དབུ་ཤོག>ཆེད་སྒྲིག
  • ཁྱིམ་ལས་བྱ་གཞག་གཉེར། ལས་གཏོད་ཕུགས་འདུན་སྒྲུབ།

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།   |     སྤེལ་དུས།  2021-05-21

    536647_yis_1621526400000_s.jpg

    འདི་ནི་ལྷ་ས་ཨན་ཆའོ་ཁྱིམ་ལས་ཞབས་ཞུ་ཚད་ཡོད་འགན་འཁྲི་ཀུང་སི་གཏོད་མཁན་སྒྲོལ་མས་ཁྱིམ་ལས་བཀོལ་སྤྱོད་ཁང་དུ་གསོ་སྦྱོང་སྒྲིག་ཆས་བསྡུ་གསོག་རྒྱག་བཞིན་པ།

    536649_yis_1621526400000_s.jpg

    འདི་ནི་ལྷ་ས་ཨན་ཆའོ་ཁྱིམ་ལས་ཞབས་ཞུ་ཚད་ཡོད་འགན་འཁྲི་ཀུང་སིའི་ཁྱིམ་ལས་མས་རྒན་རྒོན་ལ་འཐག་ལས་རྩལ་ནུས་སློབ་བཞིན་པ།

    536643_yis_1621526400000_s.jpg

    འདི་ནི་ལྷ་ས་ཨན་ཆའོ་ཁྱིམ་ལས་ཞབས་ཞུ་ཚད་ཡོད་འགན་འཁྲི་ཀུང་སིས་མ་བུའི་བདེ་ཐང་གི་གསོ་སྦྱོང་སྤེལ་བཞིན་པ།

    536645_yis_1621526400000_s.jpg

    འདི་ནི་ལྷ་ས་ཨན་ཆའོ་ཁྱིམ་ལས་ཞབས་ཞུ་ཚད་ཡོད་འགན་འཁྲི་ཀུང་སིའི་ནད་སྐྱོང་མས་སྨན་ཁང་དུ་ནད་པར་ནད་སྐྱོང་ཞབས་ཞུ་བྱེད་བཞིན་པ།

    536651_yis_1621526400000_s.jpg

    འདི་ནི་ལྷ་ས་ཨན་ཆའོ་ཁྱིམ་ལས་ཞབས་ཞུ་ཚད་ཡོད་འགན་འཁྲི་ཀུང་སིའི་ཁྱིམ་ལས་མ་རྒྱལ་ཡོངས་ཀྱི་ལས་རིགས་རྩལ་ནུས་འགྲན་བསྡུར་ཆེན་པོ་སྐབས་གསུམ་པར་ཞུགས་པ།

    536641_yis_1621526400000_s.jpg

    འདི་ནི་ལྷ་ས་ཨན་ཆའོ་ཁྱིམ་ལས་ཞབས་ཞུ་ཚད་ཡོད་འགན་འཁྲི་ཀུང་སིས་ཁྱིམ་ལས་མར་གཟེངས་བསྟོད་བྱེད་བཞིན་པ།

    “དམངས་ཀྱིས་བྱ་གཞག་སྐྲུན། ཀུན་གྱིས་གསར་གཏོད་བྱེད”ཅེས་པའི་དུས་རབས་ཀྱི་སྲོལ་གསར་འོག་ཉེ་བའི་ལོ་ཤས་རིང་། སློབ་ཆེན་སློབ་མ་མང་པོ་ཞིག་གིས་རང་བརྟེན་ལས་གཏོད་བྱེད་བཞིན་ཡོད། དེའི་ཁྲོད་སློབ་ཆེན་སློབ་མ་བུ་མོ་གསུམ་གྱིས་ཁྱིམ་ལས་ཞབས་ཞུའི་ལས་རིགས་གཉེར་བའི་ལམ་ལ་ཞུགས།

