དབུ་ཤོག>ཆེད་སྒྲིག
  • ཀྲུང་གོ་གུང་ཁྲན་ཏང་གི་རྒྱལ་ཡོངས་འཐུས་མི་ཚོགས་ཆེན་ཐེངས་བཅུ་གསུམ་པའི་ངོ་སྤྲོད་མདོར་བསྡུས།

  • ཡོང་ཁུངས།  མི་དམངས་དྲ་བ།—ཀྲུང་གོ་གུང་ཁྲན་ཏང་གསར་འགྱུར་དྲ་བ།   |     སྤེལ་དུས།  2021-05-13

    1987ལོའི་ཟླ་10ཚེས་25ཉིན་ནས་ཟླ་11ཚེས་1ཉིན་བར་པེ་ཅིང་དུ་འཚོགས་ཤིང་། ཀྲའོ་ཙེ་དབྱང་གིས《ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཀྱི་ལམ་བུའི་ཐོག་མདུན་སྐྱོད་བྱེད་དགོས》ཞེས་པའི་སྙན་སྒྲོན་གནང་བ་རེད། ཚོགས་ཆེན་ཐོག་སྤྱི་ཚོགས་རིང་ལུགས་ཀྱི་ཐོག་མའི་དུས་མཚམས་ཀྱི་རིགས་པའི་གཞུང་ལུགས་བཏོན་པ་དང་འབྲེལ། གོ་རིམ་ལྡན་པའི་རྒྱས་བཤད་བྱས་པ་དང་། ཏང་གི་སྤྱི་ཚོགས་རིང་ལུགས་ཀྱི་ཐོག་མའི་དུས་མཚམས་ཀྱི་གཞི་རྩའི་ལམ་ཕྱོགས་གཏན་འབེབས་བྱས་པ། “གོམ་སྟབས་གསུམ་ལ་བརྟེན་ནས་བསྐྱོད་པའི”འཕེལ་རྒྱས་ཀྱི་འཐབ་ཇུས་དང་སྒྱུར་བཅོས་ཀྱི་ལས་འགན་ཁག་གཏན་འབེབས་བྱས་ཡོད། ཚོགས་ཆེན་ཐོག 《སྐབས་བཅུ་གཉིས་པའི་ཀྲུང་དབྱང་ཨུ་ཡོན་ལྷན་ཁང་གི་སྙན་སྒྲོན་སྐོར་གྱི་གྲོས་ཆོད》དང་། 《〈ཀྲུང་གོ་གུང་ཁྲན་ཏང་གི་སྒྲིག་ཡིག་གི་དོན་ཚན་ཁག་གཅིག་གི་དག་བཅོས་འཆར་ཟིན〉སྐོར་གྱི་གྲོས་ཆོད》 《ཀྲུང་དབྱང་བློ་འདྲི་ཨུ་ཡོན་ལྷན་ཁང་གི་ལས་དོན་སྙན་སྒྲོན་སྐོར་གྱི་གྲོས་ཆོད》 《ཀྲུང་དབྱང་སྒྲིག་ཁྲིམས་ཞིབ་བཤེར་ཨུ་ཡོན་ལྷན་ཁང་གི་ལས་དོན་སྙན་སྒྲོན་སྐོར་གྱི་གྲོས་ཆོད》བཅས་ལ་གྲོས་འཆམ་བྱུང་བ་རེད། ཚོགས་ཆེན་ཐོག ཨུ་ཡོན་175དང་རྗེས་སྣོན་ཨུ་ཡོན་110ལས་གྲུབ་པའི་ཀྲུང་དབྱང་ཨུ་ཡོན་ལྷན་ཁང་བདམས་པ་དང་། ཨུ་ཡོན་200ལས་གྲུབ་པའི་ཀྲུང་དབྱང་བློ་འདྲི་ཨུ་ཡོན་ལྷན་ཁང་དང་ཨུ་ཡོན་69ལས་གྲུབ་པའི་ཀྲུང་དབྱང་སྒྲིག་ཁྲིམས་ཞིབ་བཤེར་ཨུ་ཡོན་ལྷན་ཁང་བདམས་པ་རེད། དེ་རྗེས་འཚོགས་པའི་སྐབས་བཅུ་གསུམ་པའི་ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་ཐེངས་དང་པོའི་ཐོག་ཀྲུང་དབྱང་ཆབ་སྲིད་ཅུས་དང་དེའི་རྒྱུན་ལས་ཨུ་ཡོན་ལྷན་ཁང་བདམས་པ་དང་། ཀྲའོ་ཙེ་དབྱང་ཀྲུང་དབྱང་ཨུ་ཡོན་ལྷན་ཁང་གི་སྤྱི་ཁྱབ་ཧྲུའུ་ཅིར་བདམས་པ། ཏེང་ཞའོ་ཕིང་ཀྲུང་དབྱང་དམག་དོན་ཨུ་ཡོན་ལྷན་ཁང་གི་ཀྲུའུ་ཞིར་གཏན་འཁེལ་བྱས་པ། ཁྲེན་ཡུན་ཀྲུང་དབྱང་བློ་འདྲི་ཨུ་ཡོན་ལྷན་ཁང་གི་ཀྲུའུ་རེན་ལ་བསྐོ་གཞག་བྱས་པ་དང་ཆའོ་ཧྲི་ཀྲུང་དབྱང་སྒྲིག་ཁྲིམས་ཞིབ་བཤེར་ཨུ་ཡོན་ལྷན་ཁང་གི་ཧྲུའུ་ཅིར་བསྐོ་གཞག་བྱེད་རྒྱུར་ཆོག་མཆན་སྤྲད་པ་རེད། 

    འགན་འཁུར་རྩོམ་སྒྲིག་པ། 次旦多吉

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།