དབུ་ཤོག>ཆེད་སྒྲིག
  • 《ཀྲུང་གོ་གུང་ཁྲན་ཏང་གི་ཏང་གི་ལོ་རྒྱུས》ཀྱི་ཤེས་བྱ།

  • ཡོང་ཁུངས།  མི་དམངས་ཉིན་རེའི་ཚགས་པར།   |     སྤེལ་དུས།  2021-05-19

    ★ 1928ལོའི་ཟླ་6ཚེས་18ཉིན་ནས་ཟླ་7ཚེས་11ཉིན་བར་ཀྲུང་གོ་གུང་ཁྲན་ཏང་གི་རྒྱལ་ཡོངས་འཐུས་མི་ཚོགས་ཆེན་ཐེངས་དྲུག་པ་མོ་སི་ཁོ་རུ་འཚོགས་ཤིང་། ཚོགས་ཆེན་གྱིས་གསར་བརྗེ་ཆེན་པོ་ཕམ་ཚུན་གྱི་ཉམས་མྱོང་དང་བསླབ་བྱར་ཕྱོགས་སྡོམ་དང་། ཀྲུང་གོའི་གསར་བརྗེ་དང་འབྲེལ་བ་ཡོད་པའི་རྩ་བའི་གནད་དོན་རབ་དང་རིམ་པར་གཞི་རྩའི་ཆ་ནས་ལན་ཡང་དག་བཏབ་ཡོད་པས། དེ་ནི་དམིགས་བསལ་གྱི་ལོ་རྒྱུས་དུས་སྐབས་དང་ལོ་རྒྱུས་ཀྱི་ཆ་རྐྱེན་འོག་འཚོགས་པའི་ལོ་རྒྱུས་ཀྱི་དོན་སྙིང་གལ་ཆེན་ལྡན་པའི་ཚོགས་འདུ་ཞིག་རེད།

    ★ 1928ལོའི་ཟླ་7པར། ཕེང་ཏེ་ཧོའེ་དང་ཐེང་ཏའེ་ཡོན་སོགས་འགོ་ཁྲིད་ཀྱིས་ཕིང་ཅང་འོས་ལངས་ཀྱི་འགོ་ཁྲིད་དེ་ཀྲུང་གོ་བཟོ་ཞིང་དམར་དམག་དམག་སྡེ་ལྔ་པ་བཙུགས་ཏེ་ཧུའུ་ནན་དང་། ཧུའུ་པེ། ཅང་ཤིས་བཅས་ཀྱི་གསར་བརྗེ་གནས་གཞིའི་ཁུལ་འཛུགས་འགོ་ཚུགས།

    ★ 1928ལོའི་ཟླ་10ཚེས་5ཉིན། མའོ་ཙེ་ཏུང་གིས་གསུང་རྩོམ《ཀྲུང་གོའི་དམར་པོའི་སྲིད་དབང་གནས་ཐུབ་པའི་རྒྱུ་མཚན་ཅི་ཡིན》ཕྱག་བྲིས་གནང་སྟེ། “བཟོ་ཞིང་གིས་དྲག་ཤུགས་ལ་བརྟེན་ནས་བཅད་བཟུང་བྱེད་པའི”དགོངས་པ་རྒྱས་བཤད་གཏིང་ཟབ་གནང་སྟེ། ཀྲུང་གོའི་དམར་པོའི་སྲིད་དབང་ཕྱོགས་བཞིའི་དཀར་པོའི་འཇིགས་སྐུལ་གྱིས་བསྐོར་བའི་ཁྲོད་ནས་བྱུང་བ་དང་འཕེལ་རྒྱས་ཕྱིན་པའི་རྩ་བའི་རྒྱུ་རྐྱེན་དེ་ཀྲུང་གོ་ནི་ཕྱེད་མི་སེར་སྤེལ་ཡུལ་དང་ཕྱེད་བཀས་བཀོད་རྒྱུད་འཛིན་གྱི་རྒྱལ་ཁབ་ཅིག་ཡིན་པར་ཐུག་པ་རྒྱས་བཤད་གནང་ཡོད།

    ★ 1929ལོའི་ཟླ་12ཟླ་སྨད་དུ་ཀྲུང་གོ་གུང་ཁྲན་ཏང་དམར་དམག་དམག་སྡེ་བཞི་པའི་འཐུས་མི་ཚོགས་ཆེན་ཐེངས་དགུ་པར་ཏང་ནང་ཁུལ་གྱི་ནོར་འཁྲུལ་བསམ་བློར་ཡོ་བསྲང་སོགས་སྐོར་གྱི་གྲོས་ཆོད་ལ་གྲོས་འཆམ་བྱུང་ནས་ཀྲུང་གོ་གུང་ཁྲན་ཏང་དང་དམར་དམག་འཛུགས་སྐྱོང་གི་རྩ་འཛིན་རང་བཞིན་གྱི་ཡིག་ཆར་གྱུར་ཡོད། ཐེངས་འདིའི་གྲོས་ཚོགས་ལ་ལོ་རྒྱུས་ཐོག་ཀུའུ་ཐེན་གྲོས་ཚོགས་ཟེར། 

    འགན་འཁུར་རྩོམ་སྒྲིག་པ། 次旦多吉

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།