དབུ་ཤོག>ཆེད་སྒྲིག
  • “རབས་ལྔ་པའི་སྡོད་ཁང”ནང་གི་བདེ་སྐྱིད་ལྡན་པའི་འཚོ་བ།

  • ཡོང་ཁུངས།  མི་དམས་ཉིན་རེའི་ཚགས་པར།   |     རྩོམ་པ་པོ།  ཤིན་ཧྭ་གསར་འགྱུར་ཁང་གི་གསར་འགོད་པ། ཐེན་ཅིན་ཝུན་དང་ཀྲང་ཀྲའོ་ཅིས།   |     སྤེལ་དུས།  2021-05-20

    540011_yis_1621440000000_s.jpg

    འདི་ནི་བོད་ལྗོངས་མངའ་རིས་ས་ཁུལ་སྒར་རྫོང་བཀྲ་ཤིས་སྒང་ཤང་བདེ་མཆོག་གྲོང་ཚོའི་གྲོང་མིའི་སྡོད་ཁང་གསར་པ་ཡིན་པ། 

    540013_yis_1621440000000_s.jpg

    འདི་ནི་བོད་ལྗོངས་མངའ་རིས་ས་ཁུལ་སྒར་རྫོང་བཀྲ་ཤིས་སྒང་ཤང་བདེ་མཆོག་གྲོང་ཚོའི་གྲོང་མི་བཀྲ་ཤིས་དབང་མོ(གཡས)དང་ཁོང་གི་བཟའ་ཟླ་ཡིན་པ། 

    ས་མཐོར་དབྱར་ཐོག་མའི་རང་མདངས་རྒྱས་ཙམ་ལ་སེང་གེ་ཁ་འབབ་སྨད་རྒྱུད་ཀྱི་བདེ་མཆོག་གྲོང་ཚོར་རྩྭ་རྩི་ཤིང་སྣ་ཚོགས་ཀྱི་མྱུ་གུ་འབུས་པ་དང་རྒྱ་ལྕང་སྔོན་པོར་གྱུར་ནས་སྐྱེ་སྟོབས་ཀྱི་དཔལ་རབ་ཏུ་འབར།

    ལོ་72ལ་སླེབས་པའི་བཀྲ་ཤིས་དབང་མོས་རང་ཉིད་ཀྱི་ཐོག་སོ་ཉིས་ལྡན་གྱི་ཁང་པའི་ནང་སོས་དལ་བག་ཕེབས་ངང་ཇ་སྲུབས་མ་འཐུང་བཞིན་གསར་འགོད་པར་ད་ཆའི་བདེ་སྐྱིད་ལྡན་པའི་འཚོ་བའི་སྐོར་གླེང་འགོ་ཚུགས།

    བདེ་མཆོག་གྲོང་ཚོ་དེ་བོད་ལྗོངས་མངའ་རིས་ས་ཁུལ་སྒར་རྫོང་བཀྲ་ཤིས་སྒང་ཤང་དུ་གནས་པ་དང་ཆ་སྙོམས་ས་བབ་མཐོ་ཚད་སྨི་4300ཟིན་ཞིང་། དེར་འཚོ་བ་བསྐྱལ་ནས་ལོ་37སོང་བའི་བཀྲ་ཤིས་དབང་མོས་བདེ་མཆོག་གྲོང་ཚོའི་རྗེས་ལུས་ནས་འབྱོར་ཕྱུག་བར་གྱི་འགྱུར་ལྡོག་གི་དཔང་པོ་བྱེད་ཐུབ།

    དུས་རབས་20པའི་ལོ་རབས་60པའི་སྐབས་བདེ་མཆོག་གྲོང་ཚོར་དུད་ཚང་3ལས་མེད། ད་ཆ་བདེ་མཆོག་གྲོང་ཚོར་ཙུའུ་གཉིས་ཡོད་པ་དང་བསྡོམས་དུད་ཚང་51དང་མི་174ཡོད།