    ལས་གཏོད་ཀྱི་བྱ་གཞག་མང་པོའི་ཁྲོད་ཁྱིམ་ལས་ལས་རིགས་འདེམས་དགོས་པའི་རྒྱུ་མཚན་སྐོར་གླེང་སྐབས་བོད་ལྗོངས་སློབ་ཆེན་ནས་ཐོན་པའི་རབ་འབྱམས་ཞིབ་འཇུག་སློབ་མ་སྒྲོལ་མས་གསར་འགོད་པར“དེ་སྔ་ངས་ཀྱང་རང་ཉིད་ཞིབ་འཇུག་པ་དང་དགེ་རྒན་ཆེ་མོ་བ་ཞིག་ཏུ་གྱུར་ན་བསམ་གྱི་འདུག འོན་ཀྱང་མཛུབ་ཁྲིད་དགེ་རྒན་གྱིས་གསུངས་པའི‘རྩལ་ནུས་དཀོན་པའི་མི་སེར་ཚོ་ཇི་ལྟར་ལས་ཞུཌ་ཐུབ་པར་བྱེད་དགོས’ཞེས་པའི་སྐད་ཆ་དེས་ངའི་བློ་སྒོ་ཕྱེ་བྱུང་། འབྲེལ་ཡོད་ལས་གཞིར་ཞིབ་འཇུག་བྱས་པ་བརྒྱུད་མཐར་ང་ཚོས་ཐེ་ཚོམ་སྤུ་ཙམ་ཡང་མེད་པར་བོད་ཀྱི་ཁྱིམ་ལས་ལས་རིཌ་ལ་ཞུཌ་པ་ཡིན། དུས་ཡུན་ཉིན་14རིང་། ང་དང་ལན་ཀྲོའུ་འགྲིམ་འགྲུལ་སློབ་ཆེན་ནས་ཐོན་པའི་ཚེ་སྒྲོན་དང་། བོད་ལྗོངས་ལས་རིཌ་ལག་རྩལ་སློབ་གླིང་གི་བློ་བཟང་སྒྲོལ་མ་བཅས་ཀྱིས་ལྷ་ས་ཨན་ཆའོ་ཁྱིམ་ལས་ཞབས་ཞུ་ཚད་ཡོད་འགན་འཁྲི་ཀུང་སི་གཉེར་རྒྱུའི་གྲ་སྒྲིག་བྱས་ནས་ཐོ་འགོད་བྱས་པ་ཡིན། ད་ཆ། དང་ཐོག་མཉམ་ལས་པ་གསུམ་ལས་མེད་པའི་ཀུང་སི་དེ་ལས་མི་བརྒྱ་ལྷག་ཙམ་ཟིན་པའི་ཀུང་སི་ཆེན་པོ་ཞིག་ཏུ་གྱུར་ཡོད་ལ། བོད་ཀྱི་ཞིང་འབྲོག་པ་ལས་ཞུཌ་གཞན་སྒྱུར་དང་ཟུང་འབྲེལ་བྱས་པའི་གསར་གཏོད་ལས་གཏོད་ཀྱི་ཁེ་ལས་ཤིག་ཏུ་ཡང་གྱུར་ནས་སྤྱི་ཚོཌ་ཀྱི་ཕན་འབྲས་ཡག་པོ་ཐོན་ཡོད”ཅེས་བཤད།

    ཤེས་རྟོགས་བྱུང་བར་གཞིགས་ན། ལྷ་ས་ཨན་ཆའོ་ཁྱིམ་ལས་ཞབས་ཞུ་ཚད་ཡོད་འགན་འཁྲི་ཀུང་སི་དེ་2017ལོར་ལྷ་སར་དངོས་སུ་བཙུགས་ཤིང་། མིག་སྔར། ཀུང་སིར་དངོས་གཞིའི་ལས་མི་138དང་ངེས་མེད་ལས་མི་54བསྡོམས་མི་192ཡོད་པ་དང་། ཀུང་སིས་སྡེ་ཁུལ་གྱི་རྒན་གསོའི་ནད་སྐྱོང་དང་། ཕྲུ་གུ་དམར་འབྱར་བདག་སྐྱོང་། ཁྱིམ་ལས་ཞབས་ཞུ། ཁྱིམ་ཚང(ཀུང་སི)གི་གཙང་སྦྲ། སྨན་ཁང་གི་ནད་སྐྱོང་སོགས་ཀྱི་ལས་ཀ་བྱེད་ཀྱི་ཡོད།

