དབུ་ཤོག>ཆེད་སྒྲིག
  • གསར་བརྗེ་སློང་མཁན་གྱི“ཞིང་པའི་ལས་འགུལ་གྱི་རྒྱལ་པོ”

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།   |     སྤེལ་དུས།  2021-05-18

    528191_yis_1621267200000_s.jpg

    འདི་ནི་ཕེང་ཕའེ་ཡི་འདྲ་པར་ཡིན་པ། (དཔྱད་གཞིའི་འདྲ་པར)

    ཕེང་ཕའེ་ནི་ཀྲུང་གོ་གུང་ཁྲན་ཏང་འབྱོར་མེད་གྲལ་རིམ་གྱི་གསར་བརྗེ་མཁས་ཅན་རྒན་རབས་དང་། ཀྲུང་གོ་ཞིང་པའི་གསར་བརྗེའི་ལས་འགུལ་གྱི་སྣེ་ཁྲིད་པ། སྐད་གྲགས་ཆེ་བའི་ཧའེ་ལུའུ་ཧྥེང་སུའུ་ཝེ་ཨེད་སྲིད་དབང་གི་སྲོལ་གཏོད་པ་བཅས་རེད། 1896ལོའི་ཟླ་10པར་ཕེང་ཕའེ་ཀོང་ཏུང་ཞིང་ཆེན་ཧའེ་ཧྥུང་རྫོང་དུ་འཁྲུངས་ཤིང་། གཞོན་དུས་རི་པིན་དུ་སློབ་གཉེར་ལ་ཕེབས་པ་དང་1921ལོར་རྒྱལ་ནང་དུ་ལོག་རྗེས། ཧའེ་ཧྥུང་དུ་སྤྱི་ཚོགས་རིང་ལུགས་ཞིབ་འཇུག་ཁང་དང་ངལ་རྩོལ་བའི་གདུང་སེམས་མཉམ་སྐྱེ་ལྷན་ཚོགས་བཙུགས་ནས་མར་ཁེ་སི་རིང་ལུགས་བརྒྱུད་སྤེལ་གནང་།

    1922ལོར། ཕེང་ཕའེ་སྐུ་རྐྱང་མར་གྲོང་གསེབ་ཏུ་ཕེབས་ནས་ཞིང་པའི་བདེ་སྡུག་ཤེས་རྟོགས་དང་ཞིང་པའི་ཡར་ལངས་སྒྲིག་འཛུགས་ཀྱིས་ཞིང་པའི་ལས་འགུལ་སྤེལ་བ་རེད། ཁོང་གིས་བརྩམས་པའི་དེབ《ཧའེ་ཧྥུང་གི་ཞིང་པའི་ལས་འགུལ》སྤེལ་ཞིང་པའི་ལས་འགུལ་ལ་སྤེལ་མཁན་ཚོས་ཀློག་དགོས་ངེས་ཀྱི་དཔེ་དེབ་ཏུ་གྱུར་པ་མ་ཟད། ཁོང་ལ་ཡང‘ཞིང་པའི་ལས་འགུལ་གྱི་རྒྱལ་པོ’ཞེས་ པའི་མཚན་སྙན་ཐོབ་ཡོད།

    1922ལོའི་ཟླ་7པར་ཕེང་ཕའེ་དང་ཀྲང་མཱ་ཨན་སོགས་མི་6གིས་ཧའེ་ལུའུ་ཧྥུང་གི་ཞིང་པའི་མཐུན་ཚོཌ་དང་པོ་སྟེ། “མི་དྲུག་ཞིང་པའི་མཐུན་ཚོགས”བཙུཌ་ཤིང་། དུས་དེ་ནས་བཟུང་ཞིང་པའི་ལས་འགུལ་གྱི་མེ་ལྕེ་སྤར་ནས་ཞིང་པའི་ལས་སྤང་ལ་མེ་ཤོར་བ་ལྟར་མྱུར་དུ་མཆེད་པ་དང་། ལོ་གཉིས་པའི་ཟླ་7པར། ལུའུ་ཧྥུང་དང་ཧུད་དབྱང་སོགས་རྫོང་10རུ་མཆེད། ཕེང་ཕའེ་ཡིས་ཧུའེ་ཀྲོའུ་ཞིང་པའི་མཉམ་འབྲེལ་ལྷན་ཚོགས་དང་ཀོང་ཏུང་ཞིང་ཆེན་གྱི་ཞིང་པའི་མཐུན་ཚོགས་སྔ་རྗེས་སུ་སྒྲིག་འཛུགས་གནང་།

    1924ལོའི་ཟླ་4པར། ཕེང་ཕའེ་ཀོང་ཀྲོའུ་རུ་ཕེབས་ཏེ་ཞིང་པའི་ལས་འགུལ་ལ་འགོ་ཁྲིད་གནང་བ་དང་ཞིང་པའི་ལས་འགུལ་གྱི་ཁྲིད་སྦྱོང་ཁང་གཉེར་ནས་སྐབས་དང་པོ་དང་ལྔ་པའི་ཀྲུའུ་རེན་དང་རྐང་འཛིན་དགེ་རྒན་གནང་།

