དབུ་ཤོག>ཆེད་སྒྲིག
  • ཀྲུང་གོ་གུང་ཁྲན་ཏང་གི་རྒྱལ་ཡོངས་འཐུས་མི་ཚོགས་ཆེན་རིམ་བྱུང་ངོ་སྤྲོད།

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།   |     སྤེལ་དུས།  2021-05-16

    14 ཀྲུང་གོ་གུང་ཁྲན་ཏང་རྒྱལ་ཡོངས་འཐུས་མི་ཚོགས་ཆེན་ཐེངས་བཅུ་བཞི་པའི་ངོ་སྤྲོད་མདོར་བསྡུས།

    1992ལོའི་ཟླ་10ཚེས་12ཉིན་ནས་ཚེས་19ཉིན་བར་པེ་ཅིང་དུ་འཚོགས་ཤིང་། ཅང་ཙེ་མིན་གྱིས《སྒྱུར་བཅོས་སྒོ་དབྱེ་དང་དེང་རབས་ཅན་འཛུགས་སྐྲུན་གྱི་གོམ་སྟབས་མགྱོགས་སུ་བཏང་ནས་ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་བྱ་གཞག་ལ་རྒྱལ་ཁ་དེ་བས་ཆེ་བ་ཐོབ་པ་བྱེད་དགོས》ཞེས་པའི་སྙན་སྒྲོན་གནང་བ་རེད། ཚོགས་ཆེན་ཐོག་ཏེང་ཞའོ་ཕིང་གི་ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་འཛུགས་སྐྲུན་བྱེད་པའི་རིགས་པའི་གཞུང་ལུགས་ཀྱི་ཏང་ཡོངས་ཀྱི་མཛུབ་ཁྲིད་གནས་བབ་གཏན་འཁེལ་བྱས་པ་དང་། ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་འཛུགས་སྐྲུན་བྱེད་པའི་རིགས་པའི་གཞུང་ལུགས་ཀྱི་ནང་དོན་གཙོ་བོ་རགས་བསྡུས་བྱས་པ། སྤྱི་ཚོགས་རིང་ལུགས་ཀྱི་ཁྲོམ་རའི་དཔལ་འབྱོར་སྒྲིག་སྲོལ་འཛུགས་པའི་སྒྱུར་བཅོས་དམིགས་ཚད་ཁ་གསལ་བཏོན་པ། ཏང་ཡོངས་ཀྱིས་གོ་སྐབས་དམ་འཛིན་གྱིས་མགྱོགས་མྱུར་འཕེལ་རྒྱས་གཏོང་བ་དང་སེམས་ནུས་གཅིག་སྒྲིལ་གྱིས་དཔལ་འབྱོར་འཛུགས་སྐྲུན་བྱེད་དགོས་པའི་བླང་བྱ་བཏོན་ཡོད། ཚོགས་ཆེན་ཐོག《སྐབས་བཅུ་གསུམ་པའི་ཀྲུང་དབྱང་ཨུ་ཡོན་ལྷན་ཁང་གི་སྙན་སྒྲོན་སྐོར་གྱི་གྲོས་ཆོད》དང་། 《ཀྲུང་དབྱང་བློ་འདྲི་ཨུ་ཡོན་ལྷན་ཁང་གི་ལས་དོན་སྙན་སྒྲོན་སྐོར་གྱི་གྲོས་ཆོད》 《ཀྲུང་དབྱང་སྒྲིག་ཁྲིམས་ཞིབ་བཤེར་ཨུ་ཡོན་ལྷན་ཁང་གི་ལས་དོན་སྙན་སྒྲོན་སྐོར་གྱི་གྲོས་ཆོད》 《〈ཀྲུང་གོ་གུང་ཁྲན་ཏང་གི་སྒྲིག་ཡིག་དག་བཅོས་འཆར་ཟིན〉སྐོར་གྱི་གྲོས་ཆོད》བཅས་ལ་གྲོས་འཆམ་བྱུང་བ་རེད། ཚོགས་ཆེན་ཐོག་ཨུ་ཡོན་189དང་རྗེས་སྣོན་ཨུ་ཡོན་130ལས་གྲུབ་པའི་ཀྲུང་དབྱང་ཨུ་ཡོན་ལྷན་ཁང་བདམས་པ་དང་ཨུ་ཡོན་108ལས་གྲུབ་པའི་ཀྲུང་དབྱང་སྒྲིག་ཁྲིམས་ཞིབ་བཤེར་ཨུ་ཡོན་ལྷན་ཁང་བདམས་པ་རེད། དེ་རྗེས་འཚོགས་པའི་སྐབས་བཅུ་བཞི་པའི་ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་ཐེངས་དང་པོའི་ཐོག་ཀྲུང་དབྱང་ཆབ་སྲིད་ཅུས་དང་དེའི་རྒྱུན་ལས་ཨུ་ཡོན་ལྷན་ཁང་བདམས་པ་དང་། ཅང་ཙེ་མིན་ཀྲུང་དབྱང་ཨུ་ཡོན་ལྷན་ཁང་གི་སྤྱི་ཁྱབ་ཧྲུའུ་ཅིར་བདམས་པ། ཅང་ཙེ་མིན་ཀྲུང་དབྱང་དམག་དོན་ཨུ་ཡོན་ལྷན་ཁང་གི་ཀྲུའུ་ཞིར་གཏན་འཁེལ་བྱས་པ། ཡུས་ཅན་ཞིང་ཀྲུང་དབྱང་སྒྲིག་ཁྲིམས་ཞིབ་བཤེར་ཨུ་ཡོན་ལྷན་ཁང་གི་ཧྲུའུ་ཅིར་བསྐོ་གཞག་བྱ་རྒྱུའི་ཆོག་མཆན་སྤྲད་པ་རེད། (མུ་མཐུད་འགོད་རྒྱུ)

