འདི་ནི་བགྲེས་སོང་གཡང་རྡོར་ཡིན་པ།
འདི་ནི་བགྲེས་སོང་གཡང་རྡོར(གཡོན)དང་གསོས་ཕྲུག་དང་མནའ་མ་བཅས་མཉམ་དུ་བརྒྱབ་པའི་པར་ཡིན་པ།
བགྲེས་སོང་གཡང་རྡོར་ནི་1930ལོར་སྐྱེས་པ་དང་། ད་ཆ་ལྷ་ས་གྲོང་ཁྱེར་འདམ་གཞུང་རྫོང་དབུ་མ་ཐང་ཤང་ཀོ་གཉེར་གྲོང་ཚོར་སྡོད་ཀྱི་ཡོད།
བགྲེས་སོང་གཡང་རྡོར་ཆུང་བྱིས་པའི་དུས་ནས་ཕ་གྲོངས་ཏེ་རྨོ་བོ་ལགས་ཀྱིས་གསོ་སྐྱོང་བྱས། ཁྲལ་པ་ཡིན་པའི་ཁོང་གིས་ཉིན་ལྟར་ཞིང་བྲན་བདག་པོར་ཕྱུགས་འཚོ་བ་དང་། ཀོ་བ་མཉེད་པ། རྩིད་པ་འཐག་པ་སོགས་ཀྱི་ལས་ཀ་བྱེད་དགོས་ཀྱི་ཡོད།
བགྲེས་སོང་གཡང་རྡོར་གྱིས“བོད་རྙིང་པར་མིར་ལས་དག་པ་དང་མི་དག་པ་གཉིས་སུ་དབྱེ་བ་དང་། མི་སེར་ཁྲལ་པ་ནི་ལས་མ་དག་པའི་མིར་བརྩི་ཡི་ཡོད། གང་ཡིན་ཟེར་ན། བོད་རྙིང་པར་ཁོང་ཚོ་སྐྱེས་དུས་ནས་འདྲ་མཉམ་མིན་པས་ཡིན”ཞེས་བཤད།
བགྲེས་སོང་ཁོང་གིས“ཞོགས་པ་ཕྱུགས་འཚོ་བར་འགྲོ་སྐབས་ཕྱུགས་ཀྱིས་རྩྭ་རང་འདོད་ངང་བཟའ་ཆོག་ཀྱང་ང་ཚོ་ནི་སྦྱིན་བདག་གིས་ལྟོ་སྟེར་རྒྱུ་བསྒུགས་ནས་སྡོད་རྒྱུ་ལས་མ་འདས”ཞེས་བཤད།
ད་ཆ་བགྲེས་སོང་གཡང་རྡོར་ལ་ཕྲུ་གུ་དང་ཚ་བོ་མང་པོ་ཡོད་ལ། བོད་བྱང་ཐང་དུ་བོད་བཟོའི་ཐོག་བརྩེགས་ཁང་པ་དགུན་དྲོ་ཞིང་དབྱར་བསིལ་བ་ཞིག་བརྒྱབ་ནས་འཚོ་བ་བདེ་སྐྱིད་ལྡན་པའི་ངང་སྐྱེལ་བཞིན་ཡོད།