དབུ་ཤོག>ཆེད་སྒྲིག
  • “བོད་གསར་པའི་འཕོ་འགྱུར་ཆེན་པོ་མཐོང་སྐབས་ང་ལ་སྤོབས་པ་ཆེན་པོ་སྐྱེ་ཡི་འདུག”

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།   |     རྩོམ་པ་པོ།  索朗旺堆   |     སྤེལ་དུས།  2021-05-15

    ཆབ་མདོ་གྲོང་ཁྱེར་སྟག་རྩ་ཐང་སྡེ་ཁུལ་དུ་སྡོད་པའི་རྒད་པོ་ཀྲའོ་ཆིན་ཀུའེ་འདི་ལོ་ལོ་80ལྷག་ཙམ་ལ་སླེབས་པ་དང་དམག་སྡེ་བཅོ་བརྒྱད་པ་བོད་སྐྱོད་སྐོར་གླེང་སྐབས་ཁོང་གིས་ད་དུང་གསལ་པོ་དྲན་གྱི་ཡོད་པ་རེད།

    ཀྲའོ་ཆིན་ཀུའེ་1937ལོར་མཚོ་སྔོན་རེབ་གོང་དུ་སྐྱེས་ཤིང་། 1951ལོར་དམག་སྡེ་བཅོ་བརྒྱད་པའི་རྟ་དམག་རང་ཚུགས་ཐོན་རང་ཚུགས་ཉིང་ལག་རུ་ཁག་གི་འཐབ་འཛིང་པ་ཞིག་ཏུ་གྱུར་ནས་དཔུང་སྡེ་དང་མཉམ་དུ་བོད་དུ་དཔུང་སྐྱོད་ཀྱི་གྲ་སྒྲིག་བྱས།

    དཔུང་འཇུག་དམ་འཇོག་ཚོགས་ཆེན་འཚོགས་རྗེས་ཀྲའོ་ཆིན་ཀུའེ་ཡི་དཔུང་སྡེ་མགྱོགས་མྱུར་རྡོག་ཐོན་བྱས་པ་དང་མི་རིང་བར་འབྲི་ཆུའི་འགྲམ་དུ་སླེབས།

    ཀྲའོ་ཆིན་ཀུའེ་ཡིས་སྐབས་དེ་དུས་གོང་རིམ་གྱིས་འབྲི་ཆུ་སྒྲོལ་ནས་བོད་དུ་སྐྱོད་དགོས་པའི་བཀའ་བཏང་སོང་བས། ང་ཚོས་ཤིང་སྡོང་དང་ལུག་པགས་ལ་བརྟེན་ནས་ཀོ་གྲུ་སྟབས་བདེ་ཞིག་བཟོས་ཏེ་རྟ་ཁྲིད་ནས་འབྲི་ཆུ་སྒྲོལ་བ་ཡིན། འོན་ཀྱང་འབྲི་ཆུའི་དཀྱིལ་དུ་སླེབས་སྐབས་རྟ་འདྲོགས་ནས་མཆོང་བས་ཀོ་གྲུ་མགོ་རྟིང་ལོག་ནས། འཐབ་འཛིང་པ་8ཚེ་ལས་འདས་པ་དང་ཕྱུགས་རིགས་150ཆུ་ནང་དུ་ལྷུང་སོང་ཞེས་དྲན་གསོ་བྱེད་བཞིན་བཤད།

    རྗེས་མཐུད་དཔུང་སྡེ་ང་ཚོ་དང་མཉམ་འཛོམས་བྱུང་རྗེས་སྐྱེལ་འདྲེན་དཔུང་ཁག་གི་རུ་དཔོན་གྱིས“ཆུ་མདོ་བདུན”བརྒྱུད་ནས་འབྲི་ཆུ་སྒྲོལ་རྒྱུའི་གྲོས་འགོ་བཏོན། འདི་གར་ཆུ་ཤུགས་ཅུང་ཆུང་བས་ས་གནས་འདི་གའི་འབྲོག་པ་ཚོས་དེ་ནས་གཙང་པོ་སྒྲོལ་གྱི་ཡོད།

    འབྲི་ཆུ་སྒྲོལ་རྗེས་དཔུང་སྡེའི་དཔོན་དམག་ཚོས་ངལ་གསོ་ཕྲན་ཙམ་བརྒྱབ་རྗེས་སླར་ཡང་དམར་ཆུ་སྒྲོལ་འགོ་ཚུགས། ད་དུང་མདུན་དུ་བསྐྱོད་ན་ས་བབ་མཐོ་ཚད་སྨི་6000ཡན་གྱི་གདང་ལ་ཡིན་ཞིང་། དཔུང་སྡེས་དེ་གར་ངལ་གསོས་ནས་བསམ་པའི་སྐུལ་སློང་དང་དངོས་ཟོག་གསབ་སྣོན་བྱས། དཔུང་སྡེའི་འགོ་ཁྲིད་ཀྱིས་ཚང་མར་སྐུལ་སློང་བྱས་ཏེ་ཕྱོགས་ཁག་གི་གྲ་སྒྲིག་ཨང་གསར་བྱས་ནས་ཆོད་སེམས་ཆེན་པོས་གདང་ལ་བརྒྱབ་སྟེ་ངེས་པར་དུ་བོད་བཅིངས་འགྲོལ་གཏོང་ཐུབ་པ་བྱེད་དགོས་ཞེས་བཤད།

