
འདི་ནི་འཛིན་པས་ནགས་ཚལ་སྐོར་ཞིབ་རུ་ཁག་གི་སྣེ་ཁྲིད་དེ་ནགས་ཁུལ་དུ་རི་སྐོར་རྒྱག་བཞིན་པ།
རི་བོ་ཧི་མ་ལ་ཡའི་འདབས་སུ་གནས་པའི་གནས་མཆོག་འདིར་དེ་སྔ་རང་རྒྱལ་གྱི་སྐམ་སའི་ཁེར་ཆགས་གླིང་ཕྲན་མཐའ་མ་ཞེས་འབོད་ཀྱི་ཡོད།
འདི་གར་ཀྲུང་གོའི་ཤར་པ་བ་མི་རབས་ནས་མི་རབས་བར་འཚོ་སྡོད་བྱེད་བཞིན་ཡོད། ཁོང་ཚོས་རི་ཁུག་ནས་ཐོན་ཏེ་ཕྱི་རོལ་གྱི་འཇིག་རྟེན་ལ་ལྟ་བར་འགྲོ་འདོད་བྱེད་ཀྱི་ཡོད།
དེ་ནི་གཏིང་སྐྱེས་རྫོང་འདྲེན་ཐང་གྲོང་རྡལ་ཡིན་ཞིང་། གནས་དེ་ནི་འཛིན་པ་ཆུང་བྱིས་པའི་དུས་ནས་འཚར་ལོངས་བྱུང་ས་རེད་ལ། ཁོང་གིས་དཀའ་སྤྱད་འབད་འཐབ་དང་ལང་ཚོ་སྐྱེས་སུ་འབུལ་སའང་རེད།
ཐེངས་དང་པོ་རི་ཁུག་ནས་ཐོན་སྐབས་ང་ཚོས་ཉིན་མཚན་གསུམ་བསྐྱོད་པ་ཡིན།
འཛིན་པས་ཆུང་དུས་ཀྱི་དཀའ་ཚེགས་ཆེ་བའི་འཚོ་བར་དྲན་གསོ་བྱེད་བཞིན“སྐབས་དེ་དུས་ཕ་མ་གཉིས་དང་གཅེན་པོ་ཆུའི་ཕ་རོལ་གྱི་ནེ་པ་ལར་གླ་པར་བསྐྱོད་པའི་གླ་ཆས་གྲོད་པ་རྒྱགས་ཙམ་ལས་མེད། གྲང་ངར་ཤིན་ཏུ་ཆེ་བའི་དགུན་དུས་སུའང་ནང་མི་ཚོ་ཉལ་ཆས་ངོ་དྲག་པ་ཞིག་ཀྱང་གྱོན་རྒྱུ་མེད”ཅེས་བཤད།
1986ལོའི་སྟོན་དུས་སུ། འཛིན་པ་འདྲེན་ཐང་རོང་ནས་ཐེངས་དང་པོ་ཁ་བྲལ་ཏེ་འདྲེན་ཐང་གྲོང་རྡལ་གྱི་སློབ་ཆུང་སློབ་མ་20དང་མཉམ་དུ་གཏིང་སྐྱེས་རྫོང་གྲོང་དུ་སློབ་ཆུང་ལོ་རིམ་བཞི་པ་འགྲིམ་པར་བསྐྱོད། དེ་ནི་རྒྱལ་ཁབ་དབུ་བརྙེས་ཚུན་འདྲེན་ཐང་རོང་ནས་ཁ་བྲལ་ཏེ་ཕྱིར་སློབ་གཉེར་ལ་སྐྱོད་མཁན་བྱིས་པ་ཁག་དང་པོ་དེའང་རེད།