    ཀྲུང་གོ་གུང་ཁྲན་ཏང་གི་ཏང་གི་ལོ་རྒྱུས་ཀྱི་དྲི་བ་དྲིས་ལན།

    20 བཅུ་གཉིས་པའི་ཚེས་དགུའི་ལས་འགུལ།

    1935ལོའི་ཟླ་12ཚེས་9ཉིན་ཀྲུང་གོ་གུང་ཁྲན་ཏང་གིས་འགོ་ཁྲིད་གནང་བའི་པེ་ཕིང་སློབ་མའི་མཉམ་འབྲེལ་ཚོགས་པས་སྒྲིག་འཛུགས་བྱས་པའི་གཞི་ཁྱོན་ཆེ་བའི་རི་འགོག་རྒྱལ་གཅེས་ཀྱི་ལས་འགུལ་སྤེལ་བ་རེད། རི་འགོག་རྒྱལ་སྐྱོབ་ཀྱི་འཐབ་རྩོད་དེ་འཕྲལ་མར་སྟོབས་ཆེར་ཕྱིན་ནས་རྒྱལ་ཡོངས་ཀྱི་གཞི་ཁྱོན་ལྡན་པའི་མང་ཚོགས་ཀྱི་ལས་འགུལ་ཞིག་ཏུ་གྱུར་ཏེ། ཀྲུང་གོའི་མི་དམངས་ཀྱི་རི་འགོག་རྒྱལ་སྐྱོབ་ཀྱི་དམངས་གཙོའི་ལས་འགུལ་གྱི་མཐོ་རླབས་གསར་པ་ཞིག་འཕྱུར་བ་མཚོན་ཡོད།

    (མུ་མཐུད་འགོད་རྒྱུ)

    《ཀྲུང་གོ་གུང་ཁྲན་ཏང་གི་ཏང་གི་ལོ་རྒྱུས》ཀྱི་ཤེས་བྱ།

    ★ 1946ལོའི་ཟླ་6ཚེས་26ཉིན་གོ་མིན་ཏང་གི་དམག་དཔུང་གིས་ཀྲུང་ཡོན་བཅིངས་འགྲོལ་ཁུལ་ལ་ཚུར་རྒོལ་ཆེན་པོ་བྱས་ཏེ་ནང་འཁྲུག་ཕྱོགས་ཡོངས་ནས་ལངས་ཤིང་། ཀྲུང་ཡོན་དམག་ཁུལ་དཔུང་སྡེས་ཀྲུང་ཡོན་གྱི་དཔུང་གཤགས་གཡུལ་འགྱེད་བླངས་པ་ལས་རྒྱལ་ཡོངས་ཀྱི་བཅིངས་འགྲོལ་དམག་འཐབ་རྒྱག་འགོ་ཚུགས་པ་རེད།

    ★ 1946ལོའི་ཟླ་8པར་མའོ་ཙེ་ཏུང་གིས་ཨ་རིའི་གསར་འགོད་པ་ཨན་ནཱ·ལུའུ་དབྱི་སི·སི་ཐེ་ལེང་དང་བཀའ་མོལ་གནང་སྐབས“ལོག་སྤྱོད་ཤོག་ཁག་ཡོད་ཚད་ཤོག་བུའི་སྟག་ལྟ་བུ་རེད”ཅེས་པའི་ཆོད་གཏམ་གྲགས་ཅན་བཏོན་གནང་བ་རེད།

    ★ 1947ལོའི་ཟླ་6ཚེས་30ཉིན་ལིའུ་པོ་ཁྲེང་དང་ཏེང་ཞའོ་ཕིང་རྣམ་གཉིས་ཀྱིས་ཧྲན་ཤིས་དང་། ཧོ་པེ། ཧྲན་ཏུང་། ཧོ་ནན་བཅས་ཀྱི་ཐང་འཐབ་དཔུང་སྡེའི་གཙོ་ཤུགས་ཁྲིད་དེ་རྨ་ཆུའི་ཉེན་ཁ་ལས་སྒྲོལ་བ་དང་། ཏ་པེ་ཧྲན་རི་བོའི་ཕྱོགས་སུ་དཔུང་འཇུག་གིས་མི་དམངས་བཅིངས་འགྲོལ་དམག་འཐབ་ཀྱི་འཐབ་ཇུས་དཔུང་འཇུག་བྱེད་འགོ་ཚུགས་པ་རེད།

