དབུ་ཤོག>ཆེད་སྒྲིག
  • རང་སྐྱོང་ལྗོངས་ཏང་ཨུད་རྩ་འཛུགས་པུས“སློབ་ཚན་ཆེན་པོ་གསུམ”ལ་བརྟེན་ནས་ཏང་གི་ལོ་རྒྱུས་སློབ་སྦྱོང་སློབ་གསོ་གཏིང་ཟབ་སྤེལ་རྒྱུར་སྐུལ་འདེད་བཏང་བ།

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།   |     སྤེལ་དུས།  2021-05-20

    ཉིན་ཤས་གོང་། གསར་འགོད་པར་རང་སྐྱོང་ལྗོངས་ཏང་ཨུད་རྩ་འཛུགས་པུའུ་ནས་ཤེས་རྟོགས་བྱུང་བར། ཏང་གི་ལོ་རྒྱུས་སློབ་སྦྱོང་སློབ་གསོ་སྤེལ་བ་ནས་བཟུང་། རང་སྐྱོང་ལྗོངས་ཏང་ཨུད་རྩ་འཛུགས་པུས་ལོ་རྒྱུས་སྦྱངས་ནས་གནས་ལུགས་གསལ་རྟོགས་དང་། ལོ་རྒྱུས་སྦྱངས་ནས་དད་སེམས་འཕེལ་བ། ལོ་རྒྱུས་སྦྱངས་ནས་སྤྱོད་བཟང་གོང་བཀུར། ལོ་རྒྱུས་སྦྱངས་ནས་ལག་ལེན་ནན་བསྟར་བཅས་ལ་དམིགས་ནས། གཏན་འབེབས་བྱ་སྤྱོད་དང་རང་འདེམས་བྱ་སྤྱོད་ཟུང་འབྲེལ་མཐའ་འཁྱོངས་བྱེད་པ་དང་། “རིགས་པའི་གཞུང་ལུགས་ཀྱི་སློབ་ཚན”དང་།“ཞིབ་འཇུག་གི་སློབ་ཚན”“ལག་ལེན་གྱི་སློབ་ཚན”བཅས་ལ་བརྟེན་ཏེ། ཏང་གི་ལོ་རྒྱུས་སློབ་སྦྱོང་སློབ་གསོ་ནུས་ལྡན་དང་གོ་རིམ་ལྡན་པའི་སྒོ་ནས་སྤེལ་ཡོད།

    “རིགས་པའི་གཞུང་ལུགས་ཀྱི་སློབ་ཚན”ལ་དམིགས་ནས་དད་སེམས་བརྟན་གཏོང་དང་སྣེ་ཁྲིད་ཀྱི་ནུས་པ་བཏོན་པ། གཙོ་གནད་དཀར་ཆག་རྣམས་རང་སྦྱོང་བྱ་རྒྱུ་མཐའ་འཁྱོངས་དང་། དུས་ཐོག་ཏུ་ལས་ཁུངས་ཀྱི་ཏང་ཡོན་ཡོངས་ལ《ཏང་གི་ལོ་རྒྱུས་སློབ་སྦྱོང་སློབ་གསོའི་དཔྱད་ཡིག་ཕྱོགས་བསྡུས》རྩོམ་སྒྲིག་བྱས་པ། ངེས་པར་དུ་སྦྱོང་དགོས་པའི་དཔྱད་ཡིག་2000ལྷག་ཙམ་ཉོས་པ། རིགས་པའི་གཞུང་ལུགས་བགྲོ་གླེང་དང་སྤེལ་རེས་བྱས་ནས་སྦྱོང་རྒྱུ་མཐའ་འཁྱོངས་བྱེད་པ། པུའུ་དོན་ཨུ་ལྷན་གྱི་རིགས་པའི་གཞུང་ལུགས་སློབ་སྦྱོང་ལྟེ་བའི་ཚོགས་ཆུང་གི་སློབ་སྦྱོང་དང་། ཀྲི་པུའུ་ཁག་གི་ཏང་གི་ལོ་རྒྱུས་སློབ་སྦྱོང་སློབ་གསོའི་དཔེ་ཀློག་འཛིན་གྲྭ་སོགས་ཀྱི་བྱེད་ཐབས་སྤྱད་དེ། ཆེད་དོན་དབྱེ་ནས་སློབ་སྦྱོང་སྤེལ་རེས་བགྲོ་གླེང་ཐེངས་200ལྷག་ཙམ་བྱས་པ་དང་། ཧྲུའུ་ཅིས་ཏང་གི་སློབ་ཚན་འཁྲིད་རྒྱུ་མཐའ་འཁྱོངས་དང་པུའུ་ཡི་འགོ་ཁྲིད་ཚན་ཁག་གིས་སྣེ་ཁྲིད་དེ་ཏང་གི་ལོ་རྒྱུས་ཀྱི་ཆེད་དོན་སློབ་གསོའི་སློབ་ཚན་དང་། “ཀྲི་པུའི་ཧྲུའུ་ཅིས་ཏང་གི་སློབ་ཚན་འཁྲིད་པ”སོགས་བྱས་ཡོད།