    དཔུང་སྡེའི་དཔོན་དམག་ཚོས་ཉིན་གསུམ་ཙམ་ནང་གདང་ལ་བརྒྱབ་པ་དང་དེའི་རིང་ཕྱུགས་རིགས་མགོ་གྲངས་300ལྷག་ཙམ་ཤི་བ་རེད།

    ལམ་བར་དུ་དཀའ་ངལ་ཁྱད་བསད་བྱས་པ་བརྒྱུད། ཟླ་གསུམ་ལྷག་ཙམ་གྱི་དུས་ཚོད་སྤྱད་པ་དང་ལ་བརྒྱབ་ཀླུང་བརྒལ་སྤྱི་ལེ་1800ལྷག་ཙམ་བྱས་རྗེས་1951ལོའི་ཟླ་12ཚེས་1ཉིན་ཀྲུང་གོ་མི་དམངས་བཅིངས་འགྲོལ་དམག་དམག་སྡེ་བཅོ་བརྒྱད་པའི་རང་ཚུགས་ཉིང་ལག་རུ་ཁག་ལྷ་སར་འབྱོར།

    ཀྲའོ་ཆིན་ཀུའེ་གནས་སའི་དཔུང་སྡེས་སེ་ར་དགོན་གྱི་འགྲམ་དུ་དམག་སྒར་བརྒྱབ།

    ལྷ་སར་འབྱོར་རྗེས་འཕྲད་པའི་གནད་དོན་ཆེ་ཤོས་ནི་འབྲུ་རིགས་མི་འདང་བ་དེ་རེད། ས་གནས་འདི་གའི་འབྲུ་རིགས་སྟངས་འཛིན་བྱེད་མཁན་དགོན་སྡེ་ཆེ་ཁག་དང་སྐུ་དྲག་ཆེ་ཁག་སོགས་ངོ་ལོག་གོང་རིམ་གྱིས“རྒྱ་མི་ལྟོགས་སྐོམ་བཏང་ནས་ཕྱིར་སྐྲོད་བྱེད”ཅེས་འུད་ཤོབ་བཤད། འཐབ་འཛིང་པ་ཚོ་དུས་ཡུན་རིང་པོའི་ནང་གནམ་གྲུ་ནས་དབྱུགས་པའི་ཟས་རིགས་ཕྱེ་མ་ཟ་དགོས་བྱུང་།

    ལོ་གཅིག་སོང་རྗེས་དཔུང་སྡེ་གཞིས་རྩེར་འབྱོར། ཀྲའོ་ཆིན་ཀུའེ་དང་འཐབ་འཛིང་པ་ཚོས་རྟག་ཏུ་ཉེ་འགྲམ་མང་ཚོགས་ལ་ནས་བསྡུ་རོགས་དང་ཆུ་ལེན་རོགས་བྱེད་པ་དང་དགོང་མོ་མང་ཚོགས་ལ་རིག་རྩལ་འཁྲབ་སྟོན་བྱེད་པ་དང་གློག་བརྙན་བསྟན་གྱི་ཡོད། 1954ལོར་རྒྱལ་རྩེ་དང་གཞིས་རྩེར་ཆུ་ལོག་ཆེན་པོ་ཞིག་ཐོན། ཀྲའོ་ཆིན་ཀུའེ་དང་འཐབ་འཛིང་པ་ཚོས་འཕྲལ་མར་རོགས་སྐྱོབ་བྱ་སྤྱོད་ནང་ཞུགས། གེགས་བར་བྱུང་བའི་མང་ཚོགས་ལ་གྱོན་ཆས་དང་ཉལ་ཆས་སོགས་སྤྲད་དེ་མི་སེར་ཚོར་གེགས་རྗེས་བསྐྱར་སྐྲུན་བྱེད་རོགས་བྱས། དེའི་རྗེས་དཔུང་སྡེས་གསར་སྦོལ་བྱས་ནས་འབྲུ་རིགས་འདེབས་འགོ་ཚུགས་པས་འབྲུ་རིགས་དང་སྔོ་ཚལ་རང་མཁོ་རང་འདོན་ཐུབ།