    འཕོ་འགྱུར་གྱི་སྐོར་གླེང་ན་1984ལོ་ནས་འགོ་བཙུགས་ཏེ་གླེང་དགོས། སྐབས་དེ་དུས་ཀྱི་བཀྲ་ཤིས་དབང་མོ་དང་ཁོང་གི་གཅུང་མོ་བསོད་ནམས་ལྷ་མོའི་ཁྱིམ་ཚང་གཉིས་བདེ་མཆོག་གྲོང་ཚོར་གནས་སྤོས་གཞིས་ཆགས་བྱས།

    “ང་ཚོ་འདིར་སྤོས་མ་ཐག་པའི་སྐབས་དུད་ཚང་གཉིས་གསུམ་ཙམ་ལས་མི་འདུག སྐབས་དེ་དུས་ལམ་ཤར་གཏོང་ཐུབ་མེད་པའི་ཁར། སྦྲ་གུར་ཙམ་ཡང་མེད་པས་རྡོས་ར་བ་བསྐོར་ནས་དེའི་ནང་སྡོད་པ་དང་ལྷགས་པ་འགོག་ཐུབ་ཙམ་ལས་མེད། ལུས་ལ་གྱོན་པའི་གྱོན་གོས་རང་ཉིད་ཀྱིས་འཚེམ་དགོས་ཀྱི་ཡོད”ཅེས་བཀྲ་ཤིས་དབང་མོས་དྲན་གསོ་བྱེད་བཞིན་དུ་བཤད།

    དེའི་རྗེས་ཀྱི་ལོ་མང་པོའི་ནང་བཀྲ་ཤིས་དབང་མོ་དང་ཁོང་གི་གཅུང་མོའི་ཁྱིམ་ཚང་གཉིས་ཀྱིས་བྱེ་རྡོས་ཁེངས་པའི་ས་ཆ་གསར་སྦོལ་བྱས་ནས་སྙིང་རུས་ཆེན་པོས་བདེ་མཆོག་གྲོང་ཚོར་རྩ་བ་བཙུགས། 1990ལོར་སླེབས་སྐབས་དུད་ཚང་9དེར་གནས་སྤོས་བྱས་པས་བདེ་མཆོག་ཏུ་གཞི་ནས་གྲོང་ཚོའི་རྣམ་པ་ཞིག་ཆགས།

    2010ལོར་ཧྲའན་ཤིས་ཞིང་ཆེན་གྱི་བོད་སྐྱོར་རྣམ་གྲངས་ཀྱིས་གྲོང་གསེབ་གསར་པ་འཛུགས་སྐྲུན་ཐད་གཟིགས་སྐྱོང་བྱས་པ་དང་སྒར་རྫོང་གིས་བདེ་མཆོག་གྲོང་ཚོར་འབྲེལ་ཡོད་ཀྱི་འཛུགས་སྐྲུན་རྣམ་གྲངས་ལག་ལེན་བསྟར་འགོ་ཚུགས། “གྲོང་ཚོའི་ནང་ཉི་ནུས་གློག་ཁང་བཙུགས་པས། གློག་ཤར་གཏོང་ཐུབ་པ་དང་། ད་དུང་ཁྲོན་པ་དང་། གྲོང་མིའི་བྱེད་སྒོ་ཐང་ཆེན། ལུས་སྦྱོང་ཁུལ། ཞིང་པའི་དཔེ་དེབ་ཁང་སོགས་ལེ་ལག་ཚང་བའི་སྒྲིག་བཀོད་འཛུགས་སྐྲུན་བྱས་པ་དང་ལོ་ཤས་གོང་གཞུང་ལམ་ཤར་གཏོང་ཐུབ་པས་གྲོང་མི་ཚང་མ་དགའ་སྤྲོ་ཚད་མེད་བྱུང་སོང”ཞེས་བཀྲ་ཤིས་སྒང་ཤང་གི་ཤང་ཀྲང་གཞོན་པ་བསོད་ནམས་ཚེ་རིང་གིས་བཤད།

