དབུ་ཤོག>ཆེད་སྒྲིག
  • ​རང་སྲོག་དོར་བ་དོན་ཆུང་དང་། རྒྱལ་ཁ་ལེན་པ་དོན་ཆེན་ཡིན།

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།   |     སྤེལ་དུས།  2021-05-24

    555798_yis_1621785600000_s.jpg

    འདི་ནི་དབྱང་ཁའེ་ཧུའེ་ཡི་འདྲ་པར་ཡིན་པ། (དཔྱད་གཞིའི་པར་རིས)

    དབྱང་ཁའེ་ཧུའེ། 1901ལོར་ཧུའུ་ནན་ཁྲང་ཧྲ་རྫོང་ཆིང་ཐའེ་ཤང་པན་ཚང(དེང་གི་ཁའེ་ཧུའེ་གྲོང་རྡལ་ཁའེ་ཧུའེ་གྲོང་ཚོ)དུ་འཁྲུངས། ཕ་དབྱང་ཁྲང་ཅི་ནི་བསམ་བློ་ཡར་ཐོན་གྱི་མཁས་དབང་དང་སློབ་གསོ་མཁས་ཅན་ཞིག་རེད། 1913ལོར། དབྱང་ཁྲང་ཅིས་ཧུའུ་ནན་ཞིང་ཆེན་གྱིས་བཙུགས་པའི་དགེ་འོས་སློབ་གྲྭ་དང་པོར་སློབ་ཁྲིད་བྱེད་པར་ཕེབས་སྐབས་དབྱང་ཁའེ་ཧུའེ་ཕ་དང་མཉམ་དུ་ཁྲང་ཧྲ་རུ་སྤོས་པ་མ་ཟད། འདི་གར་མའོ་ཙེ་ཏུང་དང་ངོ་ཤེས།

    1918ལོར། དབྱང་ཁྲང་ཅིས་པེ་ཅིང་སློབ་ཆེན་དུ་སློབ་ཁྲིད་གནང་བར་ཕེབས་ནས་ནང་མི་ཚང་མ་པེ་ཅིང་དུ་སྤོས། ལོ་དེ་གའི་ཟླ་9པའི་རིང་མའོ་ཙེ་ཏུང་ཡང་ཧྥ་རན་སེར་ལས་སློབ་གཉིས་བརྩོན་ལ་འགྲོ་རྒྱུའི་སྒྲིག་འཛུགས་བྱས་པར་བརྟེན་པེ་ཅིང་དུ་ཕེབས། དེའི་རིང་མའོ་ཙེ་ཏུང་དང་དབྱང་ཁའེ་ཧུའེ་བར་འབྲེལ་འདྲིས་བྱུང་བ་མ་ཟད་དགའ་རོགས་སྒྲིག

    1920ལོའི་དགུན་ཁར། དབྱང་ཁའེ་ཧུའེ་ཀྲུང་གོ་སྤྱི་ཚོགས་རིང་ལུགས་གཞོན་ནུའི་ཚོགས་པར་ཞུགས་ནས་ཧུའུ་ནན་གྱི་ཚོགས་མི་ཁག་དང་པོར་གྱུར། སྐབས་དེ་དུས་ཁོང་དང་མའོ་ཙེ་ཏུང་ཁྲང་ཧྲ་རུ་གཉེན་སྟོན་སྟབས་བདེ་བབ་ཆགས་ཤིག་གནང་སྟེ་གསར་བརྗེའི་གཏན་གྲོགས་སུ་གྱུར།

    1922ལོར། དབྱང་ཁའེ་ཧུའེ་ཀྲུང་གོ་གུང་ཁྲན་ཏང་ནང་ཞུགས་པ་དང་། ལོ་དེར་མའོ་ཙེ་ཏུང་གིས་ཧུའུ་ནན་དུ་ཀྲུང་གུང་ཧུའུ་ནན་ཁུལ་ཨུ་ཡོན་ལྷན་ཁང་བཙུགས་ཏེ་ཆུས་ཨུད་ཧྲུའུ་ཅིའི་འགན་བཞེས་པ་དང་། དབྱང་ཁའེ་ཧུའེ་ཡིས་ཆུས་ཨུད་ཀྱི་གསང་གནད་དང་འགྲིམ་འགྲུལ་འབྲེལ་གཏུག་ལས་དོན་གྱི་འགན་འཁུར་ནས་དྲུང་ཡིག་དང་། གསང་གནད། ཡིག་དཔར། འབྲེལ་གཏུག སྤྱི་གཉེར་སོགས་ལས་གནས་མང་པོའི་འགན་གཅིག་ལྕོགས་སུ་འཁུར་ཏེ་མའོ་ཙེ་ཏུང་གི་ལས་རོགས་འཇོན་པོ་ཞིག་ཆགས།

