དབུ་ཤོག>ཆེད་སྒྲིག
  • ཆན་ཀྲོང་ཧྥེ། དགྲ་བོར་འཐབ་རྩོད་བྱེད་སྐབས་བྱས་རྗེས་རླབས་ཆེན་བཞག་པ།

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།   |     རྩོམ་པ་པོ།  མི་དམངས་ཉིན་རེའི་ཚགས་པར་གྱི་གསར་འགོད་པ། ཧྥང་མིན།   |     སྤེལ་དུས།  2021-05-23

    535210_yis_1621699200000_b.jpg

    འདི་ནི་ཆན་ཀྲོང་ཧྥེའི་འདྲ་པར་ཡིན་པ།

    (དཔྱད་གཞིའི་པར་རིས)

    ཆན་ཀྲོང་ཧྥེ་ནི་1896ལོར་འཁྲུངས་པ་དང་ཀྲེ་ཅང་ཧུའུ་ཀྲོའུ་ནས་རེད། 1915ལོར་པེ་ཅིང་གསོ་རིག་ཆེད་ཚན་སློབ་གྲྭར་རྒྱུགས་འཕྲོད་པ་དང་། 1919ལོར་པེ་ཅིང་དུ་ཡོད་པའི་ཅིང་སུའེ་ལྕགས་ལམ་སྨན་ཁང་དུ་ཕྱག་ལས་གནང་། 1926ལོར་ཀྲུང་གོ་གུང་ཁྲན་ཏང་ལ་ཞུགས།

    1927ལོར་གསར་བརྗེ་ཆེ་མོ་ཕམ་རྗེས་ཀྲུང་གུང་བྱང་ཕྱོགས་ཆུས་ཨུད་ཀྱི་འགོ་ཁྲིད་འོག་ཏང་རྩ་འཛུགས་ལ་གཏོར་སྐྱོན་ཚབས་ཆེན་ཕོག ཏང་རྩ་འཛུགས་ཀྱི་བཀོད་སྒྲིག་འོག་ཆན་ཀྲོང་ཧྥེ་1928ལོའི་ལོ་འགོར་ཧྲང་ཧའེ་རུ་གནས་སྤོས། ལོ་དེར་གོ་མིན་ཏང་སྲིད་གཞུང་འཛུགས་སྐྲུན་ཨུ་ལྷན་ཁོངས་གཏོགས་ཀྱི་ཧྲང་ཧའེ་སྐུད་མེད་གློག་དོ་དམ་ཁྲུའུ་རུ་ལས་འགན་བཞེས།

    1929ལོའི་ལོ་མཇུག་ཏུ། ཆན་ཀྲོང་ཧྥེས་ཏང་གི་མཛུབ་སྟོན་ལྟར་གོ་མིན་ཏང་ཀྲུང་དབྱང་རྩ་འཛུགས་པུའི་ཏང་དོན་བརྟག་དཔྱད་ཁོའོ་རུ་གསང་ཉུལ་བྱས་ཏེ་བརྟག་དཔྱད་ཁོའོ་ཡི་ཀྲུའུ་རེན་ཞུས་ཨེན་ཙེང་གི་གསང་གནད་དྲུང་ཡིག་གནང་།

    1930ལོའི་དགུན་ཁ་ནས་1931ལོའི་ཟླ་2པའི་བར། ཆན་ཀྲོང་ཧྥེ་ཡིས་གོ་མིན་ཏང་གི་ཅང་ཅེ་ཧྲེས་གསར་བརྗེའི་གནས་གཞིའི་ཁུལ་ལ“བསྐོར་བཅོམ”ཐེངས་དང་པོ་དང་གཉིས་པ་བྱེད་དགོས་པའི་བཀའ་དང་དེ་བཞིན་དེ་མཚུངས་ཀྱི་དམག་ཤུགས་བཀོད་སྒྲིག་སོགས་ཀྱི་གསང་འཕྲིན་ལི་ཁེ་ནུང་དང་ཁྲེན་ཀེང་སོགས་བརྒྱུད་ནས་ཏང་ཀྲུང་དབྱང་ལ་སྙན་སེང་ཞུས་པས་དམར་དམག་གིས་ཐབས་ཇུས་ཡང་དག་འདིང་བ་དང་དགྲ་བོའི“བསྐོར་བཅོམ”ལ་ཁ་གཏད་གཅོག་རྒྱུར་ནུས་པ་གལ་ཆེན་ཐོན་ཡོད།

