དབུ་ཤོག>ཆེད་སྒྲིག
  • བོད་ཀྱི་གསར་བརྗེའི་གློག་འཕྲིན་ལོ་རྒྱུས་ཀྱི་བཤམས་སྟོན་ཁང་སྒོ་ཕྱེ་བ།

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།   |     སྤེལ་དུས།  2021-05-23

    ཟླ་5ཚེས་17ཉིན་གྱི་འཛམ་གླིང་གློག་འཕྲིན་དང་ཆ་འཕྲིན་སྤྱི་ཚོགས་ཉིན་མོ་ཐེངས་52པའི་སྐབས་སུ་བོད་ཀྱི་གསར་བརྗེའི་གློག་འཕྲིན་ལོ་རྒྱུས་ཀྱི་བཤམས་སྟོན་ཁང་སྒོ་དབྱེའི་མཛད་སྒོ་འཚོགས་པ་རེད།

    ཤེས་རྟོགས་བྱུང་བར་གཞིགས་ན། བོད་ཀྱི་གསར་བརྗེའི་གློག་འཕྲིན་ལོ་རྒྱུས་ཀྱི་བཤམས་སྟོན་ཁང་ནི་ཀྲུང་གོ་གློག་འཕྲིན་བོད་ལྗོངས་ཀུང་སིས་བོད་དུ་བཙུགས་པའི་གློག་འཕྲིན་འཕེལ་རྒྱས་ལོ་རྒྱུས་ཀྱི་བཤམས་སྟོན་ཁང་ཐོག་མ་དེ་རེད། བཤམས་སྟོན་ཁང་དེས་བོད་ཀྱི་གློག་འཕྲིན་ལས་རིགས་བཙུགས་ནས་ལོ་ངོ་70སོང་རིང་གི་འཕེལ་རྒྱས་བརྒྱུད་རིམ་གཙོ་རྐང་དུ་བྱས་ཏེ། “འཕོ་འགྱུར་ཆེན་པོ”དང་། “འབད་འབུངས་མདུན་སྐྱོད” “གསར་གཏོད་འཕེལ་རྒྱས” “མདུན་སྐྱོད་ཀྱི་ལམ་བུ་གསར་པ་གཏོད་པ”བཅས་དུས་མཚམས་ཆེ་གྲས་བཞིར་དམིགས་པ་དང་། ཡིག་རིས་ཆ་འཕྲིན་དང་ལོ་རྒྱུས་དངོས་པོ་འབོར་ཆེན་ལ་བརྟེན་ནས་བོད་ཀྱི་གློག་འཕྲིན་འཕེལ་རྒྱས་ཀྱི་ལོ་རྒྱུས་ཐད་ཀར་མཚོན་པར་བྱས་ནས“བོད་སྐྱོད་པ་རྒན་གྲས་ཀྱི་སྙིང་སྟོབས”དང“ལམ་གཉིས་ཀྱི་སྙིང་སྟོབས”གསོན་ཉམས་ལྡན་པའི་སྒོ་ནས་སླར་ཡང་མངོན་པར་བྱས་པ་རེད།

    འགན་འཁུར་རྩོམ་སྒྲིག་པ། 次旦多吉

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།