    1923ལོའི་ཟླ་4པར། མའོ་ཙེ་ཏུང་ཧྲང་ཧའེ་ཏང་ཀྲུང་དབྱང་དུ་ཕྱག་ལས་གནང་བར་ཕེབས། དབྱང་ཁའེ་ཧུའེ་ཡིས་མའོ་ཨན་དབྱིང་དང་མའོ་ཨན་ཆིང་གཉིས་འཁྲིད་དེ་ཧྲང་ཧའེ་རུ་ཕེབས་ནས་མའོ་ཙེ་ཏུང་གི་ལས་དོན་ལ་གཞོགས་འདེགས་གནང་།

    1925ལོའི་ཟླ་2པར། དབྱང་ཁའེ་ཧུའེ་མའོ་ཙེ་ཏུང་དང་མཉམ་དུ་ཧྲའོ་ཧྲན་དུ་ཞིང་པའི་ལས་འགུལ་སྤེལ་བར་བསྐྱོད་དེ་མའོ་ཙེ་ཏུང་གིས་ཞིང་པའི་མཚན་སློབ་གཉེར་བར་གཞོགས་འདེགས་གནང་བ་མ་ཟད་སློབ་ཁྲིད་པའི་འགན་ཡང་འཁུར།

    1927ལོའི་ལོ་འགོར། མའོ་ཙེ་ཏུང་གིས་ཧུའུ་ནན་གྱི་ཞིང་པའི་ལས་འགུལ་ལ་རྟོག་ཞིབ་གནང་ཞིང་། དབྱང་ཁའེ་ཧུའེ་ཡིས་བརྟག་དཔྱད་དཔྱད་གཞི་འབོར་ཆེན་རིགས་དབྱེ་ལེགས་སྒྲིག་གནང་བ་མ་ཟད་ཡིག་གཟུགས་ལེགས་པོས་ལག་བཤུས་བརྒྱབ།

    གསར་བརྗེ་ཆེ་མོ་ཕམ་རྗེས། མའོ་ཙེ་ཏུང་གིས་ཏང་གི་ཟླ་བརྒྱད་པའི་ཚེས་བདུན་གྲོས་ཚོགས་ཀྱི་མཛུབ་སྟོན་ལྟར་ཧུའུ་ནན་དང་ཅང་ཤིས་མཐའ་མཚམས་ཀྱི་སྟོན་བསྡུའི་འོས་ལངས་ལ་འགོ་ཁྲིད་གནང་ཞིང་། དབྱང་ཁའེ་ཧུའེ་ཡིས་ཕྲུ་གུ་གསུམ་འཁྲིད་དེ་ཁྲང་ཧྲ་པན་ཚང་དུ་ལོག་ནས་གསང་བའི་འཐབ་རྩོད་གནང་།

    1930ལོའི་ཟླ་10པར། དབྱང་ཁའེ་ཧུའེ་འཛིན་བཟུང་བྱས་པ་དང་། དགྲ་བོས་ཁོང་ལ་མའོ་ཙེ་ཏུང་གང་དུ་ཡོད་མེད་བཙན་འདྲི་བྱས་པ་མ་ཟད། མའོ་ཙེ་ཏུང་དང་བཟའ་ཚང་ཁ་བྲལ་བ་ཡིན་ཞེས་ཡོངས་བསྒྲགས་བྱེད་དགོས་པའི་བཙན་སྐུལ་བྱས་ཀྱང་། ཁོང་གིས་བློ་ཐག་ཆོད་པོས“ཆུང་བ་ང་དོར་ནས། ཆེ་བ་རྒྱལ་ཁ་ལེན་དགོས། བསྐལ་པ་མ་འཇིག་བར་དུ་ང་དང་མའོ་ཙེ་ཏུང་བཟའ་ཚང་ཁ་བྲལ་གྱི་མ་རེད”ཅེས་གསུངས།

    1930ལོའི་ཟླ་11ཚེས་14ཉིན། དབྱང་ཁའེ་ཧུའེ་ཡིས་ཁྲང་ཧྲ་ལིའུ་དབྱང་སྒོ་མོའི་ཕྱི་རོལ་གྱི་ཧྲེ་ཙེ་ལིང་དུ་བདེན་དོན་དུ་རང་སྲོག་བློས་བཏང་ཞིང་། སྐབས་དེ་དུས་དགུང་ལོ་29རེད།

    ད་ཆ་དབྱང་ཁའེ་ཧུའེ་དྲན་གསོ་ཁང་ནི་རང་རྒྱལ་གྱི་གསར་བརྗེའི་ཡུལ་སྐོར་ལས་སོན་མེད་པ་མཛེས་ལྗོངས་ཁུལ་གྲགས་ཅན་བརྒྱའི་གྲས་ཤིག་རེད། 

    འགན་འཁུར་རྩོམ་སྒྲིག་པ། 次旦多吉

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།