འཛིན་གྱི་ངོ་མཚར་བཏོད།

    1985ལོའི་ཟླ་12ཚེས་6ཉིན་མེས་རྒྱལ་གྱི་མཐའ་མཚམས་སུ་བྱས་རྗེས་རླབས་པོ་ཆེ་འཇོག་མཁན་ཐན་ཀོན་སན་གྱི་སྐུ་ཚེའི་འཕེན་པ་རྫོགས། གྲོངས་ཁར་ཁོང་གིས་ཏང་ལ“ང་ཤི་རྗེས་ངའི་པུར་ཐལ་བོད་དུ་སྦེད་རོགས”ཞེས་རེ་འདུན་ཞུས།

    1986ལོའི་ཟླ་7ཚེས་29ཉིན་ཐན་རུང་ཧྲེང་གིས་པ་ཕའི་པུར་ཐལ་ལྷ་སར་བསྐྱལ། ལོ་དེར་ཐན་རུང་ཧྲེང་གིས་རང་མོས་ངང་བོད་དུ་ལས་སྒྱུར་བྱེད་པའི་རེ་འདུན་ཞུས་ནས་མཐའ་མཚམས་སྲུང་མཁན་གྱི་དམག་མི་ཞིག་ཏུ་གྱུར།

    ཐན་རུང་ཧྲེང་གིས“དེ་སྔ་པཱ་ལགས་ཀྱིས་བོད་ནས་ང་ལ་འཕྲིན་ཡིག་བསྐུར་བ་ནས་བཟུང་། ངའི་སེམས་ལ་བོད་དུ་སྐྱོད་པའི་སེམས་ཤུགས་ཤིག་ངང་གིས་སླེབས་པ་ཡིན་ཤས་ཆེ”ཞེས་བཤད།

    “པཱ་ལགས་ཀྱི་འཕྲིན་ཡིག་ནང་གི་བཀའ་སློབ་དང་ཁོང་གི་གསར་བརྗེའི་སྙིང་སྟོབས་ཀྱིས་ང་རང་ལ་སྔ་བར་ཕྱི་གསུམ་དུ་མདུན་སྐྱོད་ཀྱི་སེམས་ཤུགས་ཤིག་བྱིན་བྱུང་། ངས་ཀྱང་པཱ་ལགས་ཀྱིས་དད་སེམས་བརྟན་པོ་བཅངས་དོན་ལ་བསམ་ཤེས་ཐུབ་ཀྱི་འདུག ཁྱིམ་ཆེན་མེད་ན་ཁྱིམ་ཆུང་གང་ནས་ཡོང”ཞེས་ཐན་རུང་ཧྲེང་གིས་དྲན་གསོ་བྱེད་བཞིན་བཤད།

    ཁྱིམ་ཡིག་ད་ཆ་སྙིང་པ་ཆགས་མོད། འོན་ཀྱང་དེར་ནང་མིར་བཅངས་པའི་བརྩེ་སེམས་ཟབ་མོ་དང་བོད་ལ་བཅངས་པའི་ལྷད་མེད་ཀྱི་སེམས་པ་ཡོད་ལ། དེ་ནི་བོད་ཞི་བས་བཅིངས་འགྲོལ་གཏོང་རིང་གི་དཀའ་ཚེགས་ཆེ་བའི་ལོ་ཟླའི་གསོན་ཉམས་དོད་པའི་མཚོན་ཚུལ་ཞིག་དེ་བས་ཀྱང་རེད།

    འགན་འཁུར་རྩོམ་སྒྲིག་པ། 尼玛曲珍

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།