    1931ལོའི་ཟླ་4ཚེས་25ཉིན་གྱི་དགོང་མོ། ཁེར་རྐྱང་དུ་ལས་རེས་གནང་བཞིན་པའི་ཆན་ཀྲོང་ཧྥེར་ཝུའུ་ཧན་ནས་ཞུས་ཨེན་ཙེང་ལ་བསྐུར་བའི་ཛ་དྲག་གསང་ཏར་དྲུག་བསྟུད་མར་འབྱོར་བས་ཁོང་གིས་འཕྲལ་དུ་གསང་ཏར་བརྟོལ་ཅིང་། གསང་ཏར་གྱི་ནང་དོན་ནི་དུས་ཡུན་རིང་པོ་ཀྲུང་གུང་ཀྲུང་དབྱང་ལས་ཁུངས་ཀྱི་བདེ་སྲུང་ལས་ཀའི་འགན་འཁུར་བའི་ཀུའུ་ཧྲུན་ཀྲང་ཝུའུ་ཧན་དུ་འཛིན་བཟུང་བྱས་རྗེས་ངོ་ལོག་པ་དང་། ཧྲང་ཧའེ་རུ་ཡོད་པའི་ཀྲུང་གུང་ཀྲུང་དབྱང་གི་གསང་དོན་ཆ་ཚང་ངོས་ལེན་ཞུ་རྩིས་ཡོད་པའི་སྐོར་ཡིན་པ་རེད། ཉེན་ཁ་ཤིན་ཏུ་ཆེ་བའི་སྐབས་སུ། ཆན་ཀྲོང་ཧྥེ་ཡིས་མི་སྒེར་གྱི་ཉེན་ཁར་མ་འཛེམ་པར་དུས་ཐོག་ཏུ་གནས་ཚུལ་དེ་དག་ཏང་ཀྲུང་དབྱང་ལ་སྙན་སེང་ཞུས། ཆན་ཀྲོང་ཧྥེ་ཡི་གསང་འཕྲིན་འབྱོར་རྗེས་ཀྲོའུ་ཨེན་ལའེ་ཡི་བཀོད་འདོམས་འོག ཀྲུང་གུང་ཀྲུང་དབྱང་དང་ཀྲུང་གུང་ཅང་སུའུ་ཞིང་ཨུད་དང་གུང་ཁྲན་རྒྱལ་སྤྱིའི་རྒྱང་ཤར་ཅུས་ཀྱི་ལས་ཁུངས་འཕྲལ་དུ་གནས་སྤོས། ཆན་ཀྲོང་ཧྥེ་ཡིས་ཀྲུང་གུང་ཀྲུང་དབྱང་ལས་ཁུངས་ཀྱི་བདེ་འཇགས་སྲུང་ཆེད་ལེགས་སྐྱེས་ཆེན་པོ་ཕུལ་ཡོད།

    1934ལོའི་ཟླ་10པར་རྒྱང་སྐྱོད་ལ་ཞུགས་པ་དང་། 1935ལོའི་ཙུན་དབྱི་གྲོས་ཚོགས་འཚོགས་རྗེས་དམར་དམག་སྤྱི་ཁྱབ་ཆབ་སྲིད་པུའི་དྲུང་ཆེ་གཞོན་པར་བསྐོས། ལོ་དེའི་ཟླ་4པར། ཀུའེ་ཀྲོའུ་ཞིང་ཆེན་ཅིན་ཧྲ་རྫོང་ཧའུ་ཧྲན་ཤང་དུ་གྲོངས་པ་དང་། སྐབས་དེ་དུས་ལོ་39རེད།

    འགན་འཁུར་རྩོམ་སྒྲིག་པ། 尼玛曲珍

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།