    ★ 1947ལོའི་ཟླ་10ཚེས་10ཉིན་ཀྲུང་གུང་ཀྲུང་དབྱང་གིས《ཀྲུང་གོའི་ས་ཞིང་བཅའ་ཁྲིམས་ཀྱི་རྩ་གནད》ཡོངས་བསྒྲགས་བྱས་ནས་ས་ཞིང་སྒྱུར་བཅོས་ཀྱི་ལས་དོན་རྒྱལ་ཡོངས་ཀྱི་བཅིངས་འགྲོལ་ཁུལ་ཁག་ཏུ་མྱུར་དུ་སྤེལ་འགོ་ཚུགས་པ་རེད།

    ★ 1948ལོའི་ཟླ་9ཚེས་12ཉིན་ནས་ཟླ་11ཚེས་2ཉིན་བར་བྱང་ཤར་ཐང་འཐབ་དམག་གིས་ལེའོ་ཧྲེན་གཡུལ་འགྱེད་བྱས་ཤིང་། གཡུལ་འགྱེད་དེ་དུས་ཡུན་ཉིན་52བྱས་ནས་གོ་མིན་ཏང་དམག་དཔུང་གི་དམག་མི་ཁྲི་47ལྷག་ཙམ་ཚར་བཅད་ནས་བྱང་ཤར་ཡོངས་སུ་བཅིངས་འགྲོལ་ཐོབ་པ་རེད།

    ★ 1949ལོའི་ཟླ་1ཚེས་1ཉིན་ཤིན་ཧྭ་གསར་འགྱུར་ཁང་གིས《གསར་བརྗེ་མཐར་ཕྱིན་པ་བྱ་རྒྱུའི》ལོ་གསར་གྱི་སྨོན་ཚིག་སྒྲོན་ནས་ལོག་སྤྱོད་ཀྱི་སྟོབས་ཤུགས་མཐའ་དག་ངེས་པར་དུ་རྩ་མེད་མཐའ་གཅིག་ཏུ་གཏོང་དགོས་པའི་ནན་བཤད་བྱས་པ་རེད།

    ★ 1949ལོའི་ཟླ་6ཚེས་30ཉིན་མའོ་ཙེ་ཏུང་གིས《མི་དམངས་དམངས་གཙོའི་སྲིད་དབང་སྒེར་འཛིན་གླེང་བ》ཞེས་པའི་རྩོམ་ཡིག་སྤེལ་ནས་མི་དམངས་དམངས་གཙོའི་སྲིད་དབང་སྒེར་འཛིན་གྱི་ཚན་རིག་དང་མཐུན་པའི་ཐ་སྙད་དེ་བཏོན་གནང་བ་རེད།

    ★ 1949ལོའི་ཟླ་9ཚེས་21ནས་30ཉིན་བར་ཀྲུང་གོ་མི་དམངས་ཆབ་སྲིད་གྲོས་མོལ་ཚོགས་འདུའི་ཚང་འཛོམས་གྲོས་ཚོགས་སྐབས་དང་པོ་པེ་ཕིང(ད་ལྟའི་པེ་ཅིང)དུ་འཚོགས་ཤིང་། ཚོགས་འདུའི་ཐོག《ཀྲུང་གོ་མི་དམངས་ཆབ་སྲིད་གྲོས་མོལ་ཚོགས་འདུའི་ཐུན་མོང་གི་རྩ་འཛིན》ལ་གྲོས་འཆམ་བྱུང་བ་དང་དེས་ཀྲུང་གོ་གསར་པའི་བརྗིད་ཆེའི་འཆར་གཞི་མངོན་པ་དང་དེ་ནི་ཀྲུང་གོ་གསར་པའི་རྒྱལ་ཁབ་དབུ་བརྙེས་པའི་རྩ་འཛིན་ཞིག་རེད།

    ★ རྒྱལ་ཁབ་དབུ་བརྙེས་མ་ཐག་པའི“ལས་འགུལ་ཆེན་པོ་གསུམ”ནི་ཨ་འགོག་ཁྲའོ་རོགས་དང་། ས་ཞིང་ལམ་ལུགས་སྒྱུར་བཅོས། གསར་བརྗེར་ངོ་རྒོལ་པ་དྲག་གནོན་བཅས་ལ་ཟེར། (མུ་མཐུད་འགོད་རྒྱུ)

    འགན་འཁུར་རྩོམ་སྒྲིག་པ། 索朗旺堆

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།