དབུ་ཤོག>ཆེད་སྒྲིག
  • རིང་ལུགས་བདེན་པ་ཡིན་པའི་ཕྱིར། མགོ་བོ་བཅད་ཀྱང་ཅི་བྱར་ཡོད།

  • ཡོང་ཁུངས།  མི་དམངས་ཉིན་རེའི་ཚགས་པར།   |     རྩོམ་པ་པོ།  མི་དམངས་ཉིན་རེའི་ཚགས་པར་གྱི་གསར་འགོད་པ། ཧོ་ཡུང་།   |     སྤེལ་དུས།  2021-05-23

    549709_yis_1621612800000_s.jpg

    འདི་ནི་ཞ་མིང་ཧན་གྱི་འདྲ་པར་ཡིན་པ།

    (དཔྱད་གཞིའི་པར་རིས)

    “རིང་ལུགས་བདེན་པ་ཡིན་པའི་ཕྱིར། མགོ་བོ་བཅད་ཀྱང་ཅི་བྱར་ཡོད། ང་ཞ་མིང་ཧན་བསད་ཀྱང་། རྗེས་སུ་འབྲང་མཁན་ད་དུང་མང་པོ་ཡོད”1928ལོའི་ཟླ་3ཚེས་20ཉིན། གུང་ཁྲན་ཏང་ཡོན་ཞ་མིང་ཧན་གྱིས་སྤོབས་པས་རི་ཀླུང་སྒུལ་ཐུབ་པའི་སྙན་ངག་འདི་བྲིས་རྗེས་དཔའ་ངར་ཆེན་པོས་རང་སྲོག་བློས་བཏང་ཞིང་། སྐབས་དེ་དུས་དགུང་ལོ་28ལས་སོན་མེད།

    ཞ་མིང་ཧན་གྱི་ཕ་ཡུལ་ཧུའུ་ནན་ཧེང་ཧྲན་རྫོང་ཡིན་པ་དང་། 1900ལོར་འཁྲུངས། ཞ་མིང་ཧན་ཕྱུག་པོའི་ཁྱིམ་དུ་འཁྲུངས་པ་མ་ཟད་ཆུང་དུས་ནས་དཔེ་ཀློག་ལ་ཧ་ཅང་དགའ་པོ་ཡོད། 1917ལོར། ཁོང་ཧུའུ་ནན་ཞིང་ཆེན་གྱིས་བཙུགས་པའི་རིགས་ཀ་པའི་བཟོ་ལས་སློབ་གྲྭ་གསུམ་པར་རྒྱུགས་འཕྲོད་ཅིང་། སློབ་གྲྭ་འགྲིམ་རིང་། ཁོང་ལ་ཡར་ཐོན་བསམ་བློའི་ཤུགས་རྐྱེན་ཐེབས་ནས་ལྔ་བཞིའི་ལས་འགུལ་ལ་ངག་ཐོག་ནས་རྒྱབ་སྐྱོར་བྱེད་པའི་རྒྱལ་གཅེས་དྲིལ་བསྒྲགས་བྱེད་སྒོ་དང་པེ་དབྱང་དམག་ཤེད་ཅན་ལ་ངོ་རྒོལ་བྱེད་པའི་འཐབ་རྩོད་ལ་ཧུར་ཐག་ཞུགས།

    1920ལོར། ཧོ་ཧྲུའུ་ཧེང་སོགས་ཀྱི་རོགས་རམ་འོག ཞ་མིང་ཧན་ཁྲང་ཧྲ་རུ་ཕེབས་ཏེ་མའོ་ཙེ་ཏུང་གིས་གཉེར་གནང་བའི་ཧུའུ་ནན་རང་སྦྱོང་སློབ་ཆེན་གྱི་སློབ་མ་ཁག་དང་པོའི་གྲས་སུ་གྱུར། 1921ལོར། མའོ་ཙེ་ཏུང་དང་ཧོ་ཧྲུའུ་ཧེང་གི་ངོ་སྤྲོད་བརྒྱུད་ཞ་མིང་ཧན་ཀྲུང་གོ་གུང་ཁྲན་ཏང་ལ་ཞུགས།

    1924ལོར། ཞ་མིང་ཧན་ཀྲུང་གུང་ཧུའུ་ནན་ཞིང་ཨུད་ཀྱི་ཨུ་ཡོན་དང་ཞིང་པའི་པུའུ་ཀྲང་གི་འགན་བཞེས། 1927ལོའི་ཟླ་10པར། ཞ་མིང་ཧན་གྱིས་ཕིང་ཅང་དང་ལིའུ་དབྱང་གི་ཞིང་པའི་དྲག་པོའི་གྱེན་ལངས་ལ་འགོ་ཁྲིད་དང་སྐུལ་སློང་གནང་ནས་ཅིང་ཀང་ཧྲན་གྱི་གནས་གཞིའི་ཁུལ་འཛུཌ་པར་གཞོགས་འདེགས་ནུས་ལྡན་གནང་བ་རེད།

    1928ལོའི་ལོ་འགོར། ཞ་མིང་ཧན་ཧུའུ་པེར་ཕྱག་ལས་གནང་བར་བསྒྱུར་ནས་ཀྲུང་གུང་ཧུའུ་པེ་ཞིང་ཨུད་ཀྱི་རྒྱུན་ཨུའི་འགན་ཁུར།

    1928ལོའི་ཟླ་3ཚེས་18ཉིན། ངོ་ལོག་པས་རྒྱབ་གཏོད་བྱས་པར་བརྟེན། ཞ་མིང་ཧན་ཝུའུ་ཧན་དུ་སྟབས་མ་ལེགས་པར་བཟུང་། དགྲ་བོས་ཞ་མིང་ཧན་ལ་མནར་གཅོད་དྲག་པོ་ཚད་མེད་བཏང་ནས་མགོ་བཏགས་ཞུ་རུ་འཇུག་དགོས་བསམ་རུང་། ཞ་མིང་ཧན་གྱིས་ཐོག་མཐའ་བར་གསུམ་དུ་གཉའ་གཏན་ནས་བསྒུར་མེད། ཟླ་3ཚེས་20ཉིན་གྱི་ཐོ་རེངས་སུ་ཁོང་ཁྲིམས་རར་བསྐྱལ། སྲོག་ཐོག་མ་བཏང་གོང་། དགྲ་བོས་ཞ་མིང་ཧན་ལ་ད་དུང་སྐད་ཆ་གང་ཤོད་རྒྱུ་ཡོད་དམ་ཞེས་འདྲི་སྐབས། ཁོང་གིས་སྐད་གཟེངས་མཐོན་པོས“ཡོད། ངར་སྨྱུ་གུ་དང་ཤོག་བུ་ཁྱེར་ཤོག”ཅེས་གསུངས་ནས་ད་བར་ཁྱབ་གྲགས་བྱས་པའི་བདེན་པའི་དོན་དུ་རང་སྲོག་བློས་གཏོང་གི་སྙན་ངག་འདི་བྲིས་གནང་བ་རེད། 

    འགན་འཁུར་རྩོམ་སྒྲིག་པ། 次旦多吉

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།