    2018ལོར་གྲོང་ཚོར་རྒྱ་ཆེ་ལ་དཀར་ཆ་དོད་པ་དང་འཚོ་བའི་ནུས་པ་ཆ་ཚང་བའི་ཐོག་སོ་ཉིས་ལྡན་གྱི་སྡོད་ཁང་གཅིག་གྱུར་ཐོག་བསྐྲུན་པ་དང་། དུད་ཚང་ཚང་མའི་སྡོད་ཁང་གི་རྒྱ་ཁྱོན་སྨི་ངོས་གྲུ་200ལྷག་ཙམ་ཟིན་གྱི་ཡོད། གྲོང་ཚོར་ལམ་སྒྲོན་དང་། སྤྱི་པའི་གསང་སྤྱོད། གད་སྙིགས་དབྱུགས་ས་སོགས་ཀྱི་སྒྲིག་བཀོད་ཆ་ཚང་བསྐྲུན་ཡོད། ཙུའུ་གཉིས་ཀར་གློག་མཁོ་འདོན་དང་། འཐུང་ཆུ། གློག་འཕྲིན་དང་སྒུལ་བདེའི་དྲ་རྒྱ། སྦྲག་སྲིད་བཅས་ཡོངས་སུ་ཁྱབ་ཡོད།

    1984ལོའི་གོང་རྡོས་བསྐོར་པའི“རབས་དང་པོའི”སྟབས་བདེའི་སྡོད་ཁང་ནས་1990ལོར་སྲིད་འཛིན་གྲོང་ཚོ་འཛུགས་སྐབས་བརྒྱབ་པའི“རབས་གཉིས་པའི”ས་དང་ཤིང་ལས་གྲུབ་པའི་སྡོད་ཁང་། 2006ལོར་བརྒྱབ་པའི“རབས་གསུམ་པའི”བདེ་སྡོད་ཁང་པ། 2012ལོར་བརྒྱབ་པའི“རབས་བཞི་པའི”ཨར་འདམ་ལྕགས་རྩིབ་མའི་ཐོག་སོ་གཉིས་ལྡན་གྱི་སྡོད་ཁང་སྒོ་ར་རང་འགྲིག རྒན་མོ་བཀྲ་ཤིས་དབང་མོ་ད་ཆ་སྡོད་པའི“རབས་ལྔ་པའི”སྡོད་ཁང་གསར་པ་བཅས་ཀྱི་བར་བོད་ཀྱི་མང་ཚོགས་ཀྱི་བདེ་སྐྱིད་ཚོར་སྣང་ཟམ་མི་ཆད་པར་ཟབ་ཏུ་འགྲོ་བཞིན་ཡོད།

    ད་ཆ་བཀྲ་ཤིས་དབང་མོ་ལོ་ན་བགྲེས་པས་ལུས་པོའི་ངལ་རྩོལ་བྱེད་མེད། ཡིན་ན་ཡང་རྒྱལ་ཁབ་ཀྱི་སྲིད་ཇུས་ཀྱི་རོགས་སྐྱོར་དང་ཐུགས་ཁུར་ཡོད་པས་ཚེ་མཇུག་གི་འཚོ་བ་བདེ་ལ་རོལ་བཞིན་ཡོད།

    ཡུལ་དེའི་ལས་བྱེད་པས་ད་ཆ་གྲོང་ཚོར་མཚོ་སྔོན་གྱི་སྦྱར་པ་དང་། ལོ་མ་ཆུང་བའི་སྦྱར་པ། སྤོར་ཤིང་། ཀུ་ཤུའི་སྡོང་པོ། ལིའི་སྡོང་པོ་སོགས་བཙུགས་ཡོད་ཅེས་ངོ་སྤྲོད་བྱས། “སྡོད་ཁང་གསར་པ་རྒྱ་ཆེ་ལ་དྲོ་པོ་ཡོད་པས་བློ་བདེ་བག་ཕེབས་དང་འཚོ་བའང་ཉིན་རེ་ལས་མ་འདས་པར་ལེགས་སུ་འགྲོ་བཞིན་ཡོད”ཅེས་བཀྲ་ཤིས་དབང་མོས་བཤད། 

    འགན་འཁུར་རྩོམ་སྒྲིག་པ། 次旦多吉

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།