འཛིན་པས་གསར་འགོད་པར“སྐབས་དེར་ངའི་དྲན་གསལ་ལ། ང་དང་ང་ལས་ལོ་ལྔས་ཆེ་བའི་གཅེན་པོ་མཉམ་དུ་འདྲེན་ཐང་གྲོང་རྡལ་ནས་གཟར་ཤང་བར་སྐྱོད་པར་ཉིན་མཚན་གསུམ་འགོར་སོང་། ལྟོགས་དུས་ལུས་ཐོག་ཏུ་འཁྱེར་བའི་རྩམ་པ་བཟའ་བ་དང་། སྐོམ་དུས་ལམ་རྒྱུད་ཀྱི་ཆུ་འཐུང་བ། དཀའ་ལས་ཁག་དུས་རི་ཁུག་བཙལ་ནས་གཉིད་ཉལ་གྱི་ཡོད། འཚོ་བའི་འགྲོ་གྲོན་ཕྲན་ཙམ་རག་པའི་ཆེད་དུ་ཕ་མ་གཉིས་ཀྱིས་སྨྱུག་གཟེབ་བཅུ་ཕྲག་བསླས་ཏེ་ངེད་གཅེན་གཅུང་གཉིས་རྫོང་གྲོང་དུ་བཙོངས་བར་གཏོང་གི་ཡོད། རི་འོག་གྲོང་རྡལ་དུ་སླེབས་སྐབས་གཅེན་པོས་ང་ལ་འགྱིག་ལྷམ་སེར་པོ་ཞིག་ཉོས་བྱུང་བ་དེ་ནི་ལྷམ་གསར་པ་གྱོན་ཐེངས་ཐོག་མ་དེ་ཡིན། མ་གཞི་ད་བར་ལོ་30ལྷག་ཙམ་སོང་ཟིན་མོད། འོན་ཀྱང་རི་ཁུག་ནས་ཐོན་པའི་སྐབས་དེའི་སྤྲོ་སེམས་དང་། མཚར་སྣང་། རེ་སྒུག་བཅས་ད་བར་སེམས་ལ་ཝ་་ལེར་དྲན་གྱི་འདུག”ཅེས་བཤད།
རི་ཁུག་ཏུ་ལོག་རྗེས་མི་དེ་བས་མང་བ་རི་ཁུག་ནས་ཕྱིར་བསྐྱོད་ཐུབ་པར་བྱས་པ།
1988ལོར་འཛིན་པ་སློབ་ཆུང་ཐོན་རྗེས་ལྷ་རྩེ་རྫོང་སློབ་འབྲིང་ལ་བསྐྱོད་པ་དང་དམའ་འབྲིང་ལོ་རིམ་གསུམ་པར་སླེབས་སྐབས་རྒྱུ་རྐྱེན་སྣ་ཚོགས་ཀྱིས་རྐྱེན་པས་སློབ་མཚམས་བཞག་སྟེ་འདྲེན་ཐང་གྲོང་རྡལ་དུ་ལོག་པ་རེད།
“ང་ཕྱིར་སྐྱོད་མྱོང་མཁན་ཞིག་ཡིན་པས་ཕ་ཡུལ་དུ་ལོག་རྗེས་དོན་སྙིང་ལྡན་པའི་ལས་ཀ་ཞིག་བྱས་ཏེ་ཤར་པ་དེ་བས་མང་བ་རི་ཁུག་ནས་ཕྱིར་སྐྱོད་ཐུབ་པ་བྱེད་ཀྱི་ཡིན”ཞེས་པའི་དམ་ཚིག་དེ་ལས་འཛིན་པས་འཚོ་བར་བཅངས་པའི་རེ་འདོད་ཉམས་མེད་པ་མཚོན།
2000ལོར་འཛིན་པ་གནས་དེ་གའི་ཡུལ་དམག་ཅིག་ཏུ་གྱུར་པ་མ་ཟད། ཀྲུང་གོ་གུང་ཁྲན་ཏང་ལ་དངོས་སུ་ཞུགས། རིག་གནས་ཆུ་ཚད་ངེས་ཅན་ལྡན་པའི་ས་གནས་དེ་གའི་མིའི་ངོས་ནས། 2002ལོར་འཛིན་པ་འོག་ཤོད་གྲོང་ཚོའི་གྲོང་ཚོ་ཨུ་ལྷན་གྱི་ཀྲུའུ་རེན་དང་ནགས་སྲུང་རུ་ཁག་གི་རུ་དཔོན་ལ་བདམས་ཐོན་བྱུང་ཡོད།