    ལྷ་ས་ཨན་ཆའོ་ཁྱིམ་ལས་ཞབས་ཞུ་ཚད་ཡོད་འགན་འཁྲི་ཀུང་སིར་2020ལོའི་ཟླ་7པར“ལྷ་ས་གྲོང་ཁྱེར་ཞིང་འབྲོག་པ་ལས་ཞུགས་གཞན་སྒྱུར་རྟེན་གཞིའི”མཚན་སྙན་ཐོབ་པ་དང་། 2020ལོའི་ཟླ་10པར་རང་སྐྱོང་ལྗོངས་བུད་མེད་མཉམ་འབྲེལ་ལྷན་ཚོགས་ཀྱི་སྣེ་ཁྲིད་འོག་རྒྱལ་ཡོངས་བུད་མེད་མཉམ་འབྲེལ་ལྷན་ཚོགས་དང་། རྒྱལ་ཁབ་འཕེལ་སྒྱུར་ཨུ་ལྷན། ཚོང་དོན་པུའུ། མི་སྤྱི་པུའུ་བཅས་ཀྱིས་མཉམ་དུ་སྒྲིག་འཛུགས་བྱས་པའི་རྒྱལ་ཡོངས་ཀྱི་བུད་མེད་ཁྱིམ་ལས་ཞབས་ཞུའི་ལས་རིགས་ཀྱི་ཉམས་འགྱུར་འགྲན་བསྡུར་ཆེན་པོ་སྐབས་གཉིས་པའི་ནང་ཀུང་སིའི་འཐུས་མི་ཞུགས་པ་མ་ཟད། “ཁྱིམ་ལས་གཉེར་མཁན”ཕུལ་བྱུང་གི་བྱ་དགའ་ཐོབ་སྟེ་རྒྱལ་ཡོངས་ཀྱི་ཁྱིམ་ལས་ལས་རིགས་འགྲན་བསྡུར་ཁྲོད་བོད་ཀྱི་ཁྱིམ་ལས་ལས་རིགས་ཞུགས་མྱོང་མེད་པའི་ལོ་རྒྱུས་མཇུག་འགྲིལ་བ་རེད།

    ཀུང་སི་ཟམ་མི་ཆད་པར་སྟོབས་ཆེར་ཕྱིན་པ་དང་བསྟུན་ནས་ཀུང་སིས་སྲིད་གཞུང་གི་འབོད་སྐུལ་དང་ལེན་ཧུར་ཐག་ཞུས་ཏེ“ཐོན་སློབ་ཞིབ་གསུམ”གཞི་གཅིག་ཏུ་སྡུད་པའི་ཁེ་ལས་སུ་ཕྱོཌ་སྒྱུར་བྱེད་བཞིན་ཡོད། མིག་སྔར། ལྷ་ས་ཨན་ཆའོ་ཁྱིམ་ལས་ཞབས་ཞུ་ཚད་ཡོད་འགན་འཁྲི་ཀུང་སིའི་གཤམ་འོག་ཏུ་ལྷ་ས་ཨན་ཆའོ་མི་ཤུགས་ཐོན་ཁུངས་ཞབས་ཞུ་ལྟེ་གནས་དང་བོད་ལྗོངས་ཨན་ཆའོ་ལས་རིཌ་རྩལ་ནུས་གསོ་སྦྱོང་སློབ་གྲྭ་བཙུགས་ནས་ཁྱིམ་ལས་ལས་རིཌ་དེ་ཤེས་ལྡན་པ་བསྡུ་བ་དང་། ཤེས་ལྡན་པ་གསོ་སྦྱོང་། ཤེས་ལྡན་པ་ཕྱིར་གཏོང་། ཁྱིམ་ལས་པ་མངགས་གཏོང་བཅས་གཞི་གཅིག་ཅན་གྱི་ཁྱིམ་ལས་ལས་རིཌ་ཀྱི་ཐོན་ལས་འཁོར་སྦྲེལ་ཞིག་ཏུ་གྱུར་ཡོད། བོད་ཀྱི་ཁྱད་ཆོས་ལྡན་པའི་ཁྱིམ་ལས་ཞབས་ཞུ་ཧུར་ཐག་བསྒྲུབ་ཆེད་ཀུང་སིས་བོད་ཀྱི་དམངས་སྲོལ་གུས་ལུཌ་དང་། མགྲོན་བསུའི་གུས་ལུཌ། བོད་ལུཌ་གསོ་བ་རིག་པའི་ནད་སྐྱོང་བཅས་ཚུད་པའི་གཞི་གཅིག་ཅན་གྱི་ཁྱིམ་ལས་གསོ་སྦྱོང་བསླབ་གཞི་དང་སློབ་ཚན་རྩོམ་སྒྲིག་བྱེད་ཀྱི་ཡོད་པ་དང་། ཅང་སུའུ་པན་མ་མཉེན་ཆས་ལག་རྩལ་ཚད་ཡོད་ཀུང་སི(ཧྥེང་ཧྲེང་ཚོང་ལས་སློབ་གླིང)དང་མཉམ་ལས་བྱས་ཏེ་དྲ་ཐོག་གི་ཁྱིམ་ལས་གསོ་སྦྱོང་སློབ་ཚན་གསར་སྤེལ་བྱས་ནས་ཁྱིམ་ལས་ལས་རིཌ་ཀྱི་རིག་ནུས་ཞབས་ཞུ་རིམ་བཞིན་མངོན་འགྱུར་བྱེད་བཞིན་ཡོད། 

    འགན་འཁུར་རྩོམ་སྒྲིག་པ། 次旦多吉

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།