དབུ་ཤོག>ཆེད་སྒྲིག
  • ཀྲུང་གོ་གུང་ཁྲན་ཏང་གི་ཏང་གི་ལོ་རྒྱུས་ཀྱི་དྲི་བ་དྲིས་ལན།

  • ཡོང་ཁུངས།  མི་དམངས་དྲ་བ།—ཀྲུང་གོ་གུང་ཁྲན་ཏང་གསར་འགྱུར་དྲ་བ།   |     སྤེལ་དུས།  2021-05-13

    ཙུན་དབྱི་གྲོས་ཚོགས།

    1935ལོའི་ཟླ་1པོར། ཀྲུང་གུང་ཀྲུང་དབྱང་གིས་ཀུའེ་ཀྲོའུ་ཙུན་དབྱི་རུ་ཆབ་སྲིད་ཅུས་ཀྱི་རྒྱ་ཆེའི་ཚོགས་འདུ་འཚོགས་པ་རེད། ཙུན་དབྱི་གྲོས་ཚོགས་འཚོགས་པ་དེས་ཝང་མིང་གི“གཡོན”ལྷུང་ལུང་འཛིན་རིང་ལུགས་ཀྱིས་ཀྲུང་དབྱང་ལ་དབང་སྒྱུར་བྱེད་མཇུག་འགྲིལ་ཏེ། དོན་དམ་དུ་ཀྲུང་གུང་ཀྲུང་དབྱང་དང་དམར་དམག་ཁྲོད་ཀྱི་མའོ་ཙེ་ཏུང་གི་འགོ་ཁྲིད་གནས་བབ་གཏན་འཁེལ་བྱས་པ་རེད། སྐབས་དེའི་ཚོགས་འདུས་ཉེན་ཁ་ཤིན་ཏུ་ཆེ་བའི་འགག་རྩའི་དུས་སུ་ཏང་དང་། དམར་དམག ཀྲུང་གོའི་གསར་བརྗེ་བཅས་བསྐྱབས་པས། ཏང་གི་ལོ་རྒྱུས་ཐོག་འཆི་གསོན་ལ་ཐུག་པའི་ཁ་ལོ་བསྒྱུར་མཚམས་ཤིག་ཡིན་ལ། ཆབ་སྲིད་ཐད་ཀྲུང་གོ་གུང་ཁྲན་ཏང་རིམ་བཞིན་བྱང་ཆུབ་པར་འགྱུར་བ་མཚོན་ཡོད།

    འགན་འཁུར་རྩོམ་སྒྲིག་པ། 次旦多吉

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།