ཕྱུག་པོ་ཆགས་པར་སྔོན་ལ་ལམ་བཟོ་དགོས་ཞེས་པ་ལྟར། འཛིན་པས་ཀྱང་2002ལོར་ཕྱོགས་མང་པོར་བརྟག་ཞིབ་བྱས་པ་དང་མང་ཚོགས་ཀྱི་བསམ་འཆར་བསྡུ་ལེན་བྱས་པ་བརྒྱུད་གོང་རིམ་གྱི་འབྲེལ་ཡོད་སྡེ་ཚན་ལ་འདྲེན་ཐང་གྲོང་རྡལ་གྱི་གྲོང་ལམ་ལེགས་སུ་གཏོང་བའི་རེ་འདུན་ཞུས་པ་དང་། ལོ་ཕྱེད་སོང་རྗེས་རེ་ཞུའི་དངུལ་སྒོར་ཁྲི་50རྩིས་ཁྲར་འབྱོར། འཛིན་པས་འདྲེན་ཐང་གྲོང་རྡལ་གྱི་སྲིད་འཛིན་གྲོང་ཚོ་6གི་གྲོང་མི་ཚོའི་སྣེ་ཁྲིད་དེ་གྲོང་རྡལ་གྱི་འགྲོ་ལམ་ཨ་མར་ཨར་འདམ་ལམ་བཏིངས་པ་མ་ཟད། དབྱར་སར་སྐྱོད་པའི་ལམ་བཟོས་པ་དེ་ནི་འདྲེན་ཐང་གྲོང་རྡལ་གྱི་ལོ་རྒྱུས་ཐོག་ལམ་བཟོ་ཐེངས་ཐོག་མ་དེའང་རེད།
འཚོ་བ་ཇེ་ལེགས་དང་བདེ་སྐྱིད་ལམ་ཇེ་ཡངས་སུ་སོང་བ།
ཏང་གི་ཚོགས་ཆེན་བཅོ་བརྒྱད་པ་འཚོགས་ཚུན། རྒྱལ་ཁབ་ཀྱིས་མཐའ་མཚམས་ས་ཁུལ་གང་མགྱོགས་འཕེལ་རྒྱས་གཏོང་བའི་སྲིད་ཇུས་རབ་དང་རིམ་པ་ལག་བསྟར་བྱས་པ་དང་བསྟུན་ནས་འདྲེན་ཐང་གྲོང་རྡལ་ལའང་གནམ་ས་བླ་འོག་ཏུ་འགྱུར་བ་ལྟ་བུའི་འགྱུར་ལྡོག་བྱུང་ཡོད།
2017ལོའི་ལོ་མཇུག་ཏུ་གཙང་ཁ་གྲོང་ཚོ་ནས་འདྲེན་ཐང་གྲོང་རྡལ་བར་གྱི་གཞུང་ལམ་ཤར་གཏོང་ཐུབ་ནས་འདྲེན་ཐང་གྲོང་རྡལ་དུ་རླངས་འཁོར་ཐོག་མར་འབྱོར་བ་རེད།
2020ལོར་མ་དངུལ་སྒོར་དུང་ཕྱུར་7.18བཏང་བའི་ཞིང་ཆེན་ལམ་514ལམ་དུམ་སྟེ་གཟར་ཤང་ནས་འདྲེན་ཐང་བར་གྱི་བསྐྱར་སྐྲུན་རྒྱས་སྐྲུན་ལས་གྲྭ་ལས་མཇུག་འགྲིལ་ཏེ་ཨར་འདམ་ལམ་གསར་རྐྱང་ཞིག་འདྲེན་ཐང་བར་ཤར་གཏོང་ཐུབ་ནས་་འདྲེན་ཐང་གྲོང་རྡལ་གྱི་མང་ཚོགས་ཚོ་བདེ་འཇགས་ངང་ཕྱིར་སྐྱོད་པར་སྟབས་བདེ་བསྐྲུན་ཡོད།
བབ་ཆགས་པའི་འཛིན་པས“ད་ཆ་འཚོ་བ་ཇེ་ལེགས་དང་བདེ་སྐྱིད་ལམ་ཇེ་ཡངས་སུ་སོང་བ་ནི་ཏང་གི་སྲིད་ཇུས་བཟང་པོའི་བཀའ་དྲིན་ལས་བྱུང་བ་ཡིན་པས་ང་ཚོས་སྔར་བས་འབད་བརྩོན་བྱས་ནས་ཕ་ཡུལ་དེ་བས་མཛེས་སྡུག་ལྡན་པ་ཞིག་ཏུ་སྐྲུན་གྱི་ཡིན”ཞེས་བཤད།