དབུ་ཤོག>ཆེད་སྒྲིག
  • ཀྲུང་གོ་གུང་ཁྲན་ཏང་གི་ཏང་གི་ལོ་རྒྱུས་ཀྱི་དྲི་བ་དྲིས་ལན།

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།   |     སྤེལ་དུས།  2021-05-23

    ཤིས་ཨན་དུས་འགྱུར།

    དེར“བཅུ་གཉིས་པའི་ཚེས་བཅུ་གཉིས”ཀྱི་དུས་འགྱུར་ཡང་ཟེར། 1936ལོའི་ཟླ་12ཚེས་12ཉིན་ཀྲང་ཞུའེ་ལེའང་དང་ཡང་ཧུའུ་ཁྲེང་གིས་མཉམ་དུ་བྱ་སྤྱོད་སྤེལ་ནས་ཤིས་ཨན་ཉེ་འགྲམ་གྱི་ལིན་ཐུང་དུ་ཅང་ཅེ་ཧྲི་བཀག་ཉར་བྱས་ཏེ། རྒྱལ་ཡོངས་སུ་ནང་འཁྲུག་མཚམས་བཞག་ནས་རི་པིན་ལ་འགོག་རྒོལ་མཐའ་གཅིག་ཏུ་བྱེད་དགོས་པའི་གློག་འཕྲིན་བཏང་བ་རེད། ཀྲུང་གུང་ཀྲུང་དབྱང་གིས་ཀྲུང་ཧྭ་མི་རིགས་ཀྱི་བདེ་རྩར་ཐུག་པའི་སྤྱི་ཡོངས་ཆེན་པོར་མཐོང་ཆེན་བྱས་ཏེ་ཞི་བའི་ཐབས་ལམ་གྱི་ཐོག་ནས་ཤིས་ཨན་དུས་འགྱུར་ཐག་གཅོད་བྱེད་དགོས་པའི་མཛད་ཇུས་གཏན་འཁེལ་གནང་བ་རེད། མཛད་ཇུས་དེར་གཞིགས་ནས་ཀྲོའུ་ཨེན་ལའེ་ཡིས་ཀྲང་ཞུའེ་ལེའང་དང་ཡང་ཧུའུ་ཁྲེང་དང་མཉམ་དུ་འབད་བརྩོན་བྱས་པའི་འོག་ཅང་ཅེ་ཧྲི་ཡིས“གུང་ཁྲན་ཏང་ལ་རྒོལ་མཚམས་བཞག་ནས་དམར་དམག་དང་མཉམ་འབྲེལ་གྱིས་རི་པིན་ལ་འགོག་རྒོལ་བྱེད་དགོས་པ”སོགས་དོན་ཚན་དྲུག་ཁས་མ་ལེན་ཀ་མེད་བྱུང་ཡོད། ཤིས་ཨན་དུས་འགྱུར་ཞི་བའི་ངང་ཐག་གཅོད་བྱས་པ་དེ་དུས་བབ་ལ་འགྱུར་ལྡོག་གཏོང་བའི་འགག་རྩར་གྱུར་ཏེ་དེ་ནས་བཟུང་ལོ་བཅུའི་ནང་འཁྲུག་སྤྱིར་ན་མཇུག་འགྲིལ་ཏེ་རྒྱལ་ནང་ལ་ཞི་བདེ་ཐོག་མར་བྱུང་ཡོད།

    འགན་འཁུར་རྩོམ་སྒྲིག་པ། 次旦多吉

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།