    1925ལོའི་ཟླ་3པའི་ཟླ་སྟོད་དུ། ཕེང་ཕའེ་ཡིས་ཀྲུང་གུང་ཧའེ་ཧྥུང་ཀྲི་པུའུ་སྒྲིག་འཛུགས་གནང་ནས་བཙུགས་པ་མ་ཟད་ཧྲུའུ་ཅིའི་འགན་བཞེས།

    1927ལོའི་ཟླ་3པར་ཕེང་ཕའེ་ཝུའུ་ཧན་དུ་བསྐྱོད་དེ་མའོ་ཙེ་ཏུང་སོགས་དང་མཉམ་དུ་ཀྲུང་ཧྭ་རྒྱལ་ཡོངས་ཞིང་པའི་མཐུན་ཚོགས་གནས་སྐབས་ལག་བསྟར་ཨུ་ཡོན་ལྷན་ཁང་སྐུལ་སློང་སྒྲིག་འཛུགས་གནང་བ་མ་ཟད། ལག་བསྟར་ཨུ་ཡོན་དང་དྲུང་ཆེ་གཅིག་ལྕོགས་གནང་།

    གསར་བརྗེ་ཆེན་པོ་ཕམ་རྗེས། ཕེང་ཕའེ་ནན་ཁྲང་དུ་ནན་ཁྲང་འོས་ལངས་ལ་འགོ་ཁྲིད་གནང་བར་ཕེབས།

    1927ལོའི་ཟླ་11པར། ཕེང་ཕའེ་ཡིས་ཧའེ་ལུའུ་ཧྥུང་སུའུ་ཝེ་ཨེད་སྲིད་འཛིན་འཛུགས་པར་འགོ་ཁྲིད་གནང་། 1928ལོའི་ཟླ་11པར། ཕེང་ཕའེ་ཀྲུང་དབྱང་ཆབ་སྲིད་ཅུས་ཀྱི་ཨུ་ཡོན་ལ་བདམས་ཏེ་ཀྲུང་གུང་ཀྲུང་དབྱང་གྲོང་གསེབ་ཨུ་ལྷན་གྱི་ཧྲུའུ་ཅི་དང་། ཀྲུང་གུང་ཀྲུང་དབྱང་དམག་དོན་ཨུ་ལྷན་གྱི་ཨུ་ཡོན། ཀྲུང་གུང་ཅང་སུའུ་ཞིང་ཨུད་དམག་དོན་ཨུ་ལྷན་གྱི་ཧྲུའུ་ཅི་བཅས་ཀྱི་འགན་བཞེས།

    1928ལོའི་ཟླ་8པར། ངོ་ལོག་པས་རྒྱབ་གཏོད་བྱས་པར་བརྟེན་ཕེང་ཕའེ་བཟུང་སྟེ་ཧྲང་ཧའེ་ལུང་ཧྭ་བཙོན་ཁང་དུ་བཅུག བཙོན་ཁང་དུ་ཁོང་གིས་བློ་རྩ་བརྟན་ཞིང་གཉའ་མི་སྒུར་བ་དང་དཔའ་ངར་ཆེན་པོས་འཐབ་རྩོད་གནང་། ཁོང་གིས“དབུགས་ཀྱི་རྒྱུ་བ་ཆད་ལ་ཁད་དུ་གྱུར་ཀྱང་ངས་གུང་ཁྲན་རིང་ལུགས་ཀྱི་བྱ་གཞག་དོན་དུ་འབད་འཐབ་མཐའ་གཅིག་ཏུ་བྱེད་ཀྱི་ཡིན”ཞེས་གསུངས་ཡོད། ལོ་དེའི་ཟླ་8ཚེས་30ཉིན། ཕེང་ཕའེ་ཡིས་འཐབ་གྲོགས་དབྱང་དབྱིན་དང་། ཡན་ཁྲང་དབྱི། ཤིང་ཧྲི་ཀྲེན་བཅས་དང་མཉམ་དུ《རྒྱལ་སྤྱིའི་གླུ་དབྱངས》མཐོན་པོར་བླངས་པ་དང་། “བཙན་རྒྱལ་རིང་ལུགས་རྩ་མེད་དུ་གཏོང་དགོས”“ཀྲུང་གོའི་དམར་དམག་ཁྲི་ལོར་བརྟན་པར་ཤོག”“ཀྲུང་གོ་གུང་ཁྲན་ཏང་ཁྲི་ལོར་བརྟན་པར་ཤོག”སོགས་ཀྱི་འབོད་ཚིག་སྒྲོག་བཞིན་དུ་དཔའ་ཉམས་ཆེན་པོས་རང་སྲོག་བློས་བཏང་ཞིང་། སྐབས་དེ་དུས་དགུང་ལོ་33རེད།

    འགན་འཁུར་རྩོམ་སྒྲིག་པ། 次旦多吉

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།