    1960ལོར་ཀྲའོ་ཆིན་ཀུའེ་ཐེན་ཧྲུའེ་རྐང་དམག་སློབ་གྲྭར་སློབ་སྦྱོང་ལོ་3བྱས་ནས་དཔུང་སྡེར་ལོག་སྐབས་བརྒྱ་དཔོན་ལ་བསྐོ་གཞག་བྱས། དེ་རྗེས་ཀྲའོ་ཆིན་ཀུའེ་ཆབ་མདོ་ཡན་ལག་དམག་ཁུལ་ཁང་གི་རང་ཚུགས་ཡིང་དུ་ལས་ཀ་བྱེད་པར་ལོག

    མཚན་མོ་ཞིག་ཁོང་གཉིད་ཁུག་མ་ཐག་སི་ལིང་པུའུ་ཡི་དམག་འཐབ་ཁང་དུ་ཚོགས་འདུར་སྐོང་།

    མཛོ་སྒང་རྫོང་དུ་ངོ་ལོག་ཟིང་འཁྲུག་ཐོན་པ་དང་མཚན་མོ་དེར་ཀྲའོ་ཆིན་ཀུའེ་ཡིས་དཔུང་སྡེའི་སྣེ་ཁྲིད་དེ་ཆབ་མདོ་ནས་མཛོ་སྒང་དུ་བསྐྱོད་པས་ནམ་མ་ལངས་གོང་གནས་ཚུལ་ཐོན་ས་ཝ་མདའ་རུ་འབྱོར། དེ་གར་བཅུ་ཤོག་གཅིག་གི་འཐབ་འཛིང་པ་བཅའ་སྡོད་བྱ་ཡུལ་དུ་ཇག་པས་དམར་གསོད་བཏང་བ་མཐོང་། ཇག་པས་མེ་མདའ་འཕྲོག་རྗེས་སླར་ཡང་བདེ་འཇགས་འགན་ལེན་ཀྲུའུ་རེན་དང་གྲོང་ཚོའི་དྲུང་ཡིག་བསད་པ་མ་ཟད། རྟ་མང་པོ་ཞིག་ཀྱང་འཕྲོག གནས་ཚུལ་དེ་དག་གོང་རིམ་ལ་སྙན་སེང་ཞུས་རྗེས། ཀྲའོ་ཆིན་ཀུའེ་ཡིས་ཡན་ལག་དམག་ཁུལ་ཁང་གི་ཐོན་ཤོག་གཉིས་དང་རང་ཚུགས་ཡིང་ཁྲིད་དེ་ཡུལ་དམག་གིས་གཞོགས་འདེགས་བྱས་པ་བརྒྱུད། རི་བཤེར་ནས་ཇག་པ་འཇོམས།

    ས་གནས་འདི་གའི་མི་སེར་ཚོའི་རོགས་རམ་འོག་དཔུང་སྡེས་ཇག་པ་གབ་སའི་ཁྱབ་ཁོངས་རགས་ཙམ་གཏན་འཁེལ་ཐུབ། ཀྲའོ་ཆིན་ཀུའེ་ཡིས་མྱུལ་ཞིབ་ལེན་གྱི་འཐབ་འཛིང་པའི་སྣེ་ཁྲིད་དེ་དེ་མྱུར་རྗེས་འདེད་བཏང་ནས་ཇག་པ་ཚང་མ་བསད།

    1971ལོར་ཀྲའོ་ཆིན་ཀུའེ་ཡིས་སྟེང་ཆེན་རྫོང་དྲག་ཆས་པུའུ་ཡི་ཆབ་སྲིད་ཨུ་ཡོན་བྱས། 1981ལོར་ཁོང་ཆབ་མདོ་ས་ཁུལ་སྤྱི་བདེ་ཁྲུའུ་རུ་ལས་བསྒྱུར་བྱས། 1992ལོར་རྒན་ཡོལ་མ་ཞུས་བར་ཁྲུའུ་ཀྲང་གཞོན་པ་དང་། ཆབ་སྲིད་ཨུ་ཡོན། ཏང་ཙུའི་ཧྲུའུ་ཅི་བཅས་བྱས།

    ཀྲའོ་ཆིན་ཀུའེ་ཡིས“ང་རང་བཅིངས་འགྲོལ་དམག་བོད་དུ་དཔུང་སྐྱོད་བྱེད་པའི་ནང་ཞུགས་མྱོང་ལ། དམག་འཐབ་མང་པོའི་ནང་དུའང་ཞུགས་མྱོང་། དཀའ་སྤྱད་ཚད་མེད་ཀྱིས་དཔུང་སྐྱོད་དང་ཁྲག་དྲི་བྲོ་བའི་དམག་ས་ནས་ད་ལྟའི་ཞི་བདེ་དང་བསྐལ་པ་བཟང་པོའི་བར་བརྒྱུད་ནས་བོད་གསར་པའི་འཕོ་འགྱུར་ཆེན་པོ་མཐོང་སྐབས་ང་ལ་སྤོབས་པ་ཆེན་པོ་སྐྱེ་ཡི་འདུག”ཅེས་བརྗོད་ཀྱི་ཡོད་པ་རེད།

    འགན་འཁུར་རྩོམ་སྒྲིག་པ། 

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།