ཆུ་ཡུར་རྒྱུད་ཀྱི“བཙོག་ཟིང་ཞན་གསུམ”གྱི་གནས་ཚུལ་ལ་འགྱུར་ལྡོག་གཏོང་བ་དང་གྲོང་མིར་འཚོ་བའི་ཁོར་ཡུག་བཟང་པོ་ཞིག་བསྐྲུན་ཆེད། ཉེ་ཆར་ལྷ་ས་གྲོང་ཁྱེར་ཁྲེང་ཀོན་ཆུས་རྒྱ་མཚོ་སྡེ་ཁུལ་ཏང་ཀྲི་པུས་སྡེ་ཁུལ་གྱི་ཏང་ཡོན་དང་། “གཉིས་ལྡན་དུད་སྦྲེལ”གྱི་ཙུའུ་ཀྲང་། དུད་སྦྲེལ་སྤྱི་མི། བུད་མེད་དང་བླངས་པ། སྡེ་ཁུལ་གྱི་ལས་དོན་མི་སྣ་བཅས་སྒྲིག་འཛུགས་བྱས་ནས་རྒྱ་མཚོ་སྡེ་ཁུལ་ཁོངས་གཏོགས་ཀྱི་ཆུ་ཡུར་དང་དེའི་ངོགས་གཉིས་ཀྱི་འགྱིག་སྙིགས་དང་ཨར་སྐྲུན་གད་སྙིགས་བསྒྲུགས་ཏེ། “དྭངས་གཙང་ཆུ་མོའི་བྱ་སྤྱོད། ཁྱིམ་གཞིས་གཙང་མ”ཞེས་པའི་ཆུ་ཡུར་གྱི་གད་སྙིགས་གཙང་སེལ་གྱི་བྱེད་སྒོ་སྤེལ་བ་རེད།