དབུ་ཤོག>ཆེད་སྒྲིག
  • “བོད་ཞི་བས་བཅིངས་འགྲོལ་བཏང་ནས་ལོ་ངོ་70འཁོར་བར་དྲན་གསོ་ཞུ་བའི་རྒྱལ་སྤྱིའི་རིག་གཞུང་བགྲོ་གླེང་ཚོགས་འདུ”འཚོགས་པ།

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།   |     སྤེལ་དུས།  2021-05-23

     ཉེ་ཆར། ཀྲུང་གོ་འགྲོ་བ་མིའི་ཐོབ་ཐང་ཞིབ་འཇུག་ལྷན་ཚོགས་དང་། ཀྲུང་གོ་བོད་ལྗོངས་རིག་གནས་སྲུང་སྐྱོང་དང་འཕེལ་རྒྱས་མཐུན་ཚོགས། ཀྲུང་གོ་བོད་རིག་པ་ཞིབ་འཇུག་ལྟེ་གནས་བཅས་ཀྱིས་གཙོ་གཉེར་བྱས་པའི“བོད་ཞི་བས་བཅིངས་འགྲོལ་བཏང་ནས་ལོ་ངོ་70འཁོར་བར་དྲན་གསོ་ཞུ་བའི་རྒྱལ་སྤྱིའི་རིག་གཞུང་བགྲོ་གླེང་ཚོགས་འདུ”ཀྲུང་གོ་བོད་རིག་པ་ཞིབ་འཇུག་ལྟེ་གནས་སུ་འཚོགས་པ་རེད། ཀྲུང་གོ་བོད་ལྗོངས་རིག་གནས་སྲུང་སྐྱོང་དང་འཕེལ་རྒྱས་མཐུན་ཚོགས་ཀྱི་ཚོགས་གཙོ་གཞོན་པ་སྲི་ཐར་དང་། བོད་རང་སྐྱོང་ལྗོངས་སྲིད་གྲོས་ཀྱི་ཀྲུའུ་ཞི་གཞོན་པ་སྒྲུབ་ཁང་ཐུབ་བསྟན་མཁས་གྲུབ། བོད་རང་སྐྱོང་ལྗོངས་སྲིད་གྲོས་ཀྱི་དེ་སྔའི་ཀྲུའུ་ཞི་གཞོན་པ་ང་ཕོད་འཇིགས་ཡོན། ཀྲུང་གོ་བོད་རིག་པ་ཞིབ་འཇུག་ལྟེ་གནས་ཀྱི་ཏང་ཙུའི་ཧྲུའུ་ཅི་ཁྲེན་ཙུང་རུང་སོགས་ཚོགས་འདུར་ཕེབས་པ་དང་འབྲེལ་ཤིས་ཚིག་ཀྱང་སྒྲོན་པ་རེད། ཀྲུང་གོ་བོད་རིག་པ་ཞིབ་འཇུག་ལྟེ་གནས་ཀྱི་སྤྱི་ཁྱབ་ལས་འཛིན་པ་དགྲ་འདུལ་དང་བོད་ལྗོངས་མི་རིགས་སློབ་ཆེན་གྱི་སློབ་སྤྱི་ལིའུ་ཁའེ་ཡིས་བགྲོ་གླེང་ཚོགས་འདུ་གཙོ་སྐྱོང་གནང་བ་དང་།  རྒྱལ་ཁབ་ཕྱི་ནང་གི་རིགས་གཅིག་མཁས་ཅན་དང་མཁས་དབང་70ལྷག་ཙམ་ཚོགས་འདུར་ཕེབས་ཡོད་པ་རེད།

    ཀྲུང་དབྱང་ཏང་གི་སློབ་གྲྭ་དང་། ཀྲུང་གོ་སྤྱི་ཚོགས་ཚན་རིག་ཁང་། བོད་ལྗོངས་སློབ་ཆེན། བོད་ལྗོངས་མི་རིགས་སློབ་ཆེན། བོད་རང་སྐྱོང་ལྗོངས་སྤྱི་ཚོགས་ཚན་རིག་ཁང་། མཚོ་སྔོན་ཞིང་ཆེན་སྤྱི་ཚོགས་ཚན་རིག་ཁང་སོགས་སྒྲིག་གཞི་དང་། དེ་བཞིན་ཨ་རི་དང་། དབྱིན་ཇི། ནོར་ཝེ། ལ་ཐེ་ཝེ་ཡ། ཕ་ཁི་སི་ཐན་བཅས་རྒྱལ་ཁབ་5དང་རང་རྒྱལ་གྱི་ཐའེ་དབན་ས་ཁུལ་ནས་ཕེབས་པའི་མཁས་དབང་22ཀྱིས་ཀྲུང་ཧྭ་མི་རིགས་གཅིག་མཐུན་འདུས་གྲུབ་ཀྱི་འདུ་ཤེས་བརྟན་དུ་གཏོང་བ་དང་། བོད་བརྒྱུད་ནང་བསྟན་ཀྲུང་གོ་ཅན་ལ་སྐུལ་འདེད་གཏོང་བ། ཞི་བས་བཅིངས་འགྲོལ་མ་བཏང་གོང་དང་བཏང་རྗེས་ཀྱི་རྒྱལ་སྤྱིའི་དུས་བབ་དང་ཏང་ཀྲུང་དབྱང་གི་འཐབ་ཇུས་དང་ཐབས་ཇུས། བོད་ལྗོངས་ཞིབ་འཇུག་གི་བཀོད་པ་གསར་པ། བོད་ལྗོངས་ཀྱི་རིག་གནས་རྒྱུན་མཐུད་འཕེལ་རྒྱས། བོད་ལྗོངས་ཀྱི་བོད་ཡིག་ཡིག་སྒྱུར་ཚད་ལྡན་དང་བཀས་བཅད་ལས་དོན། བོད་ལྗོངས་སློབ་གསོ། བོད་ལྗོངས་བཅོས་སྐྱོང་གི་ལོ་རྒྱུས་འཕེལ་རིམ། བོད་ཞི་བས་བཅིངས་འགྲོལ་བཏང་བའི་དོན་སྙིང་། ཁ་གཏད་རོགས་སྐྱོར་གྱི་ཕུགས་ཕན་ལམ་སྲོལ་འཛུགས་པ་སོགས་ཀྱི་གྲོས་གཞིར་དམིགས་ནས། སྤེལ་རེས་བགྲོ་གླེང་གནང་བ་རེད།

    འགན་འཁུར་རྩོམ་སྒྲིག་པ། 次旦多吉

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།