    “ཞིབ་འཇུག་གི་སློབ་ཚན”ལ་དམིགས་ནས་བརྟག་ཞིབ་རྒྱ་ཁྱབ་བྱས་ཏེ་དམངས་ཀྱི་གནས་ཚུལ་ཤེས་རྟོགས་བྱས་པ། བརྟན་ལྷིང་སྲུང་སྐྱོང་གི་ལྟ་སྐུལ་མཛུབ་ཁྲིད་དང་ཟུང་འབྲེལ་བྱས་ནས་པུའུ་དོན་ཨུ་ལྷན་ཚན་ཁག་གི་ཁོངས་མིས་བརྟག་ཞིབ་ཚོགས་ཆུང་7གྱི་སྣེ་ཁྲིད་དེ། ཉིན་བདུན་ནས་བཅུའི་རིང་གྲོང་ཁྱེར་དང་ས་ཁུལ་7དུ་བསྐྱོད་དེ་ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཀྱི་དགོངས་པ་དང་བོད་ཀྱི་ལས་དོན་སྐོར་གྱི་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་རྣམ་བཤད་གལ་ཆེན་བོད་དུ་གྲུབ་འབྲས་ཐོབ་པའི་སྒོ་ནས་ལག་ལེན་བསྟར་ཚུལ་དང་། ཀྲུང་དབྱང་སྐོར་གཟིགས་ཚོགས་ཆུང་དང་ཀྲུང་དབྱང་རྩ་འཛུགས་པུའི་མི་འདེམས་མི་སྤྱོད་ཀྱི་ཆེད་དོན་ཞིབ་བཤེར་ཚོགས་ཆུང་གི་ཚུར་ལན་གནད་དོན་དག་ཐེར་སོགས་ཀྱི་གཙོ་གནད་ཆེད་དོན་8ལ་གཙོ་བོར་དམིགས་ཏེ། དཀའ་ཚེགས་ཆེ་བའི་ཐག་རིང་རྫོང་དང་ཤང་དང་། གྲོང་སྡོད་ས་ཚིགས། ཆ་སྒྲིག་གཉེན་འཚོལ་གྱི་དུད་ཚང་དབུལ་པོའི་ཁྱིམ་དུ་བསྐྱོད་དེ་བརྟག་ཞིབ་བྱས་ཡོད།

    “ལག་ལེན་གྱི་སློབ་ཚན”ལ་དམིགས་ནས་འགན་འཁྲི་ལག་ལེན་བསྟར་ཏེ་སྟོབས་ཤུགས་གཅིག་སྒྲིལ་བྱས་པ། ཏང་གི་ལོ་རྒྱུས་སློབ་སྦྱོང་བྱ་རྒྱུ་དེ་ཉམས་མྱོང་ཕྱོགས་སྡོམ་དང་། དངོས་ཡོད་ལ་ལྟ་ཞིབ། ལས་དོན་ལ་སྐུལ་འདེད་གཏོང་བ་བཅས་དང་ཟུང་འབྲེལ་བྱ་རྒྱུ་མཐའ་འཁྱོངས་བྱས་ཡོད། གནད་དོན་ཕྱོགས་སྟོན་དུ་འཛིན་རྒྱུ་མངོན་གསལ་དོད་པོ་ཡོང་བ་བྱེད་པ་དང་། ལས་ཀའི་ལམ་སྲོལ་འཐུས་སྒོ་ཚང་དུ་གཏོང་བ། ཏང་འཛུགས་སྐྱོང་ཁྱབ་ཁོངས་ཀྱི་ཀྲུང་དབྱང་སྐོར་གཟིགས་ཀྱི་ཆེད་དོན་དག་ཐེར་ཚོགས་ཆུང་འཛུགས་པ། ཀྲུང་དབྱང་རྩ་འཛུགས་པུའི་མི་འདེམས་མི་སྤྱོད་ཀྱི་ཆེད་དོན་ཞིབ་བཤེར་ཚོགས་ཆུང་གི་ཚུར་ལན་བསམ་འཆར་དག་ཐེར་ཇུས་གཞི་བཟོ་བ། གཟའ་འཁོར་རེར་རྩིས་བཤེར་རེ་དང་ཟླ་རེར་བཀོད་གཏོང་རེ་བྱེད་པ་མ་ཟད། བརྟག་ཞིབ་དང་ཟུང་འབྲེལ་བྱས་ནས་ཐབས་ཇུས་དམངས་ལ་འདྲི་བ་དང་དག་ཐེར་ལ་སྐུལ་འདེད་བཏང་ཡོད། གཙོ་གནད་ལས་འགན་མངོན་གསལ་དོད་དུ་བཏང་ནས་ལག་ལེན་གྱི་གྲུབ་འབྲས་ཐོབ་པ་བྱས་ཏེ། སྤུས་ཚད་མཐོ་བ་དང་ཚད་གཞི་མཐོ་བའི་སྒོ་ནས་གྲོང་ཚོའི(སྡེ་ཁུལ)“ཨུ་ལྷན་གཉིས”ཀྱི་སྐབས་བརྗེའི་ལས་དོན་ལེགས་གྲུབ་བྱེད་པ་དང་། གྲོང་ཁྱེར་དང་། རྫོང་། ཤང་བཅས་ཀྱི་སྐབས་བརྗེའི་ཆེད་དོན་བརྟག་ཞིབ་དང་གྲོང་ཁྱེར་དང་ས་ཁུལ་གྱི་ཏང་སྲིད་འགོ་ཁྲིད་ཚན་ཁག་གི་ལོ་འཁོར་གྱི་དཔྱད་ཞིབ་ལས་དོན་སྤེལ་བ། ཕུལ་བྱུང་གི་གཞི་རིམ་ན་གཞོན་ལས་བྱེད་པ་འདེམས་སྒྲུག་ཤུགས་ཆེན་བྱེད་པ། འཐུས་མི་དང་ཨུ་ཡོན་གྱི་ཐོབ་ཐང་ཞིབ་བཤེར་གྱི་འགག་སྒོ་ནན་པོ་སྲུང་བ། སྐབས་བརྗེའི་སྒྲིག་ཁྲིམས་ཀྱི་བླང་བྱ་ནན་པོ་སྲུང་བ་བཅས་བྱས་ཡོད། 

    འགན་འཁུར་རྩོམ་སྒྲིག་པ། 